ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་དང་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་གཞོན་པ་ཁ་ལ་རྣམ་གཉིས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་བཟོ་ཚོང་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

李克强出席中国-印尼工商峰会并发表主旨演讲.jpg

ཟླ5བའི་ཚེས7ཉིན་གྱི་དགོང་མོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་གཞོན་པ་ཁ་ལ་རྣམ་གཉིས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་བཟོ་ཚོང་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས7ཉིན་གྱི་དགོང་མོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་གཞོན་པ་ཁ་ལ་རྣམ་གཉིས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་བཟོ་ཚོང་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། བདག་གིས་ད་ཐེངས་འཚམས་འདྲི་བྱེད་པའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་སྔར་ལས་ཇེ་མང་དུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། གཅིག ཕྱོགས་གཉིས་ཀྱིས་དངུལ་གཏོང་དང་ཐོན་ནུས་མཉམ་ལས་རྒྱ་སྐྱེད་རྒྱུ་རེད། གཉིས། ཕྱོགས་གཉིས་ཀྱིས་ཉོ་ཚོང་དང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་རྒྱུ་རེད། གསུམ། ཕྱོགས་གཉིས་ཀྱིས་མི་གཞུང་བརྗེ་རེས་དང་མཉམ་ལས་སྔར་ལས་ཇེ་མང་དུ་གཏོང་རྒྱུ་རེད།

ལིས་ཁི་ཆང་གིས་གསུངས་རྒྱུར། ད་ལོ་ནི་ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུ་ལོན་པའི་ལོ་ཡིན། སྒོ་འབྱེད་རྒྱ་བསྐྱེད་པ་ནི་ཀྲུང་གོའི་རང་བདག་ཅན་དང་དགོས་ངེས་ཀྱི་གདམ་གསེས་ཡིན། ཀྲུང་གོས་ཆུ་ཚད་མཐོ་བའི་སྒོ་ནས་ཕྱི་ཕྱོགས་སྒོ་འབྱེད་བྱས་ནས་སྔར་ལས་རིམ་པ་མང་པོའི་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་ངེས་ཡིན། སྔར་ལས་དར་རྒྱས་ཆེ་ཞིང་སྒོ་འབྱེད་པའི་ཀྲུང་གོས་ཧིན་རྡུ་ཉི་ཞི་ཡ་དང་བཅས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོར་འཕེལ་རྒྱས་ཀྱི་གོ་སྐབས་བཟང་བོ་སྐྲུན་ངེས་ཡིན་ཟེར།

ཁ་ལ་ཡིས་བཤད་རྒྱུར། ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོའི་བཟོ་ཚོང་མཐོ་རིམ་གྲོས་ཚོགས་བསྡུས་པ་ནི་རྒྱལ་ཁབ་གཉིས་ཀྱི་བཟོ་ཚོང་ལས་རིགས་ཀྱི་འགོ་གཙོས་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་པོ་མངོན་པར་བྱེད་རྒྱུ་དེ་ཡིན། ཀྲུང་གོས་མུ་མཐུད་དུ་ཧིན་རྡུ་ཉི་ཞི་ཡ་ལ་མ་དངུལ་གཏོང་བར་དགའ་བསུ་ཞུ་བ་དང་། ཕྱོགས་གཉིས་ཀྱི་ཐོན་རྫས་ཕྱིར་གཏོང་ཤུགས་ཇེ་ཆེར་གཏོང་དགོས། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་སྲིད་ཇུས་གཏན་འཁེལ་བྱས་ནས་ཕྱོགས་གཉིས་ཀྱི་དངུལ་གཏོང་དང་ཚོང་གཉེར་ཐད་ལ་ཁོར་ཡུག་བཟང་བོ་གསར་སྐྲུན་བྱེད་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།