ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་ཡོན་ཀྲང་གཞོན་པ་ཚའོ་ཅན་མེན་གྱིས་ཁི་ལོ་ཏེ་ཡ་རྒྱལ་ཁབ་ལ་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁི་ལོ་ཏེ་ཡ་གྲོས་ཁང་གིས་གདན་དྲངས་པ་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཚའོ་ཅན་མེན་གྱིས་ཚོགས་པ་ཁྲིད་དེ་ཚེས་བཅུ་དྲུག་ཉིན་ནས་ཚེས་བཅུ་དགུ་ཉིན་བར་ཁི་ལོ་ཏེ་ཡ་ལ་འཚམས་འདྲི་བྱས་ཤིང་། ཁི་ལོ་ཏེ་ཡའི་ཙུང་ཐུང་ཅི་ཐ་ལོ་ཝེ་ཆི་ལ་ཐུག་འཕྲད་བྱས་པ་དང་གྲོས་དཔོན་གཞོན་པ་ལོས་དབྱི་ནའེ་ཨར་དང་གྲོས་མོལ་བྱས།

ཚའོ་ཅན་མེན་གྱིས་བཤད་རྒྱུར། ཁི་ལོ་ཏེ་ཡ་ནི་ཀྲུང་གོའི་ཡོ་རོབ་གླིང་མནའ་འབྲེལ་གྱི་གྲོགས་པོ་བཟང་བོ་ཡིན། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ཐུགས་ཁུར་དང་འགོ་ཁྲིད་བྱས་འོག ཀྲུང་གོ་དང་ཁི་ལོ་ཏེ་ཡའི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཕྱོགས་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གྱུར་བ་དང་ལས་གཞི་གལ་ཆེན་ཐད་ནས་མཉམ་ལས་བྱས་ནས་གྲུབ་འབྲས་ཆེན་པོ་ཐོབ་ཅིང་མི་གཞུང་དང་ས་གནས་བརྗེ་རེས་སྔར་ལས་ཇེ་མང་དུ་འགྲོ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁི་ལོ་ཏེ་ཡ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་རྒྱ་སྐྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་བར་གྱི་བརྗེ་རེས་ལ་ཤུགས་བསྣན་ནས། ཀྲུང་གོ་དང་ཁི་ལོ་ཏེ་ཡའི་ཁྱོན་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཁི་ལོ་ཏེ་ཡ་ཕྱོགས་ཀྱིས་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ཅེས་བཤད་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད། ཁི་ལོ་ཏེ་ཡའི་གྲོས་ཁང་གིས་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་དང་འབྲེལ་འདྲིས་དང་མཉམ་ལས་དམ་པོ་བྱས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་འཇོག་འདོད་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།