ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་འབར་མའི་སྔོན་ཆད་ཀྱི་ཙུང་ཐུང་བུའུ་ཏིན་ཧྲིན་ལ་ཐུག་འཕྲད་བྱས

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   རྒྱལ་སྲིད་ཨུ་ཡོན་ཞོར་དུ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གི་འགན་ཁུར་མཁན་ཝང་དབྱི་ཡིས་ཚེས་ཉེར་གཉིས་ཉིན་པེ་ཅིན་ཏིའོ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་འབར་མའི་སྔོན་ཆད་ཀྱི་ཙུང་ཐུང་བུའུ་ཏིན་ཧྲིན་ལ་ཐུག་འཕྲད་བྱས།

ཝང་དབྱི་ཡིས་བཤད་རྒྱུར། ཀྲུང་གོ་དང་འབར་མ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་མཉམ་དུ་སྐུལ་འདེད་བཏང་འོག རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་། ཀྲུང་གོ་ཕྱོགས་ཀྱིས་འབར་མ་ཕྱོགས་དང་མཉམ་ལས་བྱས་ཏེ་ཀྲུང་གོ་དང་འབར་མའི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ལས་གཞི་གལ་ཆེན་ལག་བསྟར་བྱེད་པ་དམ་འཛིན་བྱས་ནས། འབར་མའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་སྟོབས་ཤུགས་གསར་བ་བསྣན། ཀྲུང་གོ་ཕྱོགས་ཀྱིས་འབར་མ་རྒྱལ་ནང་གི་ཞི་བདེ་དང་བར་འདུམ་འཕེལ་རིམ་ཐད་ནས་བླངས་པའི་གྲུབ་འབྲས་ལ་གཟེངས་བསྟོད་བྱས་པར་མ་ཟད། འབར་མ་ཕྱོགས་ཀྱི་རེ་འདུན་ལྟར་བར་འདུམ་ཡོང་བའི་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་ཐད་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱེད་འདོད་ཡོད་ཟེར།

བུའུ་ཏིན་ཧྲིན་གྱིས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་བོར་འབར་མ་རྒྱལ་ནང་གི་ཞི་བདེ་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་རོགས་རམ་བྱས་པར་བཀའ་དྲིན་ཞུས་པ་ཡིན་ལ། འབར་མ་དང་ཀྲུང་གོ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་སྔར་ལས་འཕེལ་རྒྱས་གཏོང་བར་རེ་སྒུག་བྱས་ཡོད་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།