ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་འགོ་མཛིན་མཛད་དེ་རྒྱལ་ཡོངས་སྲིད་གྲོས་ཀྱི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་བརྒྱད་པ་ཟླ་བརྒྱད་པའི་ཚེས་བཅུ་བདུན་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་འགོ་མཛིན་མཛད་པར་མ་ཟད་གསུང་བཤད་གནང་། 

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་བརྒྱད་པ་ཟླ་བརྒྱད་པའི་ཚེས་བཅུ་བདུན་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་འགོ་མཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཁོས་ནན་གྱིས་བསྟན་དོན། ཞིང་ལས་ལ་མཁས་པ་དང་ཞིང་སྡེ་ལ་དགའ་བ། ཞིང་བར་དགའ་བའི་ཞིང་གསུམ་བྱ་བའི་རུ་ཁག་ཅིག་སྐྱེད་སྲིང་བྱེད་རྒྱུ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་བཏོན་པའི་ཇུས་ཆོད་བཀོད་སྒྲིག་ཆེན་པོབདང་། ཞིང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པའི་འདེགས་སྐྱོར་གལ་ཆེན་ཡིན་པས། ཏང་གིས་ཞིང་སྡེའི་བྱ་བར་དོ་དམ་བྱེད་པའི་ལམ་ལུགས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་། གནད་དོན་ཁ་ཕྱོགས་སུ་བྱས་ནས་ཡུན་ནས་ཡུན་དུ་བྱས་རྗེས་འཇོག་པའི་སེམས་པ་བཟུང་ནས་བྱ་བ་བསྒྲུབ་པ། ཞིང་ལས་ལ་མཁས་པ་དང་ཞིང་སྡེ་ལ་དགའ་བ། ཞིང་བར་དགའ་བའི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱས་ནས། བྱ་བའི་དཔུང་སྡེ་སྟོབས་ལྡན་དུ་བསྒྱུར་དགོས། སྲིད་གྲོས་ཨུ་ཡོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གཏིང་ཟབ་བྱེད་པ། འགན་འཁྲི་འདུ་ཤེས་མཐོན་པོས་རྒྱུན་མཐུད་ངང་ཞིང་གསུམ་ཁྱབ་ཁོངས་ཀྱི་གནད་དོན་གལ་ཆེན་ལ་དོ་སྣང་དང་ཞིབ་འཇུག་བྱས་ཏེ། ཞིང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པའི་ཐད་བློ་རིག་དང་སྟོབས་ཤུགས་འབུལ་དགོས་ཟེར།

ཨུ་ཡོན་ཁ་ཤས་ཀྱིས་རང་རྒྱལ་གྱི་ཆབ་སྲིད་ཀྱི་དགེ་མཚན་དང་ལམ་ལུགས་ཀྱི་དགེ་མཚན་སྔར་ལས་འདོན་སྤེལ་བྱེད་པ་དང་། ཞིང་སྡེ་བྱ་བའི་འགོ་ཁྲིད་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། སྡེ་ཁག་བར་གྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས། མཉམ་ཤུགས་སྤྱད་དེ་ཞིང་སྡེའི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་དར་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་དང་ཞང་གྲོང་ཁ་བྲལ་གྱི་སྒྲིག་གཞིའི་བཀག་རྒྱ་གཏོར་བ་དང་། སྒྲིག་སྲོལ་འཛུགས་པ་དང་སྟེགས་བུ་སྐྲུན་པ།  གཟིགས་སྐྱོང་ཇེ་དྲག་ཏུ་གཏོང་བ། མཚན་སྙན་གནང་བ་བརྒྱུད་དེ། སློབ་གྲྭ་ཆེན་པོ་དང་དམག་ཞབས་ནས་བུད་པའི་དམག་མི་ཕྱིར་ཕ་ཡུལ་དུ་ལོག་ནས་ལས་སྐྲུན་བྱེད་པར་སྐུལ་སློང་གཏོང་བ་དང་། གཞུང་ཞབས་པ་ཕྱིར་ཕ་ཡུལ་དུ་ལོག་ནས་ལས་འགན་ཁུར་བར་སྐུལ་སློང་བཏང་སྟེ། ཤེས་ལྡན་མི་སྣ་ཞིང་སྡེ་ནས་གྲོང་ཁྱེར་དུ་འགྲོ་བའི་གནས་ཚུལ་བསྒྱུར་དགོས། ཞིང་གསུམ་བྱ་བའི་རུ་ཁག་གི་སློབ་གསོ་གསོ་སྦྱོང་འཆར་གཞི་བཟོས་ནས།  གཞི་རིམ་གྱི་ལས་བྱེད་པའི་བྱང་ཚད་མཐོར་འདེགས་གཏོང་བ་དང་། རིགས་གསར་བའི་ལས་རིགས་ཞིང་བ་སྐྱེད་སྲིང་བྱེད་དགོས། བཟོ་ལས་དང་ཞིང་ལས། གྲོང་ཁྱེར་དང་ཞིང་སྡེ་གཞི་གཅིག་ཏུ་བརྩིས་ནས་གཅིག་གྱུར་འཆར་འགོད་བྱེད་པ་དང་། རྩ་བའི་སྟེང་ནས་ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་ནུས་པ་ཇེ་དྲག་ཏུ་བཏང་སྟེ། ཞིང་ལས་མདུན་ལམ་ཡོད་པའི་ཐོན་ལས་སུ་འགྱུར་བར་བྱེད་པ་དང་། ཞིང་བ་འགུག་ཤུགས་ཡོད་པའི་ལས་རིགས་སུ་འགྱུར་བར་བྱེད་པ། ཞིང་སྡེ་མི་སྡོད་ལས་བརྩོན་གྱི་མཛེས་སྡུག་གི་ཁྱིམ་གཞི་རུ་འགྱུར་བར་བྱེད་དགོས་ཟེར།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དབྱང་ཁྲོན་ཐང་གིས་བརྗོད་དོན་གཏམ་བཤད་སྤེལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲིན་ཅན་པང་གིས་ཚོགས་ཐོག་ནས་གཏམ་བཤད། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་འགན་ཁུར་མི་སྣས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས། ཀྲུང་དབྱང་ཞིང་སྡེ་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་ཞིང་ལས་ཞིང་སྡེ་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚགས་འགན་སྲུང་པུའུ་བཅས་ཀྱི་འགན་ཁུར་མི་སྣས་བསམ་ཚུལ་བརྗེ་རེས་སྤེལ། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།