ཀྲུང་གོ་བོད་ཀྱི་དྲ་བ།

ཞིས་ཅིན་ཕིང་རྒྱལ་ཡོངས་གཞུང་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཚོགས་འདུར་བཞུགས་པ།

ཡོང་ཁུངས། : ཀྲུང་གོའི་བོད་ལྗོངས་དྲ་བ།     སྤེལ་དུས། : 2016-10-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020161013355631565042.jpg

ཟླ་10ཚེས་10དང་ཚེས་11ཉིན་རྒྱལ་ཡོངས་གཞུང་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་10ཚེས་10དང་ཚེས་11ཉིན་རྒྱལ་ཡོངས་གཞུང་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ཏང་གིས་གཞུང་ཁོངས་ཁེ་ལས་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞུང་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བ་བརྒྱུད་གཞུང་ཁོངས་ཁེ་ལས་འདི་ཉིད་ཏང་དང་རྒྱལ་ཁབ་ཀྱིས་བློས་འགེལ་ཆོག་པའི་རྟེན་སའི་སྟོབས་ཤུགས་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པའི་སྟོབས་ཤུགས་གལ་ཆེན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྟོབས་ཤུགས་གལ་ཆེན།“ཕྱིར་སྐྱོད”འཐབ་ཇུས་ལག་བསྟར་དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་སོགས་འཐབ་ཇུས་གལ་ཆེན་ལག་བསྟར་བྱེད་པའི་སྟོབས་ཤུགས་གལ་ཆེན། ཕྱོགས་བསྡུས་རྒྱལ་སྟོབས་ཆེ་རུ་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོ་འགན་ལེན་དང་ལེགས་བཅོས་བཅས་ཀྱི་སྟོབས་ཤུགས་གལ་ཆེན། རང་རེའི་ཏང་ལ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་འཐབ་རྩོད་ལ་རྒྱལ་ཁ་ཐོབ་རྒྱུའི་སྟོབས་ཤུགས་གལ་ཆེན་བཅས་ལ་འགྱུར་བ་བྱེད་དགོས། གཞུང་ཁོངས་རྒྱུ་ནོར་གྱི་རིན་སྲུང་རིན་འཕར་དང་། གཞུང་ཁོངས་དཔལ་འབྱོར་གྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུ། གཞུང་ཁོངས་མ་རྩའི་ནུས་པ་རྒྱ་ཆེར་གཏོང་རྒྱུ་བཅས་ལ་ཕན་པའི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ་གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། གཉེར་སྐྱོང་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ། གཞུང་ཁོངས་རྒྱུ་ནོར་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་གཞུང་ཁོངས་ཁེ་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། ལེགས་གཉེར། གཉེར་རྒྱ་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིའུ་ཡུན་ཧྲན་གྱིས་ཕྱོགས་སྡོམ་གསུང་བཤད་གནང་ཞིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཝང་ཆི་ཧྲན་དང་ཀྲང་ཀའོ་ལི་ཚོགས་འདུར་ཕེབས་ཡོད་པ་རེད།

ཞིས་ཅིན་ཕིང་གིས་གསུང་བཤད་གནང་སྐབས་གཞུང་ཁོངས་ཁེ་ལས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་རྨང་གཞི་དང་ཆབ་སྲིད་ཀྱི་རྨང་གཞི་གལ་ཆེན་ཞིག་དང་། རང་རེའི་ཏང་གི་སྲིད་འཛིན་རྒྱལ་དར་གྱི་ཀ་རྟེན་གལ་ཆེན་དང་རྟེན་སའི་སྟོབས་ཤུགས་ཤིག་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་གཞུང་ཁོངས་ཁེ་ལས་འཕེལ་རྒྱས་འགྲོ་རྒྱུར་གྲུབ་འབྲས་ཆེན་པོ་ཐོབ་ཡོད། རང་རྒྱལ་གྱི་གཞུང་ཁོངས་ཁེ་ལས་ཀྱིས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། ཚན་རྩལ་ཡར་ཐོན། རྒྱལ་སྲུང་འཛུགས་སྐྲུན། དམངས་འཚོ་ལེགས་བཅོས་བཅས་ལ་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ཕུལ་ཡོད་ལ། བྱས་རྗེས་གཟེངས་སུ་ཐོན་པ་དང་སུབ་ཐབས་བྲལ་བའི་བྱས་རྗེས་བཞག་ཡོད་ཅེས་ནན་བཤད་གནང་བ་རེད།

