ཀྲུང་གོ་བོད་ཀྱི་དྲ་བ།

གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་མཐོ་རིམ་གྲོས་ཚོགས་སྐབས་དང་པོ་ཧྥུའུ་ཀྲིག་ནས་ཚོགས་འགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཟླ་བཞི་བའི་ཚེས་ཉེར་གཉིས་ཀྱི་སྔ་དྲོར། གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་མཐོ་རིམ་གྲོས་ཚོགས་སྐབས་དང་པོ་ཧྥུའུ་ཅན་གྱི་ཧྥུའུ་ཀྲིག་ནས་ཚོགས་འགོ་བརྩམས། ཚོགས་འགོ་རྩོམ་པའི་མཛད་སྒོའི་སྟེང་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྒྲོག་འདོན་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུང་མེན་མཐོ་རིམ་གྲོས་ཚོགས་ཀྱི་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད་སྤེལ། ཁོང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་འཐབ་ཇུས་དགོངས་པ་དང་མཛུབ་སྟོན་བླང་བྱ་སྣ་ཚོགས་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ནས། རྒྱལ་ཡོངས་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པ་དང་། གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་བྱེད་པར་དམ་པོར་དམིགས་ཏེ། ལག་རྩལ་གཙོ་བོ་མྱུར་དུ་གཏོར་བར་བྱེད་པ་དང་། རྨང་གཞིའི་སྒྲིག་ཆས་ལེགས་སྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་བ། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་བཅས་བྱས་ནས། ཆ་འཕྲིན་ཅན་འཕེལ་རྒྱས་ཀྱིས་སྤྱི་ཚོགས་དང་མི་དམངས་ལ་སྔར་ལས་བདེ་སྐྱིད་སྐྲུན་པར་བྱེད་དགོས་ཟེར།

གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་མཐོ་རིམ་གྲོས་ཚོགས་སྐབས་དང་པོ་ཟླ་བཞི་བའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་བཞི་ཉིན་བར་ཧྥུའུ་ཀྲིག་ནས་བསྡུ་རྒྱུ་རེད། རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བའི་གཞུང་སྒྲུབ་ཁང་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ཧྥུའུ་ཅན་ཞིང་ཆེན་སྲིད་གཞུང་གིས་མཉམ་དུ་གཙོ་སྒྲུབ་བྱས། ཞིང་ལྗོངས་དང་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས། དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བའི་ལས་ཁུངས་བཅས་ཀྱི་འགན་ཁུར་བ་དང་། ལས་རིགས་རྩ་འཛུགས་ཀྱི་འགན་ཁུར་བ། ཐོན་ལས་ལས་རིགས་ཀྱི་འཐུས་མི། ཆེད་མཁས་པ་དང་རིག་གནས་པ། རིག་མཛོད་ཀྱི་འཐུས་མི་བཅས་བསྡོམས་པས་མི་བརྒྱད་བརྒྱ་ལྷག་མཐོ་རིམ་གྲོས་ཚོགས་སུ་ཞུགས།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།