ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་འགོ་འཛིན་མཛད་དེ་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།


1527992205711211.jpg

ཟླ་དྲུག་པའི་ཚེས་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་འགོ་ཁྲིད་ཚན་ཆུང་གི་མགོ་གཙོ་ཧན་ཀྲིན་གྱིས་འགོ་འཛིན་མཛད་དེ་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་འགོ་ཁྲིད་ཚན་ཆུང་གི་མགོ་གཙོ་ཧན་ཀྲིན་གྱིས་ཟླ་དྲུག་པའི་ཚེས་གཅིག་ཉིན་འགོ་འཛིན་མཛད་དེ་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་འབྲེལ་ཡོད་ཡིག་ཆར་གྲོས་བསྡུར་བྱས་ནས། དུས་རིམ་རྗེས་ཕྱོགས་ཀྱི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས།

ཧན་ཀྲིན་གྱིས་ནན་གྱིས་གསུངས་རྒྱུར། པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་མཉམ་དུ་འཕེལ་རྒྱས་སུ་གཏོང་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་ཇུས་ཆོད་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཞིག་ཀྱང་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ནས། འདུ་ཤེས་བཞི་དམ་པོར་བཅངས་པ་དང་ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། བསམ་བློའི་ངོས་འཛིན་མཐོར་འདེགས་སུ་གཏོང་བ། འགན་འཁྲི་ཁག་ཁུར་བྱེད་པ། ཆབ་སྲིད་ཀྱི་འགན་འཁྲི་བསམ་པ་དང་ལོ་རྒྱུས་ཀྱི་འགན་འཁྲི་བསམ་པ་དམ་པོར་བཅངས་པ་བཅས་བྱས་ཏེ། པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་མཉམ་དུ་འཕེལ་རྒྱས་སུ་གཏོང་བ་དང་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས་ཟེར།

ཧན་ཀྲིན་གྱིས་གསུངས་རྒྱུར། ངེས་པར་དུ་གོ་རིམ་ལྡན་པའི་ངང་པེ་ཅིན་རྒྱལ་ས་ལས་འདས་པའི་ནུས་པ་ཇེ་ལྷོད་དུ་གཏོང་བ་དམ་པོར་འཛིན་པ་དང་། བརྒལ་གཏོར་གསར་བ་ལྔ་མངོན་འགྱུར་བྱེད་དགོས། གཞི་གཅིག་གི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། ནང་གནས་སྟོབས་ཤུགས་ཇེ་ཆེར་གཏོང་བའི་སྒྲིག་གཞི་དང་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། པེ་ཅིན་རྒྱལ་ས་ལས་འདས་པའི་ནུས་པ་ཇེ་ལྷོད་དུ་གཏོང་བའི་ཐད་ལ་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་དགོས། ཇུས་གཞི་བཟང་བོར་འགོད་པ་དང་སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ། ས་ཁུལ་གསར་བའི་དོ་དམ་ཨུ་ཡོན་ལྷན་ཁང་ལེགས་སྒྲུབ་བྱས་ནས། ཧི་པེ་ཞུང་ཨན་ས་ཁུལ་གསར་བ་ཇུས་འགོད་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས་ཟེར།

ལིས་ཧུང་ཀྲུང་དང་ཚེ་ཆི། ཝང་ཡུང་བཅས་གྲོས་ཚོགས་སུ་ཞུགས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།