ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་ཆེའི་དཔོན་དམག་རྣམས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམག་སྦྱོང་བཀའ་ཁྱབ་ཡིད་ལ་དམ་པོར་བཅངས་ཏེ་དམག་དོན་སྦྱོང་བརྡར་གྱི་དངོས་འཐབ་ཅན་གྱི་ཆུ་ཚད་ཇེ་མཐོར་དགོས་ཞེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དམག་དཔུང་ཡོངས་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིས་སྟོང་བཅོ་བརྒྱད་ལོའི་དམག་སྦྱོང་སྐུལ་སློང་ཚོགས་ཆེན་སྟེང་བསྒྲགས་པའི་དམག་སྦྱོང་བཀའ་ཁྱབ་ཡིད་ལ་དམ་པོར་བཅངས་ཏེ། སྣང་བརྙན་གསར་བ་དང་བྱ་སྤྱོད་ལེགས་པོར་བརྟེན་ནས་དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ་དང་དུས་རབས་གསར་པའི་འཐབ་འཁྲུག་ལས་རྣམ་པར་རྒྱལ་བའི་ནུས་པ་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་དགོས།

དམག་དཔུང་ཡོངས་ཀྱི་དཔོན་དམག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམག་སྦྱོང་བཀའ་ཁྱབ་ལ་ཉན་རྗེས་བཤད་རྒྱུར། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ལྡན་གྱི་དགོངས་པས་སྣེ་ཁྲིད་བྱས་ཏེ། སྤྲོ་སེམས་ཆེ་ཞིང་ཉམས་འགྱུར་ལེགས་པའི་སྒོ་ནས་ལོ་གསར་བའི་དམག་དོན་སྦྱོང་བརྡར་ཁྲོད་དུ་ཞུགས་པ་དང་། ཚད་གཞི་མཐོ་བའི་སྒོ་ནས་ལོ་གསར་བའི་དམག་དོན་སྦྱོང་བརྡར་ལས་འགན་ཡོངས་འགྲུབ་བྱས་ཏེ། དམག་དཔུང་གི་ལས་འགན་ལག་བསྟར་ནུས་པ་ཇེ་ཆེར་གཏོང་བའི་ཐད་ལ་བྱས་རྗེས་འཇོག་ངེས་ཡིན་ཟེར།

ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པ་དང་། ཏང་དང་མི་དམངས་ཀྱིས་མི་དམངས་དམག་དཔུང་ལ་ལོ་རྒྱུས་ཀྱི་འགན་འཁྲི་གསར་བ་གནང་། རྒྱ་ཆེའི་དཔོན་དམག་རྣམས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམག་སྦྱོང་བཀའ་ཁྱབ་ལ་ཉན་རྗེས་བཤད་རྒྱུར། དམག་དོན་སྦྱོང་བརྡར་གྱི་དངོས་འཐབ་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས་ན་ངེས་པར་དུ་འཐབ་འཁྲུག་ཅི་ལྟར་བརྒྱག་པ་དང་དམག་སྦྱོང་ཅི་ལྟར་བྱེད་པ། འཐབ་འཁྲུག་ལ་ཅི་ཞིག་མཁོ་ན་དེའི་ཕྱོགས་ནས་སྦྱོང་བརྡར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།