ཀྲུང་གོ་བོད་ཀྱི་དྲ་བ།

ཟླ7ཚེས1ཉིན་ནས་རང་རྒྱལ་དུ་རླངས་འཁོར་ནང་འདྲེན་ལ་ལྟོས་བཅས་ཀྱིས་སྒོ་ཁྲལ་བཅག་རྒྱུ་རེད།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2018-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

F201805231539504866703378.jpg

F201805231539564076703379.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒོ་ཁྲལ་ཁྲལ་སྡུད་ལམ་ལུགས་ཨུ་ཡོན་ལྷན་ཁང་གིས་ཟླ5ཚེས23ཉིན་སྤྱི་བསྒྲགས་འགྲེམས་སྤེལ་བྱས་པ་སྟེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བ་བརྒྱུད། 2018ལོའི་ཟླ7ཚེས1ཉིན་ནས་བཟུང་། སྒོ་ཁྲལ25%དང20%ཡིན་པའི་རླངས་འཁོར་གྱི་སྒོ་ཁྲལ་ནི15%མར་བཅག་རྒྱུ་ཡིན་ཞིང་། མར་བཅག་པའི་ཚད་ནི40%དང25%ཡིན་པ། སྒོ་ཁྲལ8%དང10%དང15%དང20དང25%ཡིན་པའི་རླངས་འཁོར་ལྷུ་ལག་གི་སྒོ་ཁྲལ་ནི6%མར་བཅག་རྒྱུ་ཡིན་ཞིང་། ཆ་སྙོམས་སྒོ་ཁྲལ་བཅག་ཚད་ནི46%ཡིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།