ཀྲུང་གོ་བོད་ཀྱི་དྲ་བ།

ནུས་ཤུགས་ཡོད་རྒུས་ཏང་སྲིད་གྲོས་མོལ་གཏིང་ཟབ་སྤེལ་བར་སྐུལ་འདེད་གཏོང་དགོས།

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།     སྤེལ་དུས། : 2016-06-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཏང་སྲིད་གྲོས་མོལ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག ཀྲུང་གོ་གུང་ཁྲན་ཏང་དང་དམངས་གཙོ་ཏང་ཤོག་ཁག་གིས་མཉམ་དུ་ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན།ལས་དོན་གལ་ཆེན་ལ་ཆབ་སྲིད་གྲོས་མོལ་བྱེད་པ་སྟེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཁྱབ་ནས་མེད་དུ་མི་རུང་བའི་གོ་གནས་དང་ནུས་པ་གལ་ཆེན་ཐོན་ཡོད། ལོ་སྟོད་ལ་བཀྲམས་པའི་《སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར་》ནང་ཏང་སྲིད་གྲོས་མོལ་གསལ་པོ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དེ་དམངས་གཙོའི་ཐབས་ལམ་གལ་ཆེན་དུ་བྱས། ཐེངས་འདིའི་ཀྲུང་དབྱང་གི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་དོན་གྲོས་མོལ་ལ་ཆེད་དུ་རྒྱས་བཤད་བྱས་ཤིང་ཀྲུང་གོ་གུང་ཁྲན་ཏང་གིས་དོན་དག་རྣམས་དམངས་གཙོ་ཏང་ཤོག་ཁག་དང་གྲོས་མོལ་བྱེད་པ་དང་གྲོས་མོལ་མང་པོ་བྱེད་དགོས་པ་ནན་བཤད་བྱས། ཏང་ཀྲུང་དབྱང་གི་གནང་བའི་《ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་ཀའི་སྲོལ་ཡིག(ལག་ལེན་ཚོད་ལྟ)》ལས་“ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཆབ་སྲིད་གྲོས་མོལ་ལ་ཞུགས་པ”དེ་དམངས་གཙོ་ཏང་ཤོག་ཁག་གི་གཞི་རྩའི་འགན་ནུས་སུ་གཏན་འཁེལ་བྱས་ཤིང་། སྲིད་ཏང་གྲོས་མོལ་གྱི་ནང་དོན་དང་རྣམ་པ། འགན་སྲུང་ལམ་སྲོལ་བཅས་གཏན་འབེབས་བྱས།

སྲིད་ཏང་གྲོས་མོལ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་ཐུན་མོང་མ་ཡིན་པའི་དགེ་མཚན་ཡིན། 

