ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འཇར་པན་གྱི་སྲིད་དབང་བཟུང་མེད་པའི་ཏང་གི་འགན་ཁུར་པར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2n.jpg

 ས་དེའི་ཚེས10ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཏུང་ཅིན་གྱི་ཁོང་བཞུགས་སའི་མགྲོན་ཁང་ནས་འཇར་པན་གྱི་སྲིད་དབང་བཟུང་མེད་པའི་ཏང་གི་འགན་ཁུར་པར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ས་དེའི་ཚེས10ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཏུང་ཅིན་གྱི་ཁོང་བཞུགས་སའི་མགྲོན་ཁང་ནས་འཇར་པན་གྱི་སྲིད་དབང་བཟུང་མེད་པའི་ཏང་གི་འགན་ཁུར་པར་མཇལ་འཕྲད་གནང་། ཁྲིམས་འཛུགས་དམངས་གཙོ་ཏང་གི་འཐུས་མི་ཀྲི་ཡེ་ཞིན་ནན་དང་། རྒྱལ་དམངས་དམངས་གཙོ་ཏང་གི་འཐུས་མི་ཡུས་མུའུ་ཞུང་དབྱི་ལང་། འཇར་པན་གུང་ཁྲན་ཏང་གི་ཨུ་ཡོན་ཀྲང་ཀྲི་ཝེ་ཧི་ཧྥུའུ། འཇར་པན་གསར་སྒྱུར་ཚོགས་པའི་ཐུན་མོང་འཐུས་མི་ཕེན་ཧྲན་ཕུའུ་ཀྲི་ཀྲུའུ་དང་སྤྱི་ཚོགས་དམངས་གཙོ་ཏང་གི་ཏང་གཙོ་ཡུག་ཧྲི་ཀྲིན་ཀྲི་སོགས་མཇལ་འཕྲད་ལ་ཞུགས།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་འཇར་པན་ནི་ཁྱིམ་མཚེས་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ལ་ཁ་གསབ་རང་བཞིན་དྲག་པོ་ལྡན་ཞིང་། མཉམ་ལས་ཀྱི་སྦས་ཤུགས་ཧ་ཅང་ཆེ། ད་ལོ་ནི་ཀྲུང་གོ་དང་འཇར་པན་བར་ཞི་བདེའི་མཛའ་མཐུན་ཆིངས་ཡིག་བཀོད་ནས་ལོ་འཁོར་བཞི་བཅུ་ལོན་པའི་ལོ་ཡིན། ང་ཚོས་ཆིངས་ཡིག་གི་དགོངས་དོན་བསྐྱར་དྲན་བྱེད་པ་དང་། ཆིངས་ཡིག་གི་རྩ་དོན་བརྩི་སྲུང་བྱེད་དགོས་ལ། འདི་ལྟར་བྱས་ན་ད་གཟོད་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་གོང་འཕེལ་དུ་བཏང་ནས། ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་ཡང་དག་པའི་བགྲོད་ལམ་དུ་སྐྱོད་པར་བྱེད་ཐུབ། འདིར་བཞུགས་ཀྱི་སྲིད་ཏང་ཁག་གིས་ཀྲུང་གོ་དང་འཇར་པན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་ཐང་དང་གཏན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་བར་འབད་བརྩོན་གང་ལེགས་བྱེད་རྒྱུ་ནི་རེ་བ་ཡིན་ཟེར།

མཇལ་འཕྲད་ལ་ཞུགས་པའི་འཇར་པན་གྱི་སྲིད་དབང་བཟུང་མེད་པའི་ཏང་ཁག་གི་འགན་ཁུར་བས་བསྟན་དོན། འཇར་པན་དང་ཀྲུང་གོའི་འབྲེལ་བ་ནི་ཨེ་ཤ་ཡ་ཤར་མ་ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་གཏན་འཇགས་དང་དཔལ་འབྱོར་འཕེལ་རྒྱས་ལ་མཚོན་ན་ཧ་ཅང་གལ་ཆེ། འཇར་པན་ཕྱོགས་ཀྱིས་ཙུང་ལི་ལིས་ཁི་ཆང་གི་ཐེངས་འདིའི་འཚམས་འདྲིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡང་བསྐྱར་རྒྱུན་ལྡན་གྱི་ལམ་དུ་སྐྱོད་པར་བྱས་ཏེ། མདུན་སྐྱོད་ཀྱི་གོམ་སྟབས་གལ་ཆེན་སྤོས། ད་ལོར་འཇར་པན་དང་ཀྲུང་གོས་ཞི་བདེའི་མཛའ་མཐུན་ཆིངས་ཡིག་བཀོད་ནས་ལོ་འཁོར་བཞི་བཅུ་ལོན་པ་འདི་གོ་སྐབས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱིས་སྔར་ལས་རྒྱ་ཆེ་བའི་བརྗེ་རེས་མཉམ་ལས་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་སྲིད་ཏང་དང་གྲོས་མི། ན་གཞོན་སོགས་ཀྱི་བརྗེ་རེས་བརྒྱུད་དེ་མུ་མཐུད་དུ་འཇར་པན་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་དུ་གཏོང་བར་བྱས་རྗེས་གསར་པ་འཇོག་རྒྱུ་ནི་ང་ཚོའི་རེ་བ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།