ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་དང་རྒྱ་གར་གྱི་ཕྱི་འབྲེལ་པུའུ་ཀྲང་སི་ཝ་ལ་ཅེ་གཉིས་ཀྱིས་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་ཨུ་ཡོན་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་ཁུར་མཁན་ཝང་དབྱི་ཡིས་ཚེས་ཉེར་གཉིས་ཉིན་པེ་ཅིན་ནས་རྒྱ་གར་གྱི་ཕྱི་འབྲེལ་པུའུ་ཀྲང་སི་ཝ་ལ་ཅེ་དང་གྲོས་མོལ་བྱས།

ཝང་དབྱི་ཡིས་བཤད་རྒྱུར། ད་ལོའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུགས་ཁུར་དང་སྣེ་ཁྲིད་འོག ཀྲུང་གོ་དང་རྒྱ་གར་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཀྱི་གནས་བབ་བཟང་བོ་བྱུང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་འགྱང་བར་ཙུང་ལི་མའོ་ཏིས་དང་དངོས་གཞི་མིན་པའི་མཇལ་འཕྲད་གནང་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་དེའི་ཐད་ཀྱི་གྲ་སྒྲིག་དམ་འཛིན་བྱས་ནས། ཐུག་འཕྲད་ལ་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་པར་ཁག་ཐེག་བྱེད་དགོས་ལ། གོ་སྐབས་དེ་དང་བསྟུན་ནས། འཐབ་ཇུས་ཡིད་ཆེས་ཇེ་དམ་དུ་གཏོང་བ་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། འགལ་བ་ཐག་གཅོད་བཟང་བོ་བྱེད་པ་དང་། མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱས་ནས། ས་ཁུལ་དང་འཛམ་གླིང་གི་ཞི་བའི་འཕེལ་རྒྱས་ལས་དོན་ལ་སྐུལ་འདེད་གཏོང་བར་བྱས་རྗེས་འཇོག་དགོས་ཟེར།

སི་ཝ་ལ་ཅེ་ཡིས་བཤད་རྒྱུར། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཐུག་འཕྲད་ལ་སྐུལ་འདེད་གཏོང་བ་དང་། འགོ་ཁྲིད་པའི་བར་གྱི་མཛའ་བཤེས་ཇེ་དམ་དུ་གཏོང་བ། རྒྱལ་ཁབ་གཉིས་ཀྱི་ཡིད་ཆེས་ཇེ་དྲག་ཏུ་བཏང་སྟེ། རྒྱ་གར་དང་ཀྲུང་གོ་གཉིས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་ཆུ་ཚད་གསར་བ་ཞིག་ཏུ་མཐོར་འདེགས་གཏོང་འདོད་ཡོད་ཟེར།

ཕྱོགས་གཉིས་ཀྱིས་ད་རུང་མིག་སྔའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ཐད་ལ་ལྟ་ཚུལ་བརྗེ་རེས་བྱས།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།