སྲིད་ཏང་གྲོས་མོལ་ནི་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན། བསྒྱུར་བཅོས་བཅས་ཀྱི་ལག་ལེན་ཁྲོད་ཡང་དང་ཡང་དུ་འཕེལ་རྒྱས་དང་འཐུས་ཚང་དུ་སོང་བ་ཡིན་པས་རིག་གནས་དང་གཞུང་ལུགས། ལག་ལེན་བཅས་ཀྱི་རྨང་གཞི་བརྟན་པོ་ཡོད། སྔོན་ཆད་དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་སུ། ང་ཚོའི་ཏང་གིས་དམངས་གཙོའི་ཏང་ཤོག་ཁག་དང་མཐུན་སྒྲིལ་དང་མཉམ་ལས་ཁྲོད་གྲོས་མོལ་སྣ་ཚོགས་བྱས་པ་དང་དམངས་གཙོ་གྲོས་མོལ་གྱི་བསམ་བློ་རིམ་བཞིན་གྲུབ། ལྷག་པར་དུ་1948ལོར་ཀྲུང་གུང་ཀྲུང་དབྱང་གིས་“ལྔ་གཅིག་འབོད་ཚིག”བཏོན་པ་དེར་དམངས་གཙོ་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་དམངས་གཙོའི་མི་སྣས་དང་ལེན་བཟང་པོ་བྱས་པས་གྲོས་མོལ་ངང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འགོ་བརྩམས། 1949ལོའི་ཟླ་9པར། ཀྲུང་གོ་གུང་ཁྲན་ཏང་དང་དམངས་གཙོའི་ཏང་ཤོག་ཁག་འདུས་པའི་ལས་རིགས་ཁག་གི་མི་སྣའི་གྲོས་བསྡུར་བཟང་པོ་དང་གྲོས་མོལ་བྱས་པ་བརྒྱུད་ནས་གནས་སྐབས་བཅའ་ཁྲིམས་ཀྱི་ནུས་པ་ལྡན་པའི་《ཐུན་མོང་གི་རྩ་འཛིན་》གཏན་འབེབས་བྱས་ཤིང་། སྲིད་ཏང་གྲོས་མོལ་དེ་རྨང་གཞི་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་དང་དམངས་གཙོའི་ཏང་ཤོག་ཁག་མཐུན་སྒྲིལ་མཉམ་ལས་བྱེད་པའི་ཆབ་སྲིད་ཀྱི་རྣམ་པ་ལ་རྨང་གཞི་བཏིང་བ་དང་། ཡུན་རིང་མཉམ་གནས་བྱེད་པ་དང་ཕན་ཚུན་ལྟ་སྐུལ། གཅིག་སེམས་གཅིག་བརྟེན་དང་དར་རྒུད་ཀྱི་བདེ་སྡུག་མཉམ་མྱོང་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཞི་མཐུན་སྲིད་ཏང་གི་འབྲེལ་བ་གྲུབ་པ་དང་འཕེལ་རྒྱས་སུ་ཕྱིན། དམངས་གཙོའི་ཏང་ཤོག་ཁག་དང་ཏང་གང་ལའང་མི་གཏོགས་པའི་མི་སྣས་རང་རྟོགས་སྒོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ལེན་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་དང་མཉམ་ལས་དམ་ཟབ་བྱས་པས་ཏང་མང་འགྲན་རྩོད་དང་ཕན་ཚུན་ཕྱིར་འབུད་རེས་བྱེད་པའི་ཞན་ཆ་ལས་གཡོལ་བས་རང་རྒྱལ་སྲིད་ཏང་ལམ་ལུགས་ཀྱི་དགེ་མཚན་ཆེན་པོར་གྱུར། འདི་འདྲའི་ཁྱད་ཆོས་ལྡན་པ་དང་དམིགས་བསལ་ཡིན་པ། གཞན་དང་མི་འདྲ་བའི་དམངས་གཙོའི་རྣམ་པས་འཛམ་གླིང་གི་ཆབ་སྲིད་དཔལ་ཡོན་ལའང་བྱས་རྗེས་མི་དམན་པ་བཞག་ཡོད་ཅེས་བརྗོད་ནའང་ཆོག

