ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས་ཀྲིན་ཏི་རོང་སོགས་བློ་མཐུན་བདུན་ལ་རྒྱལ་ཡོངས་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་མཚན་སྙན་གནང་རྒྱུ་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་འགོ་བརྩམས་པའི་ལོ་ཡིན་པ་དང་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུ་ལོན་པའི་ལོ་ཡིན། ཤུགས་ཆེན་པོས་ཡིད་ཆེས་བརྟན་ཞིང་ཏང་ལ་བློ་དཀར་བ་དང་འགན་འཁྲི་ཁག་ཁུར་བྱེད་ཕོད་ལ། ལས་སྒྲུབ་གསར་སྐྲུན་བྱས་པའི་དུས་རབས་གསར་པའི་དཔེ་སྟོན་མཁན་ལ་གཟེངས་བསྟོད་དང་དྲིལ་སྒྲོག་བྱེད་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བསམ་བློ་དང་བྱ་སྤྱོད་གཉིས་ཀ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་གཅིག་གྱུར་བྱེད་པར་སྐུལ་མ་གཏོང་བ་དང་ཁྲིད་སྟོན་བྱས་ཏེ། ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཤིང་ཡར་ཐོན་བརྩོན་ལེན་བྱེད་པ་དང་ཧུར་ཐག་སྒོས་དུས་རབས་ལ་མི་གནོང་དགོས་པ་དང་མི་དམངས་ལ་ངོ་གནོང་མི་དགོས་པ། ལོ་རྒྱུས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་སྐྲུན་བྱེད་ཆེད། ཏང་ཀྲུང་དབྱང་གིས་ཀྲིན་ཏི་རོང་དང་ཀྲུང་ཡང་། ལིས་ཆོན་ཞིན། ཞུའུ་ཧྲོའེ། ཅང་ཧྲི་ཁུན། ཀྲང་ཅིན། ཀྲང་ཁྲའོ་བཅས་བློ་མཐུན་བདུན་ལ་རྒྱལ་ཡོངས་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་མཚན་སྙན་གནང་རྒྱུ་ཐག་བཅད།

ཀྲིན་ཏི་རོང་སོགས་བློ་མཐུན་བདུན་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་དཔེ་སྟོན་ལག་ལེན་མཁན་ཡིན་ལ། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིས་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཤིང་ནམ་ཡང་འབད་འཐབ་བྱེད་པའི་དཔེ་སྟོན་ཡིན་པ་དང་། དུས་རབས་གསར་པའི་ཏང་ཡོན་ལས་བྱེད་པས་ཡིད་ཆེད་ཇེ་བརྟན་དུ་གཏོང་བ་དང་ཏང་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བ། མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ཕུལ་བྱུང་དཔེ་ལེགས་ཅན་ཡིན་པས། ཏང་ཀྲུང་དབྱང་གིས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཁོ་ཚོར་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་བཏང་།

རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཀྲིན་ཏི་རོང་སོགས་བློ་མཐུན་བདུན་གྱི་སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་བྱེད་པ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱེད་པ་དང་། སློབ་གཉིས་བྱེད་གཅིག་གི་སློབ་སྦྱོང་དང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ཏུ་སྒྱུར་བ་དང་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་བརྗོད་དོན་གཙོ་བོ་ཡིན་པའི་སློབ་གསོའི་ནང་དོན་གལ་ཆེན་དུ་བཞག་སྟེ་རྣམ་པ་སྣ་ཚོགས་སྤྱད་ནས་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་དགོས།  །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།