ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འགྲེམ་སྟོན་ཚོགས་འདུ་སྐབས་བཅོ་ལྔ་བར་ཞུགས་པའི་རྒྱལ་ཁབ་སོ་སོའི་འགོ་ཁྲིད་པར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཚེས་བཅུ་གཅིག་ཉིན། ཀོང་ཞི་ནན་ཉིན་ནས་སོ་སོར་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འགྲེམ་སྟོན་ཚོགས་འདུ་སྐབས་བཅོ་ལྔ་བ་དང་། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དང་དངུལ་གཏོང་མཐོ་རིམ་གླེང་སྟེགས་ལ་ཞུགས་པའི་ཁམ་ཕུ་ཀྲེ་ཡི་དབུ་བཞུགས་བློན་ཆེན་ཧུང་སུན་དང་འབར་མ་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པ་མེན་རོས་གཉིས་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་ཧུང་སུན་ལ་མཇལ་འཕྲད་གནང་སྐབས། ཁམ་ཕུ་ཀྲེ་རྒྱལ་ཁབ་ནི་ད་ལོའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་འགྲེམ་སྟོན་ཚོགས་འདུའི་བརྗོད་གཞི་རྒྱལ་ཁབ་ཏུ་གྱུར་བར་རྟེན་འབྲེལ་ཞུས་ཏེ། དབུ་བཞུགས་བློན་ཆེན་ཧུང་སུན་སྐུ་དངོས་ཀྱིས་ཐེངས་བཅུ་གཅིག་ལ་ཚན་ཁག་གི་སྣེ་ཁྲིད་དེ་ཚོགས་འདུར་ཞུགས་པ་ལ་བཀའ་དྲིན་ཞུས། ཧན་ཀྲིན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ཏེ་ལོ་འཁོར་དྲུག་ཅུ་འགོར་བའི་རིང་གི་གོ་སྐབས་བཟང་བོ་འདི་དམ་འཛིན་བྱས་ཏེ། མཐོ་རིམ་འགྲོ་འོང་སྔར་ལས་ཇེ་དམ་དུ་གཏོང་བ་དང་མགྱོགས་མྱུར་ངང་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱས་ནས། མཉམ་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་དགོས་པར་མ་ཟད། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཀྱི་རྒྱ་ཆེ་རུ་བསྐྱེད་དེ། སྔར་ལས་ལྷག་པའི་སྒོ་ནས་མཛའ་བརྩེ་ཇེ་དམ་དུ་བཏང་མཐར། མཉམ་དུ་རྒྱལ་ཁབ་གཉིས་ལ་འཐབ་ཇུས་ཀྱི་ངོས་ནས་དོན་སྙིང་ལྡན་པའི་ལས་སྐལ་གཅིག་འབྲེལ་གྱི་ཐུན་མོང་ཚོགས་པ་བསྐྲུན་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྟོབས་འབྱོར་མངའ་ཐང་བསྐྲུན་དགོས་ཟེར། 

ཧན་ཀྲིན་གྱིས་མེན་རོས་ལ་མཇལ་འཕྲད་གནང་སྐབས་བསྟན་དོན། ཀྲུང་གོ་དང་འབར་མ་རྒྱལ་ཁབ་གཉིས་ནི་ཕན་ཚུན་འབྲེལ་བའི་ཁྱིམ་མཚེས་བཟང་བོ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེངས་དུ་མར་འབར་མ་རྒྱལ་ཁབ་ཀྱི་འགོ་ཁྲིད་ལ་མཇལ་འཕྲད་གནང་ནས། ཕན་ཚུན་བར་ཐུན་མོང་གི་ལྟ་ཚུལ་ལེགས་པོ་གྲུབ་ཡོད་ཅིང་། དེས་དུས་རབས་གསར་བའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་བར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཀྲུང་གོ་ཕྱོགས་ཀྱིས་འབར་མ་རྒྱལ་ཁབ་ཀྱི་ཞི་བདེ་འཕེལ་རྒྱས་ལས་དོན་ལ་སྐུལ་འདེད་བཏང་ནས། མུ་མཐུད་དུ་འཛུགས་སྐྲུན་རང་བཞིན་གྱི་བྱེད་ནུས་འདོན་པར་འབད་འབུངས་བྱེད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།