སྲིད་ཏང་གྲོས་མོལ་ནི་རྒྱལ་ཁབ་བདག་སྐྱོང་མ་ལག་གི་གལ་ཆེའི་ཕྱོགས་ཡིན། 

སྤྱི་ཁྱབ་ཧྲུའུ་ཅི་ཞིན་ཅིན་ཕིང་གིས་མི་དམངས་ཀྱི་ཁེ་ཕན་དང་འབྲེལ་བའི་དོན་དག་དེ་མི་དམངས་ནང་ཁུལ་ནས་གང་འདྲ་བྱེད་དགོས་པ་གྲོས་མོལ་བྱེད་དགོས་པ་དང་། གྲོས་མོལ་མི་བྱེད་པའམ་བྱས་པ་མ་འདང་ན་དོན་དག་སྒྲུབ་པ་དང་ལེགས་པོ་སྒྲུབ་རྒྱུ་ཁག་པོ་ཡིན་ཞེས་བསྟན། སྲིད་ཏང་གྲོས་མོལ་དེ་རང་རྒྱལ་གྱི་སྲིད་ཏང་ལམ་ལུགས་དང་དམངས་གཙོ་གྲོས་མོལ་ལམ་ལུགས་དང་འབྲེལ་ཡོད་པ་དང་རང་རྒྱལ་གྱི་རྒྱལ་ཁབ་བདག་སྐྱོང་མ་ལག་ནང་ཟུག་ཡོད་པ་མ་ཟད་ཡུན་རིང་གི་ལག་ལེན་ཁྲོད་ཐབས་ལམ་དང་ལམ་སྲོལ་མང་པོ་གྲུབ་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་མ་ཐག་གི་སྐབས་ཐོག་དེར་མ་རྩ་རིང་ལུགས་ཀྱི་བཟོ་ཚོང་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་སོགས་ནང་སྲིད་ཀྱི་གནད་དོན་ནམ་ཨ་འགོག་ཁྲའོ་རོགས་སོགས་ཕྱི་ཕྱོགས་ཀྱི་ལས་དོན་གང་ཡིན་རུང་ཀྲུང་གོ་གུང་ཁྲན་ཏང་གིས་ཚང་མ་དམངས་གཙོའི་ཏང་ཤོག་དང་གྲོས་མོལ་བཟང་པོ་བྱས་པ་དང་། ཐུན་མོང་གི་ངོས་འཛིན་བྱུང་ཚེ་ད་གཟོད་དངོས་སུ་སྤེལ་བས་སྤྱི་ཚོགས་ཕྱོགས་ཀུན་གྱི་རྒྱབ་སྐྱོར་དང་བརྩི་བཀུར་ཐོབ། བསྒྱུར་བཅོས་སྒོ་འབྱེད་བྱས་མ་ཐག་པའི་སྐབས་ཐོག་དེར། གཞི་རྒྱ་ཆེ་བའི་བཟོ་ཚོང་ལས་རིགས་དཔལ་འབྱོར་འཛུགས་སྐྲུན་ནང་ཞུགས་པའི་ཧུར་སེམས་སྐུལ་སློང་བྱེད་ཆེད། བློ་མཐུན་ཏེང་ཞའོ་ཕིང་གིས་དམངས་འཛུགས་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་བློ་མཐུན་5གདན་ཞུ་བྱས་ནས་བཞུགས་མོལ་བྱས་པ་དང་“སྒམ་པོ་ལྔའི་རྒྱ་ཁོག་གསོལ་སྟོན་”དེ་གཏམ་སྙན་ཞིག་ཏུ་གྱུར། དུས་རབས་གསར་པའི་ནང་ཞུགས་རྗེས། ཏུང་པེའི་བཟོ་ལས་རྟེན་གཞི་རྙིང་པ་དར་སྤེལ་བྱེད་པ་དང་། མཚོ་འགག་ངོགས་གཉིས་ཀྱི་དཔལ་འབྱོར་ཁུལ་དང་དབུས་རྒྱུད་ཀྱི་དཔལ་འབྱོར་ཁུལ་འཛུགས་པ་སོགས་ཚང་མར་དམངས་གཙོའི་ཏང་ཤོག་ཀྲུང་དབྱང་ཞུགས་ནས་རྩད་ཞིབ་བྱས་ཏེ་བཏོན་པ་དང་། དེའི་ཁར་རང་རྒྱལ་ས་ཁོངས་འཕེལ་རྒྱས་སྐུལ་འདེད་གཏོང་བའི་འཐབ་ཇུས་གལ་ཆེན་དུ་གྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། དམངས་གཙོའི་ཏང་ཤོག་ཀྲུང་དབྱང་གིས་པེ་ཅིང་དང་ཐེན་ཅིན། ཧུའུ་པེ་བཅས་ཐུན་མོང་ནས་འཕེལ་རྒྱས་སུ་འགྲོ་བ་དང་། སྨུག་རྡུལ་གྱི་སྦགས་བཙོག་ལ་ཁ་གཏད་པ་སོགས་ཀྱི་གནད་དོན་ཐད་གནད་ལ་འཁེལ་ཞིང་ནུས་པ་ཐོན་པའི་བསམ་འཆར་དང་གྲོས་གཞི་མང་པོ་བཏོན། སྲིད་ཏང་གྲོས་མོལ་བརྒྱུད་དེ་ལམ་ལུགས་རང་བཞིན་ཅན་གྱི་བསམ་འཆར་འདོན་པ་དང་འབྲེལ་གཏུག་གྲོས་མོལ་གྱི་མཐུན་རྐྱེན་བསྐྲུན་པ་དང་། སྤྱི་ཚོགས་ཀྱི་ཕྱོགས་གང་ཅིའི་ཐད་ཀྱི་བློ་གྲོས་དང་སྟོབས་ཤུགས་གོང་འགྲིལ་བྱས་པས་རྒྱལ་ཁབ་བདག་སྐྱོང་བྱེད་པའི་ཚན་རིག་ཅན་དང་དམངས་གཙོ་ཅན་དུ་འགྱུར་བར་སྐུལ་འདེད་བྱས།

སྲིད་ཏང་གྲོས་མོལ་ནི་ཏང་གི་འགོ་ཁྲིད་དང་སྲིད་འཛིན་གོ་གནས་བརྟན་པོར་གཏོང་བའི་ཐབས་ལམ་གལ་ཆེན་ཡིན། 

སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་གྲོས་མོལ་ནི་ཏང་གི་མང་ཚོགས་ལམ་ཕྱོགས་དེ་ཆབ་སྲིད་ཁྱབ་ཁོངས་ནང་གི་མཚོན་ཚུལ་གལ་ཆེན་ཡིན་པ་དང་། སྲིད་ཏང་གྲོས་མོལ་གྱིས་ང་ཚོའི་ཏང་གིས་དམངས་གཙོའི་ཏང་ཤོག་ཁག་དང་དེ་བཞིན་དེ་ཉིད་དང་འབྲེལ་བའི་མང་ཚོགས་མཐུན་སྒྲིལ་བྱེད་པར་ནུས་ལྡན་ཐབས་ལམ་འདོན་སྤྲོད་བྱས། དམངས་གཙོ་ཏང་ཤོག་ཉིད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལ་ཞུགས་པའི་ཏང་ཡིན་པའི་ཆ་ནས། དེ་ནི་རང་སོ་སོ་དང་འབྲེལ་བའི་སྤྱི་ཚོགས་རིང་ལུགས་ངལ་རྩོལ་པ་ཁག་ཅིག་ཡིན་པ་དང་སྤྱི་ཚོགས་རིང་ལུགས་ལས་དོན་འཛུགས་སྐྲུན་མཁན། སྤྱི་ཚོགས་རིང་ལུགས་རྒྱལ་གཅེས་མཁན་བཅས་ཀྱི་ཆབ་སྲིད་མནའ་འབྲེལ་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་གནད་ཆེ་བ། ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་དག་གལ་ཆེན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་གལ་ཆེན་རྣམས་དམངས་གཙོ་ཏང་ཤོག་ཁག་དང་མཉམ་དུ་གྲོས་མོལ་བྱས་པ་དང་། དམངས་གཙོ་ཏང་ཤོག་ཁག་གིས་ཀྱང་ཡིག་ཐོག་གྲོས་མོལ་སོགས་རྣམ་པའི་སྒོ་ནས་རང་འགུལ་གྱིས་ཀྲུང་གོ་གུང་ཁྲན་ཏང་ལ་བསམ་འཆར་དང་གྲོས་གཞི་བཏོན། དེས་གོ་རིམ་ལྡན་པའི་སྒོ་ནས་ཆབ་སྲིད་ལ་ཐེ་ཞུགས་བྱེད་རྒྱ་ཆེ་རུ་གཏོང་བར་ཕན་པ་ཡོད་པ་དང་། སྔར་ལས་ལྷག་པར་མི་དམངས་ཀྱི་རང་ཁྱིམ་རང་བདག་བྱེད་པའི་དབང་ཆ་མངོན་འགྱུར་བྱས་ཤིང་། དམངས་གཙོ་ཏང་ཤོག་གི་ཁོངས་མི་དང་དེ་འབྲེལ་མང་ཚོགས་ཀྱི་ཏང་ལ་བློ་དཀར་བའི་སེམས་ཤུགས་ཇེ་ཆེར་བཏང་བ་དང་སྔར་བས་རང་རྟོགས་ཀྱི་སྒོ་ནས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་ཡོད་པར་བྱས། ཀྲུང་གོ་གུང་ཁྲན་ཏང་གིས་དམངས་གཙོའི་ཏང་ཤོག་ལ་འགོ་ཁྲིད་བྱེད་པ་དེ་ནི་ཆབ་སྲིད་ཀྱི་འགོ་ཁྲིད་ཡིན་པ་སྟེ། ཆབ་སྲིད་ཀྱི་རྩ་དོན་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་བཅས་ཀྱི་འགོ་ཁྲིད་ཡིན། ཆབ་སྲིད་གྲོས་མོལ་གྱི་གོ་རིམ་ནི་གཅིག་ནས་ང་ཚོའི་ཏང་གིས་རྒྱ་ཁྱབ་ཏུ་དམངས་གཙོའི་ཏང་ཤོག་གི་བསམ་འཆར་དང་གྲོས་འགོ་ལ་ཉན་པའི་གོ་རིམ་ཡིན་པ་དང་། དམངས་གཙོའི་ཏང་ཤོག་གིས་ང་ཚོའི་ཏང་གི་ཆབ་སྲིད་བཞེད་དགོངས་ལ་རྒྱུས་ལོན་དང་དང་ལེན་བྱེད་ཅིང་། མུ་མཐུད་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་གྱི་ཡིད་ཆེས་དང་། གཞུང་ལུགས་ཀྱི་ཡིད་ཆེས། ལམ་ལུགས་ཀྱི་ཡིད་ཆེས་བཅས་ཇེ་ཆེར་འགྲོ་བའི་གོ་རིམ་ཡང་ཡིན། ཏང་གི་འགོ་ཁྲིད་དེ་སྲིད་ཏང་གྲོས་མོལ་གྱི་ནང་དུ་གནས་པར་བྱེད་པ་ནི་ང་ཚོའི་ཏང་གིས་དམངས་གཙོ་ཏང་ཤོག་ལ་འགོ་ཁྲིད་པར་ཤུགས་སྣོན་རྒྱག་པའི་བྱེད་ཐབས་གལ་ཆེན་ཡིན།

སྲིད་ཏང་གྲོས་མོལ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་རྣམ་པ་གལ་ཆེན་ཞིག་ཡིན། 

སྲིད་ཏང་གྲོས་མོལ་ནི་ཀྲུང་གོ་གུང་ཁྲན་ཏང་དང་དམངས་གཙོ་ཏང་ཤོག་ཁག་དུས་ཡུན་རིང་པོའི་ནང་མཐུན་སྒྲིལ་དང་མཉམ་ལས་བྱས་པའི་གོ་རིམ་ཁྲོད་འཚོལ་ཞིབ་བྱས་ཏེ་གྲུབ་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་རྣམ་པ་སྣ་ཚོགས་པའི་ཁྲོད་གོ་གནས་དང་པོ་ཟིན་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་བྱེད་པའི་ལམ་ལུགས་ཀྱི་ནང་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད། 