ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ«མྱུར་སྐྱེལ་གནས་སྐབས་ལག་བསྟར་སྲོལ་ཡིག»ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ«མྱུར་སྐྱེལ་གནས་སྐབས་ལག་བསྟར་སྲོལ་ཡིག»དེ་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་ལྔ་བའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས།

«མྱུར་སྐྱེལ་གནས་སྐབས་ལག་བསྟར་སྲོལ་ཡིག»ནང་དུ་ལས་རིགས་འཕེལ་རྒྱས་འགན་སྲུང་བྱེད་པའི་བྱེད་ཐབས་དང་ལམ་ལུགས་རབ་དང་རིམ་པ་དང་བདེ་འཇགས་ལམ་ལུགས་རབ་དང་རིམ་པ་གཏན་འཁེལ་བྱས་ཡོད།

«སྲོལ་ཡིག»ནང་དུ་ད་དུང་མྱུར་སྐྱེལ་ཞབས་ཕྱིའི་སྒྲིག་སྲོལ་འཐུས་ཚང་དུ་བཏང་བ་དང་ཆེད་དུ་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་ལམ་ལུགས་གཏན་འཁེལ་བྱས་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།