ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་སོ་ཧྥེ་ཡའི་ཙུང་ཐུང་བཞུགས་ཤག་ནས་པོ་ཅ་ལི་ཡའི་ཙུང་ཐུང་ལཱ་ཏི་ཧྥུའུ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

c83c9b120bf638894e8445ef17766840.jpg

ཟླ་བདུན་པའི་ཚེས་དྲུག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སོ་ཧྥེ་ཡའི་ཙུང་ཐུང་བཞུགས་ཤག་ནས་པོ་ཅ་ལི་ཡའི་ཙུང་ཐུང་ལཱ་ཏི་ཧྥུའུ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་དྲུག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སོ་ཧྥེ་ཡའི་ཙུང་ཐུང་བཞུགས་ཤག་ནས་པོ་ཅ་ལི་ཡའི་ཙུང་ཐུང་ལཱ་ཏི་ཧྥུའུ་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་པོ་ཅ་ལི་ཡའི་སྲོལ་རྒྱུན་མཛའ་བཤེས་ཆུ་བོའི་རྒྱུན་བཞིན་རིང་། དེང་སྐབས་ཀྲུང་གོ་དང་པོ་ཅ་ལི་ཕྱོགས་གཉིས་ཀྱིས་རིམ་པ་སོ་སོའི་འབྲེལ་འདྲིས་དང་འགྲོ་འོང་ཇེ་མང་དུ་བཏང་བ་དང་དཔལ་འབྱོར་ཉོ་ཚོང་དང་ཞིང་ལས་སོགས་ཁྱབ་ཁོངས་གཙོ་བོའི་མཉམ་ལས་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་བཞིན་ཡོད་པར་མ་ཟད། མི་གཞུང་བརྗེ་རེས་ཇེ་མང་དུ་སོང་བས། རྒྱལ་ཁབ་བར་གྱི་འབྲེལ་བའི་དཔེ་སྟོན་དུ་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འགོ་ཁྲིད་པའི་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་གཉིས་ཕན་མཉམ་རྒྱལ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་རྩ་དོན་རྒྱུན་འཁྱོངས་བྱས་ནས་རྒྱུན་མཐུད་སྒོས་དངོས་གཉེར་མཉམ་ལས་རྒྱ་སྐྱེད་འདོད་ཡོད་པར་མ་ཟད། མི་གཞུང་དང་གནས་སྐོར། རིག་གནས་བརྗེ་རེས་ལ་ཤུགས་སྣོན་པ་དང་ཀྲུང་གོ་དང་པོ་ཅ་ལི་ཡའི་སྲོལ་རྒྱུན་མཛའ་བཤེས་རྒྱུན་འཛིན་བྱེད་འདོད་ཡོད་ཟེར།

ལཱ་ཏི་ཧྥུའུ་ཡིས་བཤད་རྒྱུར། པོ་ཅ་ལི་ཡ་ནི་ཆེས་སྔ་མོར་ཀྲུང་གོར་འབྲེལ་བ་བཙུགས་པའི་རྒྱལ་ཁབ་ནང་གི་གཅིག་ཡིན་པ་དང་ཀྲུང་གོ་བར་གྱི་མཛའ་མཐུན་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། པོ་ཅ་ལིས་ཡ་ཕྱོགས་ཀྱིས་ཕན་ཚུན་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་ཕྱོགས་གཉིས་བར་གྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། བཟོ་སྐྲུན་ཐོན་ལས་དང་རྨང་གཞིའི་སྒྲིག་ཆས། ནུས་ཁུངས། ཚན་རྩལ། རིག་གནས། མི་གཞུང་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། པོ་ཅ་ལི་ཡ་དང་ཀྲུང་གོའི་ཁྱོན་ཡོངས་ཀྱི་མཛའ་མཐུན་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།