ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས2018ལོའི་ཀྲུང་གོ་རྒྱལ་སྤྱིའི་གྲངས་འཛིན་ཆེན་པོའི་ཐོན་ལས་འགྲེམ་སྟོན་ཚོགས་འདུར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2018ལོར་ཀྲུང་གོ་རྒྱལ་སྤྱིའི་གྲངས་འཛིན་ཆེན་པོའི་ཐོན་ལས་འགྲེམ་སྟོན་ཚོགས་འདུ་ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན་ཀོས་ཀྲིག་ཞིང་ཆེན་གྱི་ཀོས་ཡང་གྲོང་ཁྱེར་ནས་ཚོགས་འགོ་བརྩམས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། དེང་སྐབས། མཉམ་འབྲེལ་དྲ་རྒྱ་དང་གྲངས་འཛིན་ཆེན་པོ། མིས་བཟོས་རིག་ནུས་བཅས་མཚོན་བྱེད་ཡིན་པའི་རབས་གསར་བའི་ཆ་འཕྲིན་ལག་རྩལ་ཉིན་རེ་བཞིན་ཡར་རྒྱས་གོང་འཕེལ་དུ་སོང་སྟེ། རྒྱལ་ཁབ་སོ་སོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། རྒྱལ་ཁབ་དོ་དམ། སྤྱི་ཚོགས་བཅོས་སྐྱོང་། མི་དམངས་ཀྱི་འཚོ་བ་བཅས་ཐད་ལ་གཏིང་ཟབ་པའི་ཤུགས་རྐྱེན་གལ་ཆེན་ཐེབས། གྲངས་འཛིན་ཆེན་པོ་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་དམ་པོར་བཟུང་སྟེ། གྲངས་འཛིན་ཆེན་པོའི་ཐོན་ལས་བདེ་བླག་སྒོས་འཕེལ་རྒྱས་སུ་གཏོང་བ་དང་། གྲངས་འཛིན་བདེ་འཇགས་དང་དྲ་རྒྱ་བར་སྟོང་བཅོས་སྐྱོང་སོགས་ཐད་ཀྱི་འགྲན་རྩོད་ཐག་གཅོད་བཟང་བོ་བྱེད་དགོས་ན། རྒྱལ་ཁབ་སོ་སོས་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་སྣོན་པ་དང་། འབྲེལ་འདྲིས་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་གསུངས་རྒྱུར། ཀྲུང་གོས་གྲངས་འཛིན་ཆེན་པོ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ང་ཚོས་གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་དང་གྲངས་འཛིན་ཀྲུང་གོ། བློ་གྲོས་སྤྱི་ཚོགས་བཅས་འཛུགས་སྐྲུན་བྱེད་པར་དམ་པོར་དམིགས་ཏེ། རྒྱལ་ཁབ་ཀྱི་གྲངས་འཛིན་ཆེན་པོའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀྲུང་གོའི་དཔལ་འབྱོར་མྱུར་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་ནས་རྒྱུ་སྤུས་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་སུ་སྒྱུར་བར་སྐུལ་འདེད་གཏོང་རྒྱུ་ཡིན། འཐུས་མི་དང་མགྲོན་བདག་རྣམ་པས་འགྲེམ་སྟོན་ཚོགས་འདུའི་བརྗོད་བྱ་གཙོ་བོར་དམིགས་ཏེ། བརྗེ་རེས་ཟབ་མོ་བྱེད་པ་དང་། བློ་བསྡུས་དགེ་འཚོལ་བྱས་ནས། མཉམ་དུ་གྲངས་འཛིན་ཆེན་པོའི་ཐོན་ལས་གསར་གཏོད་དང་འཕེལ་རྒྱས་སུ་གཏོང་དགོས་ལ། མཉམ་དུ་བློ་གྲོས་འཚོ་བ་གསར་གཏོད་བྱས་ནས་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་པར་མ་ཟད། མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།