ཞིས་ཅིན་ཕིང་གིས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ནི་རང་རྒྱལ་གཞུང་ཁོངས་ཁེ་ལས་ཀྱི་གཟི་བརྗིད་སྲོལ་རྒྱུན་དང་། གཞུང་ཁོངས་ཁེ་ལས་ཀྱི“རྩ་བ”དང“བླ་སྲོག”རང་རྒྱལ་གཞུང་ཁོངས་ཁེ་ལས་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་བཅས་ཡིན། དུས་བབ་གསར་པའི་འོག་གཞུང་ཁོངས་ཁེ་ལས་ཀྱིས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། སྤྱིའི་བླང་བྱ་ནི། ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ཉམས་པ་དང་། ཞན་པ། ཟབ་ཟོབ། མཐའ་ཟུར་དུ་ལུས་པའི་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱ་རྒྱུར་དམ་པོར་དམིགས་པ། ཏང་གིས་གཞུང་ཁོངས་ཁེ་ལས་ལ་འགོ་ཁྲིད་བྱ་རྒྱུར་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས། ཁེ་ལས་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་སྲོག་ཤིང་དང་ཆབ་སྲིད་སྲོག་ཤིང་ནུས་པ་འདོན་སྤེལ་བཅས་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་སྲིད་ཇུས་དང་བཀོད་སྒྲིག་གལ་ཆེན་གཞུང་ཁོངས་ཁེ་ལས་ཁྲོད་ལག་བསྟར་བྱ་རྒྱུ་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

ཞིས་ཅིན་ཕིང་གིས་ཏང་གིས་གཞུང་ཁོངས་ཁེ་ལས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱ་རྒྱུ་དེ་ནི་ཆབ་སྲིད་ཀྱི་རྩ་དོན་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་ལག་བསྟར་མཐའ་གཅིག་ཏུ་བྱེད་དགོས་པ་དང་། དེང་རབས་ཅན་གྱི་ཁེ་ལས་ལམ་ལུགས་འཛུགས་རྒྱུ་དེ་ནི་གཞུང་ཁོངས་ཁེ་ལས་ལ་སྒྱུར་བཅོས་བྱེད་པའི་ཁ་ཕྱོགས་ཡིན་པས་ངེས་པར་དུ་ལག་བསྟར་མཐའ་གཅིག་ཏུ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཞིས་ཅིན་ཕིང་གིས་ཏང་གིས་གཞུང་ཁོངས་ཁེ་ལས་ལ་འགོ་ཁྲིད་བྱེད་པའི་ཐད་ཆབ་སྲིད་ཀྱི་འགོ་ཁྲིད་དང་། བསམ་བློའི་འགོ་ཁྲིད། རྩ་འཛུགས་ཀྱི་འགོ་ཁྲིད་བཅས་ཟུང་འབྲེལ་ནུས་ལྡན་བྱེད་དགོས། གཞུང་ཁོངས་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་ཀྱི་སྲོག་ཤིང་དང་ཆབ་སྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་བྱེད་དགོས་པ། མཐར་གཏུགས་ནས་བརྗོད་ན། ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་ལ་དོ་དམ། དོན་འཁྱོལ་འགན་ལེན་བཅས་བྱ་རྒྱུ་དེ་ཡིན་ཞེས་གསུངས་པ་རེད།

