ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྡོད་ཁང་གླས་གཏོང་སྲིད་ཇུས་གསར་པ་བཏོན་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

  ཟླ6པའི་ཚེས3ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སྡོད་ཁང་གླས་གཏོང་ཚོང་ར་མྱུར་དུ་སྐྱེད་སྲིང་དང་འཕེལ་རྒྱས་སུ་གཏོང་དགོས་པའི་སྐོར་གྱི་བསམ་འཆར་འགའ》ཁྱབ་སྒྲོག་བྱས།《བསམ་འཆར》ནང་བཏོན་དོན། 2020ལོའི་བར། འདོན་སྤྲོད་གཙོ་གཞི་སྣ་མང་དང་། ཚོང་གཉེར་ཞབས་ཞུ་ཚད་ལྡན། གླས་གཏོང་འབྲེལ་བ་བརྟན་བརླིང་བཅས་ཀྱི་སྡོད་ཁང་གླས་གཏོང་ཚོང་རའི་མ་ལག་ཕལ་ཆེར་ཆགས་པ་དང་། གཞི་རྩའི་འགན་སྲུང་དང་དྲང་གཞག་ལ་སྐུལ་འདེད། བསྟུད་མར་འཕེལ་འཐུས་པ་བཅས་ཀྱི་སྤྱི་སྤྱོད་གླས་གཏོང་སྡོད་ཁང་གི་འགན་སྲུང་མ་ལག་ཕལ་ཆེར་ཆགས་པ། ཚོང་རའི་སྒྲིགས་ལམ་གསལ་པོ་དང་སྲིད་གཞུང་གི་ལྟ་སྐུལ་དོ་དམ་གྱི་ཤུགས་ཆེ་བ། ཁེ་དབང་ལ་འགན་སྲུང་གང་ལེགས་བྱེད་ཐུབ་པ་བཅས་ཀྱི་སྡོད་ཁང་གླས་གཏོང་ཁྲིམས་སྲོལ་ལམ་ལུགས་ཀྱི་མ་ལག་ཕལ་ཆེར་ཆགས་པར་བྱས་ཏེ།གྲོང་རྡལ་སྡོད་དམངས་ཚང་མར་སྡོད་ཁང་ཡོད་པའི་དམིགས་འབེན་མངོན་འགྱུར་ཡོང་བར་སྐུལ་འདེད་བྱ་རྒྱུ།

  འོ་ན།“སྡོད་ཁང་གླས་གཏོང་སྲིད་ཇུས་གསར་པ”ལ་བཟང་ཆ་གང་དག་ཡོད་ཅེ་ན།

  བཟང་ཆ་དང་པོ་ནི་ཁྱེད་ཀྱིས་སྡོད་ཁང་གླས་ན།སྲིད་གཞུང་གིས་ཁྱེད་ལ་ད་དུང་སྒོར་མོ་སྟེར་བ།

  ཐེངས་འདིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་སྟེང་དུ་གླ་གོང་བདེ་བའི་ཁང་པ་དངུལ་ལོར་ཅན་དུ་འགྱུར་བར་སྐུལ་འདེད་བྱས་ཏེ།སྲིད་གཞུང་གིས་འགན་སྲུང་བྱ་ཡུལ་ལ་ཚོང་ར་བརྒྱུད་དེ་གླས་གཏོང་སྡོད་ཁང་གི་ཁ་གསབ་སྟེར་རྒྱུ་ཡིན་པ་གསལ་པོ་བྱས།བྱེ་བྲག་གི་ཁ་གསབ་བྱེད་ཐབས་ནི།རང་རྒྱལ་གྱི་སྡོད་ཁང་འགན་སྲུང་ཐད་དངོས་པོའི་འགན་སྲུང་དང་སྒོར་མོའི་འགན་སྲུང་གཉིས་ཡོད།

