ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་འགོ་འཛིན་མཛད་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་བཅུ་གཅིག་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་བཅུ་གཅིག་པ་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ནས་བསྡུས། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད། གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་ཟླ་བརྒྱད་པའི་ཚེས་ཉེར་བདུན་ཉིན་ནས་ཚེས་སོ་གཅིག་ཉིན་བར་པེ་ཅིན་ནས་བསྡུ་རྒྱུ་ཐག་བཅད། 

ཨུ་ཡོན་ཀྲང་རྣམས་ཀྱིས་གྲོས་འགོ་བཏོན་དོན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བས་གློག་རྡུལ་ཚོང་དོན་གྱི་བཅའ་ཁྲིམས་འཆར་ཟིན་དང་། ས་གཤིས་འབག་བཙོག་སྔོན་འགོག་བཅོས་སྐྱོང་གི་བཅའ་ཁྲིམས་འཆར་ཟིན། མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་བསྐྱར་བཅོས་འཆར་ཟིན། ཉེས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱི་དག་བཅོས་འཆར་ཟིན་བཅས་ལ་གྲོས་ཞིབ་བྱེད་དགོས་པར་མ་ཟད། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་དམངས་དོན་ཁྲིམས་གཞུང་གི་རིགས་དབྱེའི་བཅོས་སྒྲིག་འཆར་ཟིན་སྐོར་གྱི་གྲོས་གཞི་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུར་གྲོས་ཞིབ་བྱས། དེ་མིན་ད་དུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྨོ་ཞིང་གཞན་སྤྱོད་དཔྱ་ཁྲལ་བཅའ་ཁྲིམས་འཆར་ཟིན་སྐོར་གྱི་གྲོས་གཞི་དང་། རླངས་འཁོར་ཉོ་ཚོང་དཔྱ་ཁྲལ་བཅའ་ཁྲིམས་འཆར་ཟིན་སྐོར་གྱི་གྲོས་གཞི་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུར་གྲོས་ཞིབ་བྱེད་དགོས་པའི་གྲོས་འགོ་བཏོན། 

ཨུ་ཡོན་ཀྲང་རྣམས་ཀྱིས་གྲོས་འགོ་བཏོན་པའི་གྲོས་རིམ་གཙོ་བོ་ལ་ད་དུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་པ་པ་ཏོ་ཟིའི་ཁྲིད་སྐྱེལ་ཆིངས་ཡིག་སྐོར་གྱི་གྲོས་གཞི་ལ་གྲོས་ཞིབ་དང་ཆོག་མཆན་འགོད་པར་སྤྲོད་རྒྱུར་གྲོས་ཞིབ་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ད་ལོའི་ཚུན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་། ད་ལོའི་ཚུན་གྱི་སྔོན་རྩིས་ལག་བསྟར་གནས་ཚུལ་སྐོར་གྱི་སྙན་ཞུ། མཁར་གྲོང་གི་འོས་འགན་སློབ་གསོ་གཞི་གཅིག་ཅན་དུ་འཕེལ་བར་སྐུལ་འདེད་བཏང་ནས། ཞིང་སྡེའི་འོས་འགན་སློབ་གསོའི་ཆུ་ཚད་ཇེ་མཐོར་གཏོང་དགོས་པའི་སྐོར་གྱི་གནས་ཚུལ་སྙན་ཞུ་བཅས་ལ གྲོས་ཞིབ་བྱེད་པར་སྤྲོད་རྒྱུར་གྲོས་ཞིབ་བྱས། དེ་མིན་ད་དུང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚན་ཁག་གིས་རིམས་ནད་འགོག་བཅོས་བཅའ་ཁྲིམས་ལག་བསྟར་བྱས་པའི་སྐོར་གྱི་གནས་ཚུལ་སྙན་ཞུར་གྲོས་ཞིབ་བྱས་ལ། ས་ཁུལ་ཁ་ཤས་དང་པེ་ཅིན་དུ་ཡོད་པའི་ཀྲུང་དབྱང་ལས་ཁུངས་ཀྱིས་གནས་སྐབས་སུ་གཞུང་ཞབས་པའི་བཅའ་ཁྲིམས་ལ་སྙོམ་སྒྲིག་བཀོལ་སྤྱོད་བྱས་པའི་འབྲེལ་ཡོད་གཏན་འབེབས་གནས་ཚུལ་སྐོར་གྱི་དུས་དཀྱིལ་སྙན་ཞུར་གྲོས་ཞིབ་བྱས། དེ་ལས་གཞན་ད་དུང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་འདྲི་དཔྱོད་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་འགའི་ཐོབ་ཐང་སྙན་ཞུར་གྲོས་ཞིབ་བྱས་པར་མ་ཟད། ད་དུང་བསྐོ་འཐེན་གྲོས་གཞིར་གྲོས་ཞིབ་བྱས། 

ཨུ་ཡོན་ཀྲང་གྲོས་ཚོགས་སྟེང་དུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་དབྱང་ཀྲུན་ཝུའུ་ཡིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བའི་གྲོས་རིམ་འཆར་ཟིན་དང་ཉིན་རིམ་བཀོད་སྒྲིག་བསམ་འཆར་སྐོར་ནས་སྙན་ཞུ་ཕུལ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་འབྲེལ་བ་ཡོད་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བའི་འབྲེལ་ཡོད་གྲོས་གཞིའི་སྐོར་ནས་སྙན་ཞུ་ཕུལ།    །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།