ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་ཁྲའོ་ཞན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་ཚེས་བདུན་ཉིན་གྱི་དགོང་མོར་པེ་ཅིན་ནས་རྒྱལ་ཡོངས་ཀྱི་ཕྱི་ཕྱོགས་མཛའ་འབྲེལ་མཐུན་ཚོགས་དང་ཀྲུང་གོ་དང་ཁྲའོ་ཞན་མཛའ་འབྲེལ་མཐུན་ཚོགས་ཀྱིས་བསྡུས་པའི་ཁྲའོ་ཞན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུར་ཞུགས།

ཝང་ཆི་ཧྲན་གྱིས་ཁྲའོ་ཞན་གྱིས་ལོ་བདུན་ཅུའི་རིང་ལ་སྤྱི་ཚོགས་རིང་ལུགས་གསར་བརྗེ་དང་ལས་དོན་འཛུགས་སྐྲུན་ཁྲོད་དུ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་པར་རྟེན་འབྲེལ་ཞུས། ཁོང་གིས་གསུངས་རྒྱུར། ཀྲུང་གོ་དང་ཁྲའོ་ཞན་ནི་རི་ཆུ་སྦྲེལ་བའི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན ད་ལོའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཨུ་ཡོན་ཀྲང་ཅིན་ཀྲིན་ཨུན་རྣམ་གཉིས་ཀྱིས་ལོ་རྒྱུས་རང་བཞིན་གྱི་ཐུག་འཕྲད་ཐེངས་གསུམ་ལ་བྱས་ཏེ་ཀྲུང་གོ་དང་ཁྲའོ་ཞན་འབྲེལ་བའི་ཡུན་རིང་གི་འཕེལ་རྒྱས་ལ་ཁ་ཕྱོགས་འདོན་སྤྲོད་བྱས། རྒྱལ་སྤྱི་དང་ས་གནས་ཀྱི་གནས་བབ་ལ་འགྱུར་ལྡོག་ག་འདྲ་བྱུང་རུང་ཀྲུང་གོ་གུང་ཁྲན་ཏང་དང་སྲིད་གཞུང་གིས་ཀྲུང་གོ་དང་ཁྲའོ་ཞན་འབྲེལ་བ་སྔར་ལས་སྲ་བརྟན་དུ་གཏོང་བའི་ལངས་ཕྱོགས་ལ་ནམ་ཡང་འགྱུར་བ་མེད་པ་དང་། ཀྲུང་གོ་མི་དམངས་ཀྱིས་ཁྲའོ་ཞན་མི་དམངས་བར་དུ་བཅངས་པའི་མཛའ་བཤེས་ལ་ནམ་ཡང་འགྱུར་བ་མེད་ལ། ཀྲུང་གོས་སྤྱི་ཚོགས་རིང་ལུགས་ཁྲའོ་ཞན་ལ་རྒྱབ་སྐྱོར་བྱེད་པར་ནམ་ཡང་འགྱུར་བ་མེད། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཀྲུང་གོར་སྡོད་པའི་ཁྲའོ་ཞན་གྱི་གཞུང་ཚབ་ཆེན་མོ་ཁྲི་ཙེ་ལུང་གིས་བཤད་རྒྱུར། ཁྲའོ་ཞན་དང་ཀྲུང་གོ་བར་གྱི་མཛའ་མཐུན་ནི་རྒྱལ་ཁབ་གཉིས་ཀྱི་རྒན་རབས་འགོ་ཁྲིད་པས་དངོས་སུ་གསར་སྐྲུན་བྱས་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན། ཁྲའོ་ཞན་ཕྱོགས་ཀྱིས་ཀྲུང་གོའི་བློ་མཐུན་རྣམས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་ལྟར་ཁྲའོ་ཞན་དང་ཀྲུང་གོའི་མཛའ་མཐུན་ལས་དོན་སྔར་ལས་གོང་འཕེལ་དུ་གཏོང་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།