ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གིས་དབང་ཐོབ་པ་ལྟར«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས»བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས26ཉིན། ཞིན་ཧྭ་གསར་འགྱུར་ཁང་གིས«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས»ཁ་ཚང་དུ་བཀྲམ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་ཟླ3པའི་ཚེས20ཉིན་བཅའ་ཁྲིམས་དེར་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་ཁྱབ་ཨང་གསུམ་པའི་སྟེང་མིང་བཀོད་དེ་ཁྱབ་སྒྲོག་བྱས།

ལྟ་ཞིབ་བཅའ་ཁྲིམས་ལ་བསྡོམས་པས་ལེའུ་དགུ་ཡོད་པ་དང་། དེའི་ནང་སྤྱིའི་རྩ་དོན་དང་། ལྟ་ཞིབ་ལས་ཁུངས་དང་དེའི་འགན་འཁྲི། ལྟ་ཞིབ་ཁྱབ་ཁོངས་དང་དོ་དམ་མངའ་ཁོངས། ལྟ་ཞིབ་དབང་ཚད། ལྟ་ཞིབ་གོ་རིམ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་སྤྱིའི་མཉམ་ལས། ལྟ་ཞིབ་ལས་ཁུངས་དང་ལྟ་ཞིབ་མི་སྣར་ལྟ་སྐུལ་བྱེད་པ། བཅའ་ཁྲིམས་ཀྱི་འགན་འཁྲི། ཞར་བྱུང་དོན་ཚན་བཅས་བསྡོམས་པས་དོན་ཚན་རེ་དགུ་ཡོད།

ལྟ་ཞིབ་བཅའ་ཁྲིམས་ཁྱབ་སྒྲོག་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད། དེ་དང་མཉམ་དུ«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ལྟ་ཞིབ་བཅའ་ཁྲིམས»མེད་པར་གཏོང་རྒྱུ་རེད། 
 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།