ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་གྱིས་པ་ཞིའི་ཕྱི་འབྲེལ་དཔོན་པོ་ནུའུ་ནེ་སི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

103cbc1a66226a58fa8c56d6ba3aa903.jpg

ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་པེ་ཅིན་ཀྲུང་ནན་ཧེ་ནས་པ་ཞིའི་ཕྱི་འབྲེལ་དཔོན་པོ་ནུའུ་ནེ་སི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་པེ་ཅིན་ཀྲུང་ནན་ཧེ་ནས་པ་ཞིའི་ཕྱི་འབྲེལ་དཔོན་པོ་ནུའུ་ནེ་སི་ལ་མཇལ་འཕྲད་གནང་། ཝང་ཆི་ཧྲན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པ་ཞིའི་ཙུང་ཐུང་ཐི་མཱེ་ཨར་ལ་བརྩེ་བའི་འཚམས་འདྲི་ཞུས་པ་བརྒྱུད་སྒྲོག་མཛད། ཁོང་གིས་བཤད་རྒྱུར། རྒྱལ་ཁབ་བར་འབྲེལ་འདྲིས་བྱེད་པ་ནི་མི་དམངས་བར་གྱི་འགྲོ་འོང་གི་རྨང་གཞི་ཡིན་ལ། འགོ་གཙོས་ཁྲིད་སྟོན་བྱེད་པ་ནི་དེའི་གནད་འགག་ཡིན། ཀྲུང་གོ་དང་པ་ཞི་གཉིས་ནི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོ་ཡིན་ལ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོའང་ཡིན་པས། ཕྱོགས་གཉིས་ལ་རྒྱལ་སྤྱིའི་གནད་དོན་ཐད་ཐུན་མོང་གི་ལྟ་བ་རྒྱ་ཆེན་པོ་ལྡན། རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་བའི་ཀྲུང་གོ་དང་པ་ཞི་གཉིས་ཀྱི་འབྲེལ་བས་ཕྱོགས་གཉིས་ཀྱི་མཉམ་ལས་ལ་ནང་དོན་གསར་བ་མང་པོ་བསྣན་ཏེ། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་གཏན་ལ་ཕབ་པའི་ཀྲུང་གོ་དང་པ་ཞི་འབྲེལ་བའི་གཏན་གནས་ལ་གོ་བ་ཟབ་མོ་ལེན་པ་དང་། བབ་བསྟུན་མདུན་སྐྱོད་ཀྱིས་ཀྲུང་གོ་དང་པ་ཞིའི་མཐོ་རིམ་ཨུ་ཡོན་ལྷན་ཁང་སོགས་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མཉམ་ལས་ཀྱི་སྦས་ཤུགས་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་དགོས་ཟེར།

ནུའུ་ནེ་སི་ཡིས་བཤད་རྒྱུར། པ་ཞིས་ཀྲུང་གོ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། པ་ཞི་དང་ཀྲུང་གོ་བར་གྱི་མཉམ་ལས་ལ་ཤུགས་སྣོན་པ་དེ་ཕྱོགས་གཉིས་ལ་ཕན་པར་མ་ཟད། འཛམ་གླིང་ཡོངས་ལའང་དོན་སྙིང་ལྡན་པས། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་རྣམ་པ་གསར་བ་གསར་གཏོད་བྱེད་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།