  སྔོན་ཆད་མང་ཤས་ནི་དངོས་པོའི་འགན་སྲུང་ཡིན་ཏེ།ཁ་གསབ་ཐོབ་མཁན་གྱི་སྡོད་ཁང་འགྲོ་སྒོ་ཚང་མ་སྲིད་གཞུང་གིས་འགན་ཁུར་ཡོད་པས།ཁོས་རང་ཉིད་ཀྱི་དངོས་པོ་རྣམས་བབ་མཚུངས་ཀྱི་སྡོད་ཁང་ནང་དུ་ཁྱེར་པས་ཆོག རྗེས་ཕྱོགས་སུ་སྡོད་ཁང་འདོན་སྤྲོད་དང་དགོས་མཁོའི་འབྲེལ་བ་ཞི་ལྷོད་དུ་གྱུར་པ་དང་།སྡོད་ཁང་གླས་གཏོང་ཚོང་རར་འཕེལ་རྒྱས་ངེས་ཅན་ཞིག་བྱུང་བ་དང་བསྟུན་ནས།སྒོར་མོའི་ཁ་གསབ་བསྒྱུར་རྒྱུ་རེད།

  སྒོར་མོའི་ཁ་གསབ་ནི་ཕྱི་རྒྱལ་གྱི་སྡོད་ཁང་འགན་སྲུང་གི་འཕེལ་ཕྱོགས་གཙོ་བོ་ཡིན་ལ། སྲིད་གཞུང་གིས་སྒོར་མོ་ཐད་ཀར་ཁ་གསབ་ཐོབ་མཁན་ལ་སྤྲོད་རྒྱུ་དེ་རེད།འཛུགས་སྐྲུན་མ་དངུལ་མང་པོ་གསོག་དགོས་པའི་དངོས་པོའི་གླས་གཏོང་དཔེ་དབྱིབས་དང་བསྡུར་ན།སྒོར་མོའི་ཁ་གསབ་དཔེ་དབྱིབས་ནི་སྲིད་གཞུང་གིས་མ་དངུལ་ངེས་ཅན་ཞིག་གིས་གླས་གཏོང་ལ་ཁ་གསབ་བྱས་ཆོག་པས། སྒོར་མོ་གཅིག་འདྲ་ལས་བྱུང་བའི་འགན་སྲུང་ཁེབས་རྒྱ་ཇེ་ཆེར་གྱུར་པ་དང་། བོགས་ལེན་ཁྱིམ་ཚང་གི་ཁུར་པོ་ཁ་གཏད་རང་བཞིན་ཡོད་པའི་སྒོ་ནས་ཉུང་འཕྲི་བྱས།

  བཟང་ཆ་གཉིས་པ་ནི་ཚད་ལྡན་ཅན་གྱི་ལྟ་སྐུལ་དོ་དམ་བྱས་པ་ལས་ཁང་གླ་མར་འབབ་པའི་རེ་བ་ཡོད་པ།

  རང་རྒྱལ་གྱིས་སྔོན་ཆད་ནས་སྡོད་ཁང་གླས་གཏོང་ཚོང་རར་སྐུལ་འདེད་བྱེད་དགོས་ཚུལ་བཏོན་མྱོང་།2015ལོའི་ལོ་མགོར།སྡོད་ཁང་འཛུགས་སྐྲུན་པུའུ་ཡིས《སྡོད་ཁང་གླས་གཏོང་ཚོང་ར་མྱུར་དུ་སྐྱེད་སྲིང་དང་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར》བཀྲམ་པ་དང་།ཟླ5པའི་ཚེས4ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱུན་ལས་གྲོས་ཚོགས་བསྡུས་ནས།སྡོད་ཁང་གླས་གཏོང་ཚོང་ར་སྐྱེད་སྲིང་དང་འཕེལ་རྒྱས་སུ་གཏོང་བའི་བྱེད་ཐབས4གཏན་འཁེལ་བྱས།བསམ་འཆར་དང་བྱེད་ཐབས་འདི་དག་གིས་སྡོད་ཁང་གླས་གཏོང་གི་མ་རྩ་ནུས་ལྡན་སྒོས་ཉུང་འཕྲི་བྱེད་ཐུབ།

  ཆེད་མཁས་པས་བསྟན་དོན།སྐབས་དེར་ཐོན་དུས་སྡོད་ཁང་གླས་གཏོང་གི་མ་རྩ་མར་བབས་པ་ལས། སྡོད་ཁང་གླས་གཏོང་ཁེ་ལས་ཀྱི་ཆེད་ལས་ཚོང་གཉེར་དང་། བར་སྨྱན་ཚོང་རའི་ལྟ་སྐུལ་དོ་དམ་ཚད་ལྡན་དུ་འགྱུར་བའམ་ཡང་ན་སྡོད་ཁང་གླས་གཏོང་བྱེད་ཚད་མར་འབབ་རྒྱུ་རེད།

