ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་ཅིན་ཀྲིན་ཨིན་ལ་ཡང་བསྐྱར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2018091210071578G3.jpg

ཟླ9བའི་ཚེས10ཉིན། ཁྲའོ་ཞན་ལ་འཚམས་འདྲི་བྱེད་བཞིན་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་ལ་ཡང་བསྐྱར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས10ཉིན། ཁྲའོ་ཞན་ལ་འཚམས་འདྲི་བྱེད་བཞིན་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་ལ་ཡང་བསྐྱར་མཇལ་འཕྲད་གནང་།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཨུ་ཡོན་ཀྲང་རྣམ་གཉིས་ཀྱིས་དངོས་སུ་འགོ་ཁྲིད་བྱས་འོག རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་བཞིན་པའི་ཀྲུང་གོ་དང་ཁྲའོ་ཞན་བར་གྱི་མཛའ་བཤེས་ལ་གསོན་ཤུགས་གསར་བ་རྒྱས་པ་དང་ལོ་རྒྱུས་ཀྱི་དུས་རིམ་གསར་བར་ཞུགས། ང་ཚོས་ཁྲའོ་ཞན་གྱི་བློ་མཐུན་རྣམས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་པ་དང་། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་སྔར་ལས་གོང་འཕེལ་དུ་འགྲོ་བར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཅིན་ཀྲིན་ཨིན་གྱིས་བཤད་རྒྱུར། ཁྲའོ་ཞན་རྒྱལ་ཁབ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྱེད་རང་དམིགས་བསལ་འཐུས་མི་ཡིན་པའི་ཆ་ནས་ཀྲུང་གོའི་ཏང་སྲིད་འཐུས་ཚབ་ཚོགས་པ་ཁྲིད་དེ་ཀྲུང་གོར་མངགས་པ་དེ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་གོ་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱིས་ང་རང་ཉིད་དང་ཁྲའོ་ཞན་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱི་བར་དུ་མཛའ་བཤེས་ཟབ་མོ་བཅངས་ཡོད་པ་མཚོན་ཡོད། ང་ཚོས་ཐེངས་འདིའི་འཚམས་འདྲི་གོ་སྐབས་སུ་བཟུང་སྟེ་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་ས་གནས་ཀྱི་ཞི་བདེ་དང་དར་རྒྱས་ཐད་ལ་བྱས་རྗེས་འཇོག་འདོད་ཡོད་ཟེར།

མཇལ་འཕྲད་གནང་རྗེས་ལིས་ཀྲན་ཧྲུའུ་དང་ཅིན་ཀྲིན་ཨིན་སོགས་ཀྱིས་ཀྲུང་གོ་དང་ཁྲའོ་ཞན་བར་གྱི་མཛའ་བཤེས་ལ་ཇི་སྲིད་བར་དུ་འགྱུར་བ་མེད་ཅེས་པའི་རིག་རྩལ་འཁྲབ་སྟོན་ལ་གཟིགས། འཁྲབ་སྟོན་མཇུག་རྫོགས་རྗེས། ལིས་ཀྲན་ཧྲུའུ་དང་ཅིན་ཀྲིན་ཨིན་རྣམ་གཉིས་མཉམ་དུ་ཀྲུང་གོའི་ཏང་སྲིད་འཐུས་ཚབ་ཚོགས་པར་ཆེད་དུ་བསྡུས་པའི་སྣེ་ལེན་ཚོགས་འདུར་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།