ཀྲུང་གོ་བོད་ཀྱི་དྲ་བ།

ཡིག་ཆོན་གྱིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་སྐབས་བཅུ་བཞི་བའི་རྡོ་རབས་པའི་མཐོ་རིམ་གོ་གནས་ཐོབ་མཁན་ལ་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཟླ5བའི་ཚེས19ཉིན། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡིག་ཆོན་གྱིས་པེ་ཅིན་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་སྐབས་བཅུ་བཞི་བའི་རྡོ་རབས་པའི་མཐོ་རིམ་གོ་གནས་ཐོབ་མཁན་ལ་ཐུག་འཕྲད་བྱས་པར་མ་ཟད། མཉམ་དུ་དྲན་རྟེན་དུ་པར་བླངས།

ཡིག་ཆོན་གྱིས་ནན་གྱིས་བསྟན་དོན། བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་ནན་མོ་བྱེད་པ་དང་དེར་གོ་བ་ཟབ་མོ་བླངས་ཏེ། དུས་དང་རྣམ་པ་ཀུན་དུ་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། མེས་རྒྱལ་གཅིག་གྱུར་ལ་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོབ་བྱེད་པ། རང་འགུལ་གྱིས་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་བསྡོངས་ཏེ། སྟོབས་ཤུགས་ཡོད་རྒུས་ཆོས་ཁྲིམས་དང་ཆོས་ཀྱི་དགོངས་པ་འགྲེལ་བར་སྐུལ་འདེད་བཏང་ནས། བོད་བརྒྱུད་ནང་བསྟན་ཆོས་ལུགས་དུས་རབས་གསར་བར་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་གསར་བ་འཇོག་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།