ཞིས་ཅིན་ཕིང་གིས་ཏང་དང་མི་དམངས་ཀྱིས་གཞུང་ཁོངས་ཀྱི་རྒྱུ་ནོར་ཁེ་ལས་ཀྱི་འགོ་ཁྲིད་མི་སྣར་སྤྲད་ནས་གཉེར་སྐྱོང་དོ་དམ་བྱེད་དུ་བཅུག་པ་དེ་ནི་ཡིད་ཆེས་ཆེན་པོ་བྱས་པ་ཞིག་ཡིན། གཞུང་ཁོངས་ཁེ་ལས་ཀྱི་འགོ་ཁྲིད་མི་སྣའི་ཏང་གཤིས་སློབ་གསོ་དང་། དམིགས་ཡུལ་གྱི་སློབ་གསོ། ཉེན་བརྡ་གཏོང་བའི་སློབ་གསོ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་བཏང་ནས་ཁོང་ཚོའི་བསམ་བློ་ཆབ་སྲིད་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་རྒྱུ་དང་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུར་ཁྲིད་སྟོན་བྱས་ཏེ་བསམ་བློའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཞིས་ཅིན་ཕིང་གིས་བློ་གཅིག་སེམས་གཅིག་གིས་བཟོ་པའི་གྲལ་རིམ་ལ་བརྟེན་པའི་བྱེད་ཕྱོགས་མཐའ་འཁྱོངས་བྱ་རྒྱུ་དེ་ནི་ཏང་གིས་གཞུང་ཁོངས་ཁེ་ལས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པའི་ནང་གནས་ཀྱི་བླང་བྱ་ཞིག་རེད། ལས་བཟོའི་འཐུས་མི་ཚོགས་ཆེན་དེ་གཞི་རྩའི་རྣམ་པར་བྱེད་པའི་དམངས་གཙོ་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་བཟོ་གྲྭའི་ལས་དོན་ཡོངས་བསྒྲགས་དང་ལས་སྒོ་ཡོངས་བསྒྲགས་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ལས་བཟོ་མང་ཚོགས་ཀྱི་གནས་ཚུལ་ཤེས་དབང་དང་། ཞུགས་དབང་། སྐད་ཆ་ཤོད་དབང་། ལྟ་སྐུལ་དབང་ཆ་བཅས་དོན་འཁྱོལ་བྱས་ནས་བཟོ་པའི་གྲལ་རིམ་གྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་གང་ལེགས་བྱེད་དགོས་ཞེས་གསུངས་པ་རེད།

ཞིས་ཅིན་ཕིང་གིས་གཞུང་ཁོངས་ཁེ་ལས་ཀྱི་འགོ་ཁྲིད་མི་སྣ་ནི་དཔལ་འབྱོར་ཁྱབ་ཁོངས་ནང་ཏང་གིས་སྲིད་འཛིན་པའི་རྐང་འཛིན་པ་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་མཉམ་འདྲེས་རྣམ་པའི་ཤེས་ལྡན་མི་སྣའི་འབྱུང་རྩ་གལ་ཆེན་ཞིག་ཡིན་པས་གཞུང་ཁོངས་རྒྱུ་ནོར་གཉེར་སྐྱོང་དོ་དམ་དང་། རིན་ཐང་བརྟན་སྲུང་དང་གནས་ཐང་འཕར་བ་བྱེད་པའི་འགན་འཁྲི་གལ་ཆེན་འཁུར་ཡོད། གཞུང་ཁོངས་ཁེ་ལས་ཀྱི་འགོ་ཁྲིད་མི་སྣས་ངེས་པར་དུ་ཏང་ལ་ལྷག་བསམ་རྣམ་དག་དང་། གསར་གཏོད་བྱེད་ཕོད་པ། ཁེ་ལས་སྐྱོང་རྒྱུར་བྱེད་ཐབས་ལྡན་པ། ཁེ་ལས་དར་རྒྱས་གཏོང་རྒྱུར་གཞོལ་བ། སྤྱོད་གཙང་དྭངས་གཙང་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཞིས་ཅིན་ཕིང་གིས་ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ནས་ཏང་གིས་ལས་བྱེད་པའི་མི་དོན་ལས་དོན་ལ་འགོ་ཁྲིད་བྱེད་པའི་དབང་ཆ་དང་ལས་བྱེད་པ་གཙོ་བོར་དོ་དམ་བྱེད་པའི་དབང་ཆ་འགན་ལེན་བྱེད་པ་དང་། མི་སྣ་འདེམས་སྐབས་ཆབ་སྲིད་ཚད་ལོན་དང་། སྤྱོད་ཚུལ་ལེགས་པ། སྤྱོད་གཙང་ཐད་གནད་དོན་མི་ཐོན་པ་བཅས་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

ཞིས་ཅིན་ཕིང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཞུང་ཁོངས་ཁེ་ལས་སུ་དོན་འཁྱོལ་བྱས་ཏེ་ངེས་པར་དུ་གཞི་རྩའི་རྩ་འཛུགས་དང་། གཞི་རྩའི་དཔུང་ཁག གཞི་རྩའི་ལམ་ལུགས་བཅས་ནན་དུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

ཞིས་ཅིན་ཕིང་གིས་རིམ་ཁག་ཏང་ཨུད་ཀྱིས་གཞུང་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་དམ་འཛིན་ཡག་པོ་བྱས་ཏེ་ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་རྒྱུ་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།