ཀྲུང་གོ་བོད་ཀྱི་དྲ་བ།

སུན་ཧྥུའུ་ལིན་གྱི་བེམ་པོ་པེ་ཅིན་པ་པོ་རི་བོའི་གསར་བརྗེ་བང་སོ་ནས་སྦྱིན་སྲེག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོ་དེང་རབས་མི་རིགས་བཟོ་ཚོང་མཁན་གྱི་ཕུལ་བྱུང་འཐུས་མི། མིང་དུ་གྲགས་པའི་སྤྱི་ཚོགས་བྱ་འགུལ་པ། ཀྲུང་ཧྭ་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ཚོགས་པའི་ཕུལ་དུ་བྱུང་བའི་འགོ་ཁྲིད་པ། ཀྲུང་གོ་གུང་ཁྲན་ཏང་གི་གྲོགས་པོ་དམ་པ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བརྒྱད་པ་དང་སྐབས་དགུ་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཀྲུང་ཧྭ་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ཚོགས་པའི་སྐབས་དྲུག་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། སྐབས་བདུན་པ་དང་སྐབས་བརྒྱད་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་མཚན་འཛིན་ཀྲུའུ་ཞི་གཞོན་པ་བློ་མཐུན་སུན་ཧྥུའུ་ལིན་གྱི་བེམ་པོ་ཚེས་ཉེར་བཞི་ཉིན་པེ་ཅིན་པ་པོ་རི་བོའི་གསར་བརྗེ་བང་སོ་ནས་སྦྱིན་སྲེག་བྱས།

བློ་མཐུན་སུན་ཧྥུའུ་ལིན་ལ་སྙུང་གཞི་ཕོག་ནས་སྨན་བཅོས་བྱས་ཀྱང་ཕན་མ་ཐོག་པར་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་ལྔ་བའི་ཚེས་བཅོ་བརྒྱད་ཉིན་གྱི་དུས་ཚོད་བཅུ་གསུམ་དང་སྐར་མ་ང་དྲུག་གི་སྟེང་པེ་ཅིན་ནས་སྐུ་གཤེགས་པ་དང་དགུང་ལོ་གོ་བདུན་རེད།

ཉིན་དེའི་སྔ་དྲོའི་དུས་ཚོད་དགུའི་སྟེང་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལེ་ཀྲན་ཧྥུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་སོགས་བློ་མཐུན་སུན་ཧྥུའུ་ལིན་གྱི་བེམ་པོའི་མདུན་དུ་ཕེབས་ཏེ་གུས་པ་ལན་གསུམ་ཞུས་པར་མ་ཟད་བློ་མཐུན་སུན་ཧྥུའུ་ལིན་གྱི་གཉེན་ཉེ་ལ་ཕྱག་འཇུ་གནང་ནས་འཚམས་འདྲི་ཞུས།

བློ་མཐུན་སུན་ཧྥུའུ་ལིན་ལ་སྙུང་གཞི་ཕོག་སྐབས་དང་སྐུ་གཤེགས་རྗེས། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལེ་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན། ཅང་ཙེ་མེན། ཧུའུ་ཅིན་ཐོ་སོགས་བློ་མཐུན་སྨན་ཁང་དུ་ཕེབས་ཏེ་འཚམས་འདྲི་ཞུ་བ་དང་ཡང་ན་རྣམ་པ་སྣ་ཚོགས་བརྒྱུད་དེ་བློ་མཐུན་སུན་ཧྥུའུ་ལིན་སྐུ་གཤེགས་པར་མྱ་ངན་ཞུས་པར་མ་ཟད་ཁོའི་གཉེན་ཉེ་ལ་འཚམས་འདྲི་ཞུས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།