ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«ཤེས་བྱའི་ཐོན་དབང་ཕྱི་ཕྱོགས་ལ་བརྒྱུད་འཚོང་བྱེད་པའི་འབྲེལ་ཡོད་བྱ་བའི་ཚོད་ལྟའི་ལག་བསྟར་བྱེད་ཐབས»འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«ཤེས་བྱའི་ཐོན་དབང་ཕྱི་ཕྱོགས་ལ་བརྒྱུད་འཚོང་བྱེད་པའི་འབྲེལ་ཡོད་བྱ་བའི་ཚོད་ལྟའི་ལག་བསྟར་བྱེད་ཐབས»འགྲེམ་སྤེལ་བྱས། «བྱེད་ཐབས»ནང་དུ་ལག་རྩལ་ཕྱིར་གཏོང་དང་ཕྱི་རྒྱལ་དུ་མ་དངུལ་གཏོང་མཁན། རྒྱལ་ནང་གི་ཁེ་ལས་ཉོ་སྡུད་བྱེད་པ་སོགས་ཀྱི་བྱ་འགུལ་ཁྲོད་དུ་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་ཤེས་བྱའི་ཐོན་དབང་ཕྱི་ཕྱོགས་ལ་བརྒྱུད་འཚོང་བྱེད་པའི་སྤྱོད་ཚུལ་ལ་ཞིབ་བཤེར་བྱེད་རྒྱུ་གཏན་འཁེལ་བྱས་ཡོད།

«བྱེད་ཐབས»དེ་འགྲེམ་སྤེལ་བྱས་པའི་ཉིན་མོ་ནས་བཟུང་ལག་བསྟར་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།