ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་དབང་དངུལ་རྩའི་མ་རྩའི་དོ་དམ་འཐུས་ཚང་དུ་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་དབང་དངུལ་རྩའི་མ་རྩའི་དོ་དམ་འཐུས་ཚང་དུ་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར་ཁྱབ་སྒྲོག་བྱས།

བསམ་འཆར་ལས་རྒྱལ་དབང་དངུལ་རྩའི་མ་རྩའི་དོ་དམ་འཐུས་ཚང་དུ་གཏོང་བའི་སྤྱིའི་རེ་བ་དང་གཞི་རྩའི་རྩ་དོན། དམིགས་འབེན་གཙོ་བོ་བཅས་བཏོན། དམིགས་འབེན་གཙོ་བོ་ནི་རྒྱལ་ཡོངས་ཀྱི་དངུལ་རྩའི་མ་རྩའི་དོ་དམ་གྱི་ཀ་བཞི་གདུང་བརྒྱད་འཛུགས་པ་དང་ཆ་ཚང་དུ་བཏང་སྟེ་རྒྱལ་དབང་དངུལ་རྩའི་མ་རྩའི་འཐབ་ཇུས་བཀོད་སྒྲིག་ལེགས་སྒྱུར་བྱེད་པ་དང་རྒྱལ་དབང་དངུལ་རྩའི་མ་རྩའི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ལ། རྒྱལ་དབང་དངུལ་རྩའི་སྒྲིག་གཞིའི་གསོན་ཤུགས་དང་ཚོད་འཛིན་ནུས་ཤུགས་ཇེ་ཆེར་གཏོང་བ་དང་རྒྱལ་དབང་དངུལ་རྩའི་མ་རྩའི་འཕར་རིན་སྲུང་འཛིན་བྱེད་པར་སྐུལ་འདེད་བཏང་ནས། དངོས་ཕུང་དཔལ་འབྱོར་ལ་ཞབས་ཕྱི་སྒྲུབ་པ་དང་དངུལ་རྩའི་ཉེན་ཁ་འགོག་སྲུང་བྱེད་པ། དངུལ་རྩའི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་གཞི་རྩའི་ལས་འགན་ཆེན་པོ་གསུམ་མངོན་འགྱུར་བཟང་བོ་བྱེད་རྒྱུ་དེ་ཡིན་ཞེས་བསྟན་ཡོད།

བསམ་འཆར་ལས་ད་དུང་རྒྱལ་དབང་དངུལ་རྩའི་མ་རྩའི་དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་རྒྱལ་དབང་དངུལ་རྩའི་མ་རྩའི་དོ་དམ་ལམ་ལུགས་ལེགས་སྒྱུར་བྱེད་པ། རྒྱལ་དབང་དངུལ་རྩའི་སྒྲིག་གཞིས་རྒྱུན་མཐུད་སྒོས་བདག་གཉེར་བྱེད་པར་སྐུལ་འདེད་གཏོང་བ། ཏང་གིས་རྒྱལ་དབང་དངུལ་རྩའི་སྒྲིག་གཞིའི་འགོ་ཁྲིད་ལ་ཤུགས་སྣོན་པ། མཐུན་སྦྱོར་སྒོས་དངོས་འབེབས་བྱ་བ་དམ་འཛིན་བྱེད་པ་སོགས་ཕྱོགས་ཀྱི་བྱ་བའི་ཐད་ལ་རེ་བ་བཏོན།   །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།