  བཟང་ཆ་གསུམ་པ་ནི་སྲིད་ཇུས་གསར་པས་ཁྱེད་ལ་ཁེ་ཕན་གང་དག་བསྐྲུན་ཐུབ་བམ།

  གླ་མཁན་ལ་མཚོན་ན།སྡོད་ཁང་ཉོ་བ་དང་གླས་གཏོང་མཉམ་འཛིན་བྱས་པ་ལས་ཁང་པ་མང་པོ་ལྷག་པས། སྡོད་དམངས་དང་ནང་སྒོས་སུ་སྡོད་དམངས་གསར་པའི་སྡོད་ཁང་གི་ཆ་རྐྱེན་མགྱོགས་པོར་ལེགས་སྒྱུར་བྱེད་ཐུབ།

  ཁང་རིན་མཐོ་བའི་ཁོར་ཡུག་འོག་ཁང་པ་གླ་མཁན་ལ་གནོན་ཤུགས་མི་ཉུང་བ་ཞིག་བསྣན་ཡོད། དེ་བས་སྲིད་གཞུང་གིས་འགན་སྲུང་བྱ་ཡུལ་ལ་ཚོང་རའི་སྡོད་ཁང་གླས་གཏོང་བརྒྱུད་དེ་ཁ་གསབ་བྱས་ན།གླ་གོང་བདེ་བའི་སྡོད་ཁང་སྒོར་མོ་ཅན་དུ་གྱུར་ཏེ།ཁོ་ཚོའི་ཁུར་པོ་དངོས་གནས་ཇེ་ཡང་དུ་གཏོང་ཐུབ།

  ས་ཁང་བདག་ཁོངས་ཀྱི་གླས་གཏོང་ཚོང་རར་མཚོན་ན། སྡོད་ཁང་ཉོ་བ་དང་གླས་གཏོང་མཉམ་འཛིན་བྱེད་པའི་ཕོག་ཐུག་འོག་ཏུ་འཕེལ་རྒྱས་མགྱོགས་པོ་འབྱུང་ཐུབ།

  མི་སྒེར་གྱིས་ཁྲིམས་ལྟར་རང་གི་སྡོད་ཁང་གླས་གཏོང་བྱེད་པ་དང་། ཚོང་ལས་སུ་བཀོལ་བའི་ཁང་པ་སོགས་གཏན་འཁེལ་ལྟར་གླས་གཏོང་སྡོད་ཁང་དུ་བསྒྱུར་ཆོག་པའི་ཐད་ལ་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། ད་དུང་བཙུགས་ཟིན་པའམ་འཛུགས་བཞིན་པའི་སྡོད་ཁང་གླས་གཏོང་ལས་སྒོ་སྤེལ་བར་རྒྱབ་སྐྱོར་བྱེད་ཀྱིན་པ་དག་གིས་ཁང་པའི་ཡོང་ཁུངས་ཇེ་མང་དུ་གཏོང་ཐུབ།

  མིག་སྔར་ཁང་པ་ལྷག་མ་ཇེ་ཉུང་དུ་གཏོང་བའི་དམིགས་འབེན་འོག སྡོད་ཁང་ཉོ་བ་ནི་ཐབས་ཁོ་ན་མ་ཡིན་པར་སྡོད་ཁང་གླས་ན་ཡང་གྲོང་ཁྱེར་གྱི་འཚོ་བའི་ཁྲོད་དུ་ཞུགས་ཐུབ་པ་ཤེས་སུ་བཅུག་ན།མཁོ་འདོན་འབྲེལ་བ་ཇེ་ལེགས་སུ་འགྱུར་བ་དང་། ཚོང་རས་སྡོད་ཁང་ཐོན་ཁུངས་སྡེབ་སྒྲིག་བྱེད་པའི་ཕྱོགས་སུ་ནུས་པ་སྔར་ལས་བཟང་པོ་འདོན་ཐུབ།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།