ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་འཛམ་གླིང་གི་བསམ་བློ་སྤེལ་རེས་ཀྱི་ཚོགས་འདུ་ཆིང་ཧྭ་སློབ་ཆེན་དུ་ཚོགས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2018-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཆིང་ཧྭ་སློབ་ཆེན་ཀྲུང་གོ་དཔལ་འབྱོར་བསམ་བློ་དང་ལག་ལེན་ཞིབ་འཇུག་ཁང་དང་ཀྲུང་གོའི་དཔལ་འབྱོར་གྱི་མི་སྣ50ཡིས་གཙོ་གཉེར་བྱས་པའི་གླེང་སྟེགས“ཀྲུང་གོ་དང་འཛམ་གླིང་གི་བསམ་བློ་སྤེལ་རེས་ཀྱི་ཚོགས་འདུ”ཞེས་པ་ཉིན་ཤས་གོང་ཆིང་ཧྭ་སློབ་ཆེན་དུ་ཚོགས་པ་རེད། གླེང་སྟེགས་འཚོགས་པའི་དམིགས་ཡུལ་ནི་འཛམ་གླིང་ལ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བརྒྱུད་བསྒྲགས་དང་། དེ་བཞིན་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཀྲུང་གོར་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེའི་ཁྲོད་ཀྱི་ཕུན་སུམ་ཚོགས་པའི་བསམ་བློའི་ནང་དོན་ལ་གྲོས་བསྡུར་བྱ་རྒྱུ་དེ་རེད།

ཆིང་ཧྭ་སློབ་ཆེན་གྱི་ཞའོ་ཀྲང་ཆིའུ་ཡུང་གིས་ངོ་སྤྲོད་བྱས་དོན། བསམ་བློ་སྤེལ་རེས་དང་གླེང་རེས་སྔ་བར་ཕྱི་གསུམ་དུ་རྒྱུན་འཁྱོངས་བྱེད་པ་ནི་གོ་ལ་ཧྲིལ་པོ་ཅན་གྱི་འཕེལ་རིམ་ཁྲོད་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པས། སློབ་གྲྭ་ཆེ་མོར་དེའི་ཐད་ནུས་པ་ཆེན་པོ་འདོན་པའི་འགན་འཁྲི་ཡོད་ལ་འཇོན་ཐང་ཡང་ཡོད། ཆིང་ཧྭ་སློབ་ཆེན་ཀྲུང་གོ་དཔལ་འབྱོར་བསམ་བློ་དང་ལག་ལེན་ཞིབ་འཇུག་ཁང་བཙུགས་པའི་ལས་འགན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དཔལ་འབྱོར་གྱི་གནད་དོན་བརྒྱུད་རིམ་རང་བཞིན་དང་ཡུན་རིང་རང་བཞིན་གྱི་སྒོ་ནས་ཞིབ་འཇུག་བྱས་ཏེ་ཉམས་མྱོང་ཕྱོགས་སྡོམ་དང་བསམ་བློ་གཏིང་ཟབ་ཏུ་བཏང་སྟེ། འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ཆེད་རིགས་པའི་གཞུང་ལུགས་ཀྱི་འདེགས་སྐྱོར་དེ་བས་མང་བ་བྱ་རྒྱུ་ཡིན་པ་རེད།

ཚོགས་ཞུགས་སྐུ་མགྲོན་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཀྲུང་གོར་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ40སོང་ཚུན་གྱི་ལག་ལེན་དང་ཉམས་མྱོང་སོགས་ཀྱི་གྲོས་གཞིར་ཞིབ་འཇུག་དང་གྲོས་བསྡུར་བྱས་པ་རེད། ཨ་རི་དང་། དབྱིན་ཇི། སིང་ཀ་ཕོར་སོགས་རྒྱལ་ཁབ་དང་ས་ཁུལ་གྱི་གོ་ལ་ཧྲིལ་པོའི་གྲགས་ཅན་མཁས་དབང་དང་དེ་བཞིན་ཀྲུང་གོའི་མཁས་དབང་དང་ཁེ་ལས་མཁས་ཅན་གྱི་འཐུས་མིས་འབྲེལ་ཡོད་གྲོས་གཞིར་སྤེལ་རེས་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།