ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«ཞང་སྡེ་ཡི་གཞི་ཁྱོན་ཆུང་བའི་སློབ་གྲྭ་དང་ཞང་དང་གྲོང་རྡལ་གྱི་བཅའ་སྡོད་ལམ་ལུགས་སློབ་གྲྭ་འཛུགས་སྐྲུན་བྱེད་པར་ཁྱོན་ཡོངས་ནས་ཤུགས་སྣོན་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར»འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«ཞང་སྡེ་ཡི་གཞི་ཁྱོན་ཆུང་བའི་སློབ་གྲྭ་དང་ཞང་དང་གྲོང་བརྡལ་གྱི་བཅའ་སྡོད་ལམ་ལུགས་སློབ་གྲྭ་འཛུགས་སྐྲུན་བྱེད་པར་ཁྱོན་ཡོངས་ནས་ཤུགས་སྣོན་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར»འགྲེམ་སྤེལ་བྱས།

«བསམ་འཆར»ལས་རིགས་གཉིས་ཀྱི་སློབ་གྲྭའི་འཕེལ་རྒྱས་རྗེས་ལུས་ཡིན་པའི་གནད་དོན་ལ་དམིགས་ཏེ་ཕྱོགས་ལྔ་ནས་ཐག་གཅོད་བྱེད་ཐབས་བཏོན། ཉིས་སྟོང་ཉི་ཤུ་ལོའི་བར་དུ་རིགས་གཉིས་ཀྱི་སློབ་གྲྭའི་ཞན་ཆ་ཕལ་ཆེར་ཁ་གསབ་བྱེད་པ་དང་ཞང་སྡེ་སློབ་གསོ་སྔར་ལས་དར་སྤེལ་བྱེད་དགོས་ལ། རྫོང་ཁོངས་ཀྱི་གྲོང་གསེབ་འོས་འགན་སློབ་གསོ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཕལ་ཆེར་མངོན་འགྱུར་བྱས་ནས། ཞང་སྡེ་སློབ་མར་འདྲ་མཉམ་དང་སྤུས་ཚད་ལེགས་པའི་སློབ་གསོ་འདོན་སྤྲོད་བྱེད་དགོས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།