ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བཞི་བའི་ཚེས་བཅུ་གཉིས་ཉིན་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། མཉམ་འབྲེལ་དྲ་རྒྱ་དང་སྨན་བཅོས་བདེ་ཐང་འཕེལ་རྒྱས་བྱེད་ཐབས་གཏན་འཁེལ་བྱས་ཏེ། སྨན་བཅོས་བྱེད་དཀའ་བའི་གནད་དོན་ཇེ་ལྷོད་དུ་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་ལ། སྐྲན་འགོག་སྨན་བཅོས་ནང་འདྲེན་བྱེད་པར་སྒོ་ཁྲལ་མེད་པར་གཏོང་བ་དང་། གསར་སྐྲུན་སྨན་རྫས་ནང་འདྲེན་བྱེད་པར་སྐུལ་མ་བཏང་སྟེ། མི་དམངས་ཀྱི་རེ་སྒུལ་དང་བསྟུན་པ་དང་ནད་པར་ཁེ་ཕན་སྔར་ལས་མང་པོ་ཐོབ་པར་བྱེད་པའི་ཐག་བཅད་པར་མ་ཟད། ཞང་སྡེའི་གཞི་ཁྱོན་ཆུང་བའི་སློབ་གྲྭ་དང་ཞང་གྲོང་གི་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭ་འཛུགས་སྐྲུན་བྱེད་པར་ཁྱོན་ཡོངས་ནས་ཤུགས་བསྣན་ཏེ། ཞིང་སྡེའི་བྱིས་པར་འདྲ་མཉམ་དང་སྤུས་ཚད་ལྡན་པའི་འོས་འགན་སློབ་གསོ་ཐོབ་པར་བྱེད་རྒྱུ་བཀོད་སྒྲིག་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།