ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཡོ་ནན་དང་ལའོ་ཝུའོ། ཐེ་གོ་བཅས་རྒྱལ་ཁབ་ཀྱི་ཙུང་ལི་ལ་སོ་སོར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

李克强会见越南总理阮春福.jpg

ས་དེའི་དུས་ཚོད་ཚེས་བཅུ་ཉིན་གྱི་དགོང་མོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཅིན་པེན་ནས་ཡོ་ནན་གྱི་ཙུང་ལི་རོན་ཁྲུན་ཧྥུའུ་ལ་མཇལ་འཕྲད་གནང་། 

李克强会见老挝总理通伦.jpg

ས་དེའི་དུས་ཚོད་ཚེས་བཅུ་ཉིན་གྱི་དགོང་མོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཅིན་པེན་ནས་ལའོ་ཝུའོ་རྒྱལ་ཁབ་ཀྱི་ཙུང་ལི་ཐུན་ལུང་ལ་མཇལ་འཕྲད་གནང་། 

克强会见泰国总理巴育.jpg

ས་དེའི་དུས་ཚོད་ཚེས་བཅུ་ཉིན་གྱི་དགོང་མོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཅིན་པེན་ནས་ཐེ་གོ་རྒྱལ་ཁབ་ཀྱི་ཙུང་ལི་པཱ་ཡུས་ལ་མཇལ་འཕྲད་གནང་། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ས་དེའི་ཚེས་བཅུ་ཉིན་གྱི་དགོང་མོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཅིན་པེན་ནས་ཡོ་ནན་གྱི་ཙུང་ལི་རོན་ཁྲུའུ་ཧྥུའུ་དང་ལའོ་ཝུའོ་ཡི་ཙུང་ལི་ཐུན་ལུང་ ཐེ་གོའི་ཙུང་ལི་པཱ་ཡུས་བཅས་ལ་སོ་སོར་མཇལ་འཕྲད་གནང་།

ཡོ་ནན་གྱི་ཙུང་ལི་རོན་ཁྲུན་ཧྥུའུ་ལ་མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་གསུངས་རྒྱུར། དེང་སྐབས་ཀྲུང་གོ་དང་ཡོ་ནན་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་སོང་ཡོད། ང་ཚོས་ཡོ་ནན་ཕྱོགས་དང་མཉམ་དུ་མཚོ་ཐོག་དང་སྐམ་ས། དངུལ་ལོར་བཅས་ཕྱོགས་གསུམ་གྱི་ཐད་ནས་མཉམ་ལས་བྱེད་པའི་བསམ་ཕྱོགས་གཞིར་བཟུང་སྟེ། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་བཏང་ནས་དོན་དངོས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་ལེན་པར་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཤུགས་སྐྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་ཕྱོགས་དང་རྫ་ཆུ་དང་མེས་ཀུང་ཆུ་བོའི་མཉམ་ལས་སྤྱི་ཁོག་ནང་གི་མཉམ་ལས་ལ་ཤུགས་བསྣན་ཏེ། ས་ཁུལ་རང་གི་ཞི་བདེ་དང་བརྟན་འཇགས། འཕེལ་རྒྱས་བཅས་ལ་སྲུང་སྐྱོབ་བྱེད་པར་མཉམ་དུ་འབད་བརྩོན་བྱེད་འདོད་ཡོད་ཟེར།

ལའོ་ཝུའོ་ཡི་ཙུང་ལི་ཐུན་ལུང་ལ་མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ལའོ་ཝུའོ་གཉིས་ཀྱི་འབྲེལ་བ་བཟང་བོ་བཞིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས་བདེ་བླག་སྒོས་འཕེལ་རྒྱས་སུ་བཏང་། ཕྱོགས་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་ཀྲུང་གོ་དང་ལའོ་ཝུའོ་ཡི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་བྱེད་པར་དམིགས་ནས། འཕེལ་རྒྱས་འཐབ་ཇུས་མྱུར་དུ་འབྲེལ་འདྲིས་བྱེད་པ་དང་། ཀྲུང་གོ་དང་ལའོ་ཝུའོ་བར་གྱི་ལྕགས་ལམ་འཛུགས་སྐྲུན་མུ་མཐུད་དུ་བདེ་བླག་སྒོས་ལག་བསྟར་བྱེད་པར་ཁག་ཐེག་བྱས་ཏེ། མཉམ་འབྲེལ་མཉམ་མཐུད་བྱེད་པར་ཤུགས་སྣོན་དགོས་ལ། ལའོ་ཝུའོ་ཕྱོགས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུ་སྐབས་དང་པོར་ཞུགས་པར་དགའ་བསུ་ཞུས་པ་ཡིན་ཟེར།

ཐེ་གོའི་ཙུང་ལི་པཱ་ཡིས་ལ་མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྲོས་གཞི་དང་ཐེ་གོའི་ཤར་ཕྱོགས་དཔལ་འབྱོར་བར་ཁྱམས་སོགས་འཕེལ་རྒྱས་འཐབ་ཇུས་འབྲེལ་འདྲིས་བྱེད་པར་ཤུགས་བསྣན་ཏེ། ཀྲུང་གོ་དང་ཐེ་གོ་བར་གྱི་ཉོ་ཚོང་སྟབས་བདེ་ཅན་དུ་སྒྱུར་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། གཉིས་ཕན་མཉམ་རྒྱལ་སྔར་ལས་མངོན་འགྱུར་བྱེད་འདོད་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།