ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག རིག་གནས་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་པར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན། ཏེའོ་དབྱི་ཐའེ་ནས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་ཚན་རིག རིག་གནས་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་པ་ཨ་ཙུའུ་ལའེ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་སྤྱིའི་ལས་འཛིན་པ་ཨ་ཙུའུ་ལའེ་ཐོག་དང་པོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔའི་འཛམ་གླིང་ནི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་མདུན་ལམ་དང་སྔར་ལས་ཇེ་དམ་ནས་ཇེ་དམ་གྱི་ཕྱོགས་སུ་འཕེལ་བཞིན་ཡོད། མིའི་རིགས་ཀྱི་དཔལ་ཡོན་ནི་སྣ་མང་མཉམ་འདྲེས་ཀྱི་རྣམ་པར་གནས་ཡོད། དུས་རབས་གསར་བར་ཞུགས་པའི་ཀྲུང་གོས་ཕྱོགས་གཅིག་ནས་རིག་གནས་ཡིད་རྟོན་རྒྱུན་འཁྱོངས་བྱས་ཏེ། ཤུགས་ཆེན་པོས་སློབ་གསོ་དང་ཚན་རིག རིག་གནས་བཅས་འཕེལ་རྒྱས་སུ་བཏང་ནས། དཔལ་ཡོན་གྱི་སྤུས་ཚད་ཇེ་མཐོར་འགྲོ་བཞིན་ཡོད་ཅིང་། ཕྱོགས་གཞན་ཞིག་ནས་འཛམ་གླིང་གཞི་གཅིག་ཅན་དང་མཉམ་གནས་མཉམ་གསོན་གྱི་སྲོལ་རྒྱུན་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཁག་སོ་སོའི་རིག་གནས་ལ་ཕན་ཚུན་བརྩི་བཀུར་དང་དམངས་སེམས་གཅིག་སྦྲེལ་ལ་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་འཛམ་གླིང་དཔལ་ཡོན་གླེང་མོལ་ལ་སྐུལ་འདེད་གཏོང་བ་དང་། མིའི་རིགས་འཕེལ་རྒྱས་འགྲོ་བར་བྱས་རྗེས་ཆེན་པོ་འཇོག་རྒྱུ་ཡིན་ཟེར།

ཨ་ཙུའུ་རོང་ལའེ་ཡིས་བསྟན་དོན། མིག་སྔའི་འཛམ་གླིང་ནི་ཁེར་རྐྱང་རིང་ལུགས་དང་ཕྱོགས་གཅིག་རིང་ལུགས་དར་བཞིན་པའི་གནས་བབ་ན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྒོ་འབྱེད་དཀྱེལ་ཡངས་ཀྱི་རྣམ་པས། ཕྱོགས་མང་རིང་ལུགས་དང་གླེང་མོལ་བརྗེ་རེས་རྒྱུན་འཁྱོངས་བྱེད་འོས་ལ། དེ་ནི་འཛམ་གླིང་ཡོངས་བཅོས་སྐྱོང་བྱེད་པའི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག རིག་གནས་རྩ་འཛུགས་ཀྱིས་ཀྲུང་གོའི་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་ལ་བཀའ་དྲིན་ཞུ་བཞིན་ཡོད་ཅིང་། ཕྱོགས་གཉིས་ཀའི་མཉམ་ལས་ལ་གདེང་འཇོག་ཚད་མཐོན་པོ་གནང་གིན་ཡོད་པ་ལས་གཞན། ཀྲུང་གོས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་གནང་གིན་པར་བསྟོད་བསྔགས་བྱེད་ཀྱིན་ཡོད་ཟེར། 
དབྱང་ཅེ་ཁྲི་དང་ཝང་ཡུས་གཉིས་གོང་གསལ་མཇལ་འཕྲད་ལ་ཞུགས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།