1989ལོའི་《ཀྲུང་གུང་ཀྲུང་དབྱང་གི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་གཏོང་བའི་སྐོར་གྱི་བསམ་འཆར་》དེས་ཀྲུང་གོ་གུང་ཁྲན་ཏང་དང་དམངས་གཙོ་ཏང་ཤོག་ཁག་བར་མཉམ་ལས་དང་གྲོས་མོལ་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་གཏན་འབེབས་གསལ་པོ་བྱས། དུས་རབས་གསར་པར་ཞུགས་པའི་ཚུན་ལ། 2005ལོའི་《ཀྲུང་གུང་ཀྲུང་དབྱང་གི་གོམ་གང་མདུན་སྤོས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་འཛུགས་སྐྲུན་བྱེད་པའི་སྐོར་གྱི་བསམ་འཆར་》སྤེལ་བ་དང་། 2010ལོར་ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་ནས་《གོམ་གང་མདུན་སྤོས་ཀྱི་སྒོ་ནས་ཞིང་ཆེན་དང་རང་སྐྱོང་ཁུལ། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ཏང་ཨུ་ཡིས་དམངས་གཙོའི་ཏང་ཤོག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་དང་ཆབ་སྲིད་གྲོས་མོལ་བྱེད་པའི་སྐོར་གྱི་བསམ་འཆར་》དཔར་འགྲེམ་བྱས་ཏེ་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཏང་ཨུ་ནས་སྲིད་ཏང་གྲོས་མོལ་སྤེལ་བ་ཚད་ལྡན་བཟོས་པ་དང་། སྲིད་ཏང་གྲོས་མོལ་སྔར་བས་ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་དུ་སྐུལ་འདེད་བྱས། ད་ལོར། ཏང་ཀྲུང་དབྱང་གིས་ད་དུང་སྲིད་ཏང་གྲོས་མོལ་གྱི་ཞིབ་ཕྲའི་ལག་བསྟར་བསམ་འཆར་གཏན་འབེབས་བྱ་རྒྱུ་རེད། མིག་སྔར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ནས་ལོ་རེར་གཏན་འཁེལ་བྱས་ཏེ་བཞུགས་མོལ་གྲོས་ཚོགས་ཐེངས་4རེ་འཚོག་རྒྱུ་ཡིན་པ་དང་། དེ་དག་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་གྲོས་གཞི་དང་ལོ་ཕྱེད་ཀའི་དཔལ་འབྱོར་ལས་ཀ ཀྲུང་དབྱང་ཚང་འཛོམས་གྲོས་འཚོགས་ཀྱི་ཡིག་ཆ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཡིག་ཆ་ལ་སོགས་ནང་དོན་རྣམས་དམངས་གཙོ་ཏང་ཤོག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་དང་གྲོས་མོལ་བྱ་རྒྱུ་རེད། འདི་ནི་རྒྱལ་ཁབ་གཞན་གྱི་སྲིད་འཛིན་ཏང་གི་སྒྲུབ་ནུས་མི་སྲིད་པ་ཞིག་ཡིན། འདི་ལྟར་བཤད་ཆོག་སྟེ། སྲིད་ཏང་གྲོས་མོལ་གྱི་ནང་དོན་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། གྲོས་མོལ་ལམ་ལུགས་འཐུས་ཚང་དུ་གྱུར་པ་དེས་