ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ལི་ཅི་ཡིས་ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་པིན་དབྱང་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

赵乐际会见老挝人民革命党中央总书记.jpg

ཟླ་ལྔ་བའི་ཚེས་སོ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཡིས་པེ་ཅིན་ནས་ཀྲུང་གོར་འཚམས་འདྲིར་ཡོང་བའི་ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་པིན་དབྱང་ལ་མཇལ་འཕྲད་གནང་།


ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཡིས་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་པེ་ཅིན་ནས་ཀྲུང་གོར་འཚམས་འདྲིར་ཡོང་བའི་ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་པིན་དབྱང་ལ་མཇལ་འཕྲད་གནང་།

ཀྲའོ་ལི་ཅི་ཡིས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་པིན་དབྱང་གཉིས་ཀྱིས་ཕན་འབྲས་ལྡན་པའི་གྲོས་མོལ་བྱས་ཏེ། ཀྲུང་གོ་དང་ལའོ་ཝའོ་བར་ལས་སྐལ་ཕུང་བོ་གཅིག་འདྲེས་ཚོགས་པ་འཛུགས་པར་ཁ་ཕྱོགས་གསལ་བོ་བསྟན། ཀྲུང་གོ་ཕྱོགས་ཀྱིས་ལའོ་ཝའོ་ཕྱོགས་དང་མུ་མཐུད་དུ་འབད་བརྩོན་བྱས་ནས། ཏང་འཛུགས་སྐྲུན་དང་ཏང་ནང་གི་ལྟ་སྐུལ་སོགས་ལ་དམིགས་ཏེ་བརྗེ་རེས་བྱེད་པ་དང་ཕན་ཚུན་བར་དཔྱད་གཞིར་བཟུང་སྟེ། རང་སོ་སོའི་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ནུས་པ་ཇེ་ཆེར་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱུ་སྤུས་དང་ཆུ་ཚད་མཐོར་འདེགས་སུ་བཏང་ནས། ཀྲུང་གོ་དང་ལའོ་ཝའོ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧུར་ཐག་སྒོས་བྱས་རྗེས་འཇོག་འདོད་ཡོད་ཟེར།

པིན་དབྱང་གིས་བཤད་རྒྱུར། ལའོ་ཝའོ་ཕྱོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གིས་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་བྱེད་པའི་ཐད་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་བྱས་པ་ཡིན་ལ། ཏང་གཉིས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱ་བའི་ཐད་ཀྱི་བརྗེ་རེས་དང་མཉམ་ལས་ལ་ཡིད་ཚིམ་པར་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གི་ཏང་འཛུགས་སྐྲུན་ཐད་ཀྱི་ཉམས་མྱོང་ལ་སྔར་ལས་སློབ་སྦྱོང་བྱེད་པ་དང་དཔྱད་གཞིར་བཟུང་སྟེ། མཉམ་དུ་ལའོ་ཝའོ་དང་ཀྲུང་གོའི་ལས་སྐལ་ཕུང་བོ་གཅིག་འདྲེས་ཚོགས་པ་འཛུགས་སྐྲུན་བཟང་བོ་བྱེད་པར་རེ་བ་བྱེད་ཀྱིན་ཡོད་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།