ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་རྒྱལ་ཡོངས་རྒྱལ་ཁོངས་ཞིབ་བཤེར་ཐེངས་གསུམ་པའི་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20180908105518DhAV.jpg

ཟླ་དགུ་པའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་རྒྱལ་ཁོངས་ཞིབ་བཤེར་ཐེངས་གསུམ་པའི་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཡོངས་རྒྱལ་ཁོངས་ཞིབ་བཤེར་ཐེངས་གསུམ་པའི་འགོ་ཁྲིད་ཚུན་ཆུང་གི་ཚན་གཙོ་ཧན་ཀྲིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་རྒྱལ་ཁོངས་ཞིབ་བཤེར་ཐེངས་གསུམ་པའི་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཚེས་དྲུག་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཡོངས་རྒྱལ་ཁོངས་ཞིབ་བཤེར་ཐེངས་གསུམ་པའི་འགོ་ཁྲིད་ཚུན་ཆུང་གི་ཚན་གཙོ་ཧན་ཀྲིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།

ཧན་ཀྲིན་གྱིས་བསྟན་དོན། རྒྱལ་ཡོངས་རྒྱལ་ཁོངས་ཞིབ་བཤེར་ཐེངས་གསུམ་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བ་ཞུགས་རྗེས་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་རྒྱལ་ཤུགས་ཐད་ཀྱི་ཞིབ་བཤེར་གལ་ཆེན་ཐེངས་ཤིག་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་བརྡ་སྦྱོར་གྱི་རེ་བ་ལྟར། གཅིག་གྱུར་བཀོར་སྒྲིག་དང་ལག་བསྟར་ཞིབ་མོ་བྱེད་པ་དང་། བྱེད་ཐབས་གསར་གཏོད་དང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། རང་རྒྱལ་གྱི་རང་བྱུང་ཐོན་ཁུངས་ཀྱི་རྨང་གཞིའི་ཁྱིམ་གཞིས་མཐིལ་རྟོགས་བྱས་ཏེ། བདེན་པ་དང་ཡང་དག་པ། བློ་གཏད་ཆོག་པའི་རྨང་གཞིའི་གཞི་གྲངས་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱེད་དགོས་ཟེར།

ཧན་ཀྲིན་གྱིས་རྨོ་ཞིང་དང་ཡུན་རིང་གི་ཞིང་སའི་གནས་བབ། མཁར་གྲོང་གི་རིགས་མི་འདྲ་བའི་ཞིང་སྤྱོད་གནས་བབ། རིགས་མི་འདྲ་བའི་ས་ཞིང་བདག་དབང་དང་བཀོལ་སྤྱོད་དབང་ཆའི་གནས་བབ་ལ་ཞིབ་བཤེར་གསལ་བོ་བྱེད་དགོས། རང་བྱུང་ཐོན་ཁུངས་ལ་གཅིག་གྱུར་ཞིབ་བཤེར་བྱེད་པ་དང་། ཞིབ་བཤེར་རིགས་སྣ་དང་ཞིབ་བཤེར་ཚད་གཞི་ལ་གཅིག་གྱུར་བྱེད་པ། རིགས་མི་འདྲ་བའི་རང་བྱུང་ཐོན་ཁུངས་ཀྱི་རྒྱལ་ཁོངས་བར་སྟོང་ནང་གི་ཆུ་ཚད་དང་ཁྱབ་ཚུལ་ལ་ཁྱོན་ཡོངས་ནས་ཞིབ་བཤེར་གསལ་བོ་བྱས་ཏེ། སྟེགས་བུ་ཞིག་དང་གཞི་གྲངས་ཤིག་གི་ཞིབ་བཤེར་གྲུབ་འབྲས་གྲུབ་པར་བྱེད་དགོས། རྒྱལ་ཁོངས་གཞི་གྲངས་མཛོད་དང་དོ་དམ་མ་ལག་འཐུས་ཚང་དུ་བཏང་སྟེ། ཞིབ་བཤེར་གྲུབ་འབྲས་དེ་འབྲེལ་ཡོད་སྡེ་ཁག་གི་དོ་དམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཁྱབ་ཁོངས་སོ་སོའི་ཁྲོད་བཀོལ་སྤྱོད་བྱེད་དགོས་པའི་རེ་བ་བཏོན།

0

རྩོམ་སྒྲིག་པ། : ཀླུ་མོ་མཚོ།