ཀྲུང་གོ་བོད་ཀྱི་དྲ་བ།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་དང་ཀྲུང་ཞིན་དངུལ་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི་ལྗང་མདོག་དངུལ་ལོར་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལ་རོགས་འདེགས་བྱེད་ཅེས་པའི་བྱ་འགུལ་ཟི་ལིང་དུ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས9ཉིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་དང་ཀྲུང་ཞིན་དངུལ་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི་ལྗང་མདོག་དངུལ་ལོར་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལ་རོགས་འདེགས་བྱེད་ཅེས་པའི་བྱ་འགུལ་ཟི་ལིང་དུ་སྤེལ།

ན་ནིང་གི་ཟླ་ལྔ་བའི་ཚེས་བཅུ་གཉིས་ཉིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་དང་ཀྲུང་ཞིན་དངུལ་ཁང་གཉིས་ཀྱིས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཀོད་པ་དང་། དེས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་ལྗང་མདོག་དངུལ་ལོར་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བའི་སྒོ་འཕར་དངོས་སུ་ཕྱེས་པ་མཚོན་ཡོད། ཐེངས་འདིའི་བརྗོད་དོན་བྱ་འགུལ་སྤེལ་བ་དེས་སྒྱུར་བ་བཞིའི་བསམ་ཕྱོགས་གསར་པའི་ཁྲིད་སྟོན་འོག ལྗང་མདོག་རྒྱུ་རྐྱེན་གྱི་གསར་སྐྲུན་བྱ་འགུལ་རྩ་འཛུགས་བྱེད་པ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལྗང་མདོག་དངུལ་ལོར་བཅོས་སྒྱུར་ཚོད་ལྟའི་གྲུབ་འབྲས་གསར་པས་དངུལ་ལོར་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་གཉིས་ཕན་ཚུན་མཉམ་སྒུལ་བཟང་བོ་བྱེད་པ་དང་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་གཏོང་བ་མངོན་འགྱུར་བྱེད་ཐུབ།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ལིས་ཞའོ་ནན་གྱིས་བཤད་རྒྱུར། ལྗང་མདོག་དངུལ་ལོར་འཕེལ་རྒྱས་སུ་གཏོང་བ་ནི་ལྗང་མདོག་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་གྱུར་ཡོད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ནང་དོན་གཙོ་བོ་ནི་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་དེ་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐོན་ཁུངས་བཀོད་སྒྲིག་ཁྲོད་འཇོག་པ་དེ་ཡིན། དེས་ལྗང་མདོག་དངུལ་ལོར་བྱེད་ནུས་འདོན་སྤེལ་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཀྱི་དུས་སྐབས་ལས་བརྒལ་བ་དང་ཁུལ་ཁོངས་ལས་བརྒལ་བའི་ཐོན་ཁུངས་བཀོད་སྒྲིག་བྱེད་ནུས་མངོན་འགྱུར་བྱེད་པ་དང་། ལྗང་མདོག་དངུལ་ལོར་བེད་སྤྱོད་བྱས་ཏེ་རི་ལྗང་ཆུ་དྭངས་གསེར་རི་དངུལ་རིར་བསྒྱུར་བ། ལྗང་མདོག་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།