ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བཅོས་སྒྱུར་དེ་སྲིད་འཛིན་ཁྲིམས་སྲོལ་གཏན་འཁེལ་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ལས་ཁུངས་ཀྱི་འགན་འཁྲི་ལེགས་སྒྲིག་གནད་དོན་སྐོར་གྱི་ཆོད་དོན»འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་ཆོག་མཆན་བཀོད་པ་བརྒྱུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ལམ«རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བཅོས་སྒྱུར་དེ་སྲིད་འཛིན་ཁྲིམས་སྲོལ་གཏན་འཁེལ་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ལས་ཁུངས་ཀྱི་འགན་འཁྲི་ལེགས་སྒྲིག་གནད་དོན་སྐོར་གྱི་ཆོད་དོན»འགྲེམ་སྤེལ་བྱས།

ཆོད་དོན་གྱི་ནང་དོན་གཙོ་བོ་ནི། སྲིད་འཛིན་ལས་ཁུངས་ཀྱིས་འགན་འཁྲི་ལག་བསྟར་འགན་སྲུང་དང་བྱ་བ་སྒྲུབ་པའི་རྒྱུན་མཐུད་རང་བཞིན་གྱི་ཕྱོགས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་ལས་ཁུངས་བཅོས་སྒྱུར་ཇུས་གཞི་ལས་བཙུགས་གྲུབ་རྗེས་ཀྱི་སྲིད་འཛིན་ལས་ཁུངས་དང་ཡང་ན་འགན་འཁྲི་བགོས་པའི་སྲིད་འཛིན་ལས་ཁུངས་ཀྱིས་འགན་འཁུར་པ་དང་། འབྲེལ་ཡོད་སྲིད་འཛིན་ཁྲིམས་སྲོལ་གཏན་འཁེལ་བཟོ་བཅོས་མ་བྱས་པ་དང་ཡང་ན་མེད་པར་མ་བཏང་བའི་སྔོན་ལ། འབྲེལ་ཡོད་སྲིད་འཛིན་གྱི་ཁྲིམས་སྲོལ་དང་གཏན་འཁེལ་ལེགས་སྒྲིག་དང་བཀོལ་སྤྱོད་བྱེད་རྒྱུ་དེ་བཙུགས་གྲུབ་རྗེས་ཀྱི་སྲིད་འཛིན་ལས་ཁུངས་དང་ཡང་ན་འགན་འཁྲི་བགོས་པའི་སྲིད་འཛིན་ལས་ཁུངས་ཀྱིས་འགན་འཁུར་དགོས་ལ། འབྲེལ་ཡོད་འགན་འཁྲི་ད་དུང་ལེགས་སྒྲིག་མ་བྱས་པའི་སྔོན་ལ། སྔོན་ཆད་འགན་འཁྲི་དེ་དང་ལེན་དང་བྱ་བ་སྒྲུབ་པའི་སྲིད་འཛིན་ལས་ཁུངས་ཀྱིས་མུ་མཐུད་དུ་འགན་འཁུར་རྒྱུ་གཏན་འཁེལ་བྱས་ཡོད། ས་གནས་ཀྱི་རིམ་པ་སོ་སོའི་སྲིད་འཛིན་ལས་ཁུངས་ཀྱིས་སྲིད་འཛིན་ཁྲིམས་སྲོལ་དང་གཏན་འཁེལ་དང་ལེན་དང་ལག་བསྟར་བྱེད་པའི་འགན་འཁྲི་དང་བྱ་བར་ལེགས་སྒྲིག་བྱེད་དགོས་ན་གོང་གི་རྩ་དོན་ལྟར་ལག་བསྟར་བྱེད་དགོས་པ་བཅས་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།