ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཀའོ་ལིས་ཧི་པེ་ཞིང་ཆེན་གྱི་ཞོན་ཨན་ས་ཁུལ་གསར་བར་སོང་སྟེ་འཆར་འགོད་འཛུགས་སྐྲུན་གྱི་འབྲེལ་ཡོད་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས26ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཧི་པེ་ཞིང་ཆེན་གྱི་ཞོན་ཨན་ས་ཁུལ་གསར་བར་སོང་སྟེ་འཆར་འགོད་འཛུགས་སྐྲུན་གྱི་འབྲེལ་ཡོད་བྱ་བར་རྟོག་ཞིབ་བྱས། ཀྲང་ཀའོ་ལིས་སྔ་གཞུག་ཏུ་པེ་ཅིན་ནས་ཞོན་ཨན་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཞོན་ཨན་ས་ཚིགས་སུ་སོང་སྟེ་ཞོན་ཨན་ས་ཁུལ་གསར་བའི་འགྲིམ་འགྲུལ་འཆར་འགོད་གནས་ཚུལ་ལ་རྒྱས་ལོན་བྱས་ཤིང་། རོང་ཁྲིན་རྫོང་གི་སྡོང་འཛུགས་ནགས་སྐྲུན་འཆར་འགོད་བྱེད་སར་སོང་སྟེ་ས་ཁུལ་གསར་བའི་ནགས་ལས་གྲོང་ཁྱེར་གྱི་ཆེད་དོན་འཆར་འགོད་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། ཞོན་ཨན་ས་ཁུལ་གསར་བའི་རིག་དངོས་སྲུང་སྐྱོབ་འགྲེམ་སྟོན་ཁང་དུ་སོང་སྟེ་རིག་དངོས་ཁྱབ་བཤེར་སྲུང་སྐྱོབ་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། ཀོང་ཆི་དམག་དམངས་མཉམ་བསྲེས་གསར་སྐྲུན་ལྟེ་གནས་ལ་སོང་སྟེ་རིམ་མཐོ་མཐོ་གསར་ཐོན་ལས་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་བྱས།

ཉིན་དེའི་ཕྱི་དྲོར་ཀྲང་ཀའོ་ལིས་ཀྱིས་ཨན་ཞིན་རྫོང་དུ་མགོ་འཛིན་བྱས་ཏེ་ཧེ་པེ་ཞོན་ཨན་ས་ཁུལ་གསར་བའི་འཆར་འགོད་འཛུགས་སྐྲུན་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཀྲང་ཀའོ་ལིས་ཀྱིས་བསྟན་དོན། འདུ་ཤེས་བཞི་བརྟན་པོར་ཆགས་པར་བྱེད་པ་དང་གཟེར་འདེབས་སྙིང་སྟོབས་དར་སྤེལ་བྱས་ཏེ། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ་དང་དངོས་འབེབས་བྱ་བ་དམ་འཛིན་བྱེད་དགོས་ལ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཧི་པེ་ཞོན་ཨན་ས་ཁུལ་གསར་བའི་འཆར་འགོད་འཛུགས་སྐྲུན་གྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་སྟེ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།