ཝང་དབྱང་གིས་འགོ་འཛིན་མཛད་དེ་རྒྱལ་ཡོངས་སྲིད་གྲོས་ཀྱི་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།

1528513602153446.jpg

ཟླ་དྲུག་པའི་ཚེས་བརྒྱད་ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟབ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་བ་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟབ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་བ་ཚེས་བརྒྱད་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཁོང་གིས་གསུངས་རྒྱུར། དཔྱད་འབྱེད་ཡི་གེ་ལག་བསྟར་བྱེད་པའི་ནུས་ལྡན་ཕན་འབྲས་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་གནས་ཚུལ་ཕྱོགས་བསྡུས་སྒོས་མཚོན་པ་ཡིན་ལ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་ཆུ་ཚད་མཚོན་པར་བྱེད་པའང་ཡིན། སྲིད་གྲོས་ཨུ་ཡོན་གྱིས་ལག་བསྟར་བྱེད་དཀའ་བའི་གནད་དོན་ཕལ་ཆེར་ཐག་གཅོད་བྱེད་པར་དམིགས་ནས་གྲོས་མོལ་སྲིད་གླེང་བྱེད་པ་དེ་ལས་རིགས་ཁག་གི་ཐུན་མོང་གི་ལྟ་བ་ཡོངས་ཁྱབ་ཏུ་གཅིག་ཏུ་བསྡུས་ནས། ལག་བསྟར་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱེད་པའི་སྤྱི་ཚོགས་ཁོར་ཡུག་སྐྲུན་པར་ཕན་པ་ཡོད་ཟེར།

ཨུ་ཡོན་བཅུ་གཉིས་ཀྱིས་ཁྲིམས་སྐྱོང་འགན་སྲུང་དང་ཆ་འཕྲིན་ཅན་འཛུགས་སྐྲུན། ལག་བསྟར་རྒུད་སྐྱོབ། ཕྱོགས་བསྡུས་བཅོས་སྐྱོང་སོགས་ཐད་ནས་ལག་བསྟར་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱེད་པར་བློ་འདོན་ཇུས་འབུལ་བྱས།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲིག་ཆང་གིས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཡུང་ཆིན་གྱིས་གཏམ་བཤད། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་བཅས་ཀྱི་འགན་ཁུར་བས་བརྗེ་རེས་གཏམ་བཤད་སྤེལ།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།