ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྩ་འཛུགས་བྱ་བའི་གྲོས་ཚོགས་སྟེང་གསུང་བཤད་གལ་ཆེན་གནང་བ་དེས་ས་གནས་སོ་སོ་དང་ལས་ཁུངས་སོ་སོའི་ཏང་ཡོན་ལས་བྱེད་པར་སྐུལ་མ་ཆེན་པོ་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྩ་འཛུགས་བྱ་བའི་གྲོས་ཚོགས་སྟེང་ང་ཚོའི་ཏང་ལ་ངེས་པར་དུ་སྣང་བརྙན་གསར་བ་དང་བྱ་སྤྱོད་གསར་བ་ཡོད་དགོས་པ་དང་། གནད་འགག་ནི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་བར་རྣམ་པ་གསར་བ་བསྐྲུན་རྒྱུ་དེ་ཡིན་ཞེས་གསུངས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་ས་གནས་སོ་སོ་དང་ལས་ཁུངས་སོ་སོའི་ཏང་ཡོན་ལས་བྱེད་པར་སྐུལ་མ་ཆེན་པོ་ཐེབས། ཁོ་ཚོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་ལས་ཏང་དང་རྒྱལ་ཁབ་ལས་དོན་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་རྐང་བཙུགས་ཤིང་། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་རྒྱས་བཤད་བྱས་ཡོད་པ་དང་། ཏང་གི་རྩ་འཛུགས་བྱ་བར་བཀོད་སྒྲིག་གསར་བ་དང་རེ་བ་གསར་བ་བཏོན་ཡོད་ཟེར།

ཉིན་འདི་འགར་འབྲི་ཆུའི་བར་རྒྱུད་དང་སྨད་རྒྱུད་དུ་བསྟུད་མར་ཆར་བ་དྲག་པོ་བབས་པས། ན་གཞོན་ལས་བྱེད་པ་རྣམས་ཀྱིས་གཞི་རིམ་གྱི་འཐབ་ཕྱོགས་དང་པོ་ན་འབད་འཐབ་བྱེད་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྩ་འཛུགས་བྱ་བའི་གྲོས་ཚོགས་སྟེང་གསུང་བཤད་གལ་ཆེན་གནང་བ་དེས་ཁོ་ཚོར་སྐུལ་མ་ཆེན་པོ་ཐེབས། ཚང་མས་བལྟས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་དང་རྩ་འཛུགས་བྱ་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་རྩ་བའི་བསྲུང་བྱ་འདོན་སྤྲོད་བྱས་པར་སྙམ།

དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་སྐབས། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྩ་འཛུགས་ལས་ཁུངས་ཀྱིས་འགན་འཁྲི་དང་ལེན་བྱས་ཏེ། འཐབ་ཕྱོགས་སོ་སོ་དང་ཁྱབ་ཁོངས་སོ་སོ་སོགས་ཀྱི་ཏང་འཛུགས་བྱ་བ་གཏིང་ཟབ་ཏུ་སྤེལ་དགོས་པ་དང་། དུས་ཐོག་ཏུ་ཕུལ་བྱུང་ན་གཞོན་ལས་བྱེད་པ་སྐྱེད་སྲིང་དང་བཀོལ་སྤྱོད་བྱེད་དགོས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།