ཀྲུང་གོ་བོད་ཀྱི་དྲ་བ།

པོ་ཅ་ལི་ཡའི་ཙུང་ལི་པོ་ལིས་སོ་ཧྥུའུ་ཡིས་གདན་དྲངས་པ་ལྟར་ལིས་ཁི་ཆང་སོ་ཧྥེ་ཡར་ཐོན་ནས་པོ་ཅ་ལི་ཡར་དངོས་གཞིའི་འཚམས་འདྲི་མཛད་འགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་ལྔ་ཉིན་གྱི་ཕྱི་དྲོར། པོ་ཅ་ལི་ཡའི་ཙུང་ལི་པོ་ལིས་སོ་ཧྥུའུ་ཡིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་སོ་ཧྥེ་ཡར་ཐོན་ནས་པོ་ཅ་ལི་ཡར་དངོས་གཞིའི་འཚམས་འདྲི་མཛད་འགོ་བརྩམས་པར་མ་ཟད་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ལ་ཞུགས་རྒྱུ་རེད། ཙུང་ལི་ལིས་ཁི་ཆང་གིས་ཐེངས་འདིའི་ཐུག་འཕྲད་བརྒྱུད་དེ་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་མཉམ་དུ་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བཅུ་དྲུག་དང་ཀྲུང་གོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཐུབ་པར་རེ་སྒུག་བྱས་ཡོད།

ཙུང་ལི་ལིས་ཁི་ཆང་བཞུགས་པའི་ཆེད་བཏང་གནམ་གྲུ་སོ་ཧྥེ་ཡའི་གནམ་གྲུ་ཐང་དུ་བབས་རྗེས། པོ་ཅ་ལི་ཡའི་ཙུང་ལི་གཞོན་པ་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་འཁུར་མཁན་ཀྲ་ཧ་ལིས་ཨེ་ཝ་སོགས་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་དང་པོ་ཅ་ལིས་ཡར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲང་ཧེ་ཀྲིག་སོགས་ཀྱིས་ཙུང་ལི་ལིས་ཁི་ཆང་ལ་བསུ་མ་བྱས།

ཙུང་ལི་ལིས་ཁི་ཆང་དང་ལྕམ་མོ་ཁྲིན་ཧུང་དང་རྒྱལ་སྲིད་ཨུ་ཡོན་ཞོར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་ཁུར་མཁན་ཞོ་ཅན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧི་ལིས་ཧྥིན་སོགས་ཀྱང་ལིས་ཁི་ཆང་དང་མཉམ་དུ་པོ་ཅ་ལི་ཡར་ཐོན།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།