ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་ཐིག་དམར་ཀུའི་ནེ་ཡའི་ཙུང་ཐུང་ཨོ་པུས་ཨང་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ9བའི་ཚེས2ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཐིག་དམར་ཀུའི་ནེ་ཡའི་ཙུང་ཐུང་ཨོ་པུས་ཨང་ལ་མཇལ་འཕྲད་གནང་།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཐིག་དམར་ཀུའི་ནེ་ཡ་ཕྱོགས་ཀྱིས་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་འཚོལ་ཞིབ་བྱས་པ་དང་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོབ་བྱེད་པར་འབད་བརྩོན་བྱས་པར་རྒྱབ་སྐྱོར་བྱེད་པར་མ་ཟད། ཐིག་དམར་ཀུའི་ནེ་ཡ་ཕྱོགས་དང་མཉམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་རྣམ་གཉིས་ཀྱིས་འཆར་འགོད་བྱས་པའི་ཇུས་གཞི་ལྟར། མཐོ་རིམ་གྲོས་ཚོགས་ཀྱི་གྲུབ་འབྲས་ནན་ཏན་སྒོས་དངོས་འབེབས་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བའི་ཐད་ནས་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཨོ་པུས་ཨང་གིས་བཤད་རྒྱུར། ཀྲུང་གོ་ནི་ཐིག་དམར་ཀུའི་ནེ་ཡ་དང་ཨ་ཧྥེ་རི་ཁའི་ཡིད་རྟོན་རུང་བའི་གྲོགས་པོ་བཟང་བོ་ཡིན་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་མཐོ་རིམ་གྲོས་ཚོགས་དེ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་ལས་སྐལ་གཅིག་པའི་ཚོགས་པ་འཛུགས་སྐྲུན་བྱེད་པའི་ཐབས་ལམ་གཙོ་བོར་འགྱུར་བར་སྐུལ་འདེད་གཏོང་ངེས་ཡིན་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།