ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་དྲུག་པའི་ཚེས་དྲུག་ཉིན་པེ་ཅིན་ནས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ཚོང་རའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ཀྱི་དོ་དམ་བྱེད་ཐབས་བཅོས་སྒྱུར་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བ་དང་། སྐབས་བསྟུན་གཉིས་དང་གསལ་བསྒྲགས་གཅིག་ཁྱོན་ཡོངས་ནས་ལག་བསྟར་བྱེད་པར་བཀོད་སྒྲིག་བྱས་པར་མ་ཟད། དཔང་ཡིག་ལས་དོན་སྣ་ཚོགས་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་ཏེ། མང་ཚོགས་དང་ཁེ་ལས་ཀྱི་དོན་སྒྲུབ་ཐད་ཀྱི་དཀའ་ཁག་སེལ་བར་བྱེད་པའི་ཐག་བཅད་པ་དང་། སྤྱི་ཚོགས་ཡིད་རྟོན་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བའི་བྱེད་ཐབས་གཏན་འཁེལ་བྱས་ནས། ཡིད་རྟོན་ལ་བརྟེན་ནས་ལས་སྐྲུན་བྱེད་པ་གཏན་ལ་ཕབ།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།