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་རྒྱ་ཁྱབ་དང་རིམ་པ་མང་བའི་ལམ་ལུགས་ཅན་འཕེལ་རྒྱས་སུ་སྐུལ་འདེད་བྱེད་པར་ནང་དོན་ཕུན་སུམ་ཇེ་ཚོགས་དང་ཐབས་ལམ་ཇེ་མང་ལ་བཏང་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱོན་ཡོངས་ནསའགོ་བཙུགས་ཏེ་“ཁྱོན་ཡོངས་བཞི་”བཏོན་ཞིང་ཆགས་པར་བྱས། “ཁྱོན་ཡོངས་”རེ་རེར་འཐབ་ཇུས་ཀྱི་དོན་སྙིང་ཆེན་པོ་ལྡན་ལ་དཀའ་ཚེགས་དང་ལྗིད་རྫོབ་ཆེ་བའི་ལས་འགན་ལའང་འཕྲད་བཞིན་ཡོད་པས་སྔར་ལས་ལྷག་པར་སྲིད་ཏང་གྲོས་མོལ་གྱིས་རྒྱ་ཁྱབ་ཏུ་དམངས་གཙོ་ཏང་ཤོག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་བློ་གྲོས་དང་སྟོབས་ཤུགས་གོང་འགྲིལ་བྱེད་དགོས། ང་ཚོས་ནན་ཏན་སྒོས་ཏང་ཀྲུང་དབྱང་གི་སྤྱི་ཆའི་བཀོད་སྒྲིག་ལྟར་ཡང་དག་པར་སྲིད་ཏང་གྲོས་མོལ་གྱི་ངོ་བོ་དང་གནས་ཐིག་འཛིན་པ་དང་གོམ་གང་མདུན་སྤོས་ཀྱི་སྒོ་ནས་སྲིད་ཏང་གྲོས་མོལ་གྱི་ཕན་འབྲས་དང་ཆུ་ཚད་མཐོ་རུ་གཏོང་དགོས།

ཏང་གིས་སྲིད་ཏང་གྲོས་མོལ་ལ་འགོ་ཁྲིད་པ་མཐའ་འཁྱོངས་བྱེད་དགོས། 

ཏང་གིས་འགོ་ཁྲིད་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་ཁྱད་ཆོས་ཡིན། གྲོས་མོལ་དམངས་གཙོ་ནི་ཏང་གི་འགོ་ཁྲིད་འོག་གི་དམངས་གཙོ་ཡིན་པ་དང་། སྲིད་ཏང་གྲོས་མོལ་ནི་ཏང་གི་འགོ་ཁྲིད་འོག་གི་གྲོས་མོལ་དང་ཏང་གི་འགོ་ཁྲིད་ནི་ནམ་ཡང་སྲིད་ཏང་གྲོས་མོལ་ལེགས་པོར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་གཙོ་བོ་ཡིན། བློ་མཐུན་མའོ་ཙེ་ཏུང་གིས་སྔོན་ཆད་འགོ་ཁྲིད་དབང་ཆ་ཟེར་བ་ནི་ཉིན་མཚན་མེད་པར་འབོད་ཚིག་ཏུ་བཟུང་སྟེ་སྐད་གསང་མཐོན་པོས་འུར་རྒྱག་པ་མིན་པ་དང་། ཁེངས་བསམ་གཞན་བརྙས་ཀྱི་སྒོ་ནས་གཞན་དག་ལ་ང་ཚོ་ཁས་ལེན་བྱེད་དུ་འཇུག་པའང་མིན་ལ། དེ་ནི་ཏང་གི་ཡང་དག་པའི་སྲིད་ཇུས་དང་རང་ཉིད་ཀྱིས་མ་དཔེར་བྱས་ཏེ་ལས་ཀ་བསྒྲུབས་ནས་ཏང་ཕྱིའི་མི་སྣར་གོ་བསྐོན་བློ་འགུགས་དང་སློབ་གསོ་བྱས་ཏེ་ཁོ་ཚོས་ང་རང་ཚོའི་གྲོས་གཞི་དང་ལེན་བྱེད་འདོད་ཡོད་པར་བྱེད་པ་དེ་ཡིན་ཞེས་བཤད། དེང་སྐབས། བསྒྱུར་བཅོས་སྒོ་འབྱེད་ཀྱི་འཕེལ་རིམ་ཁྲོད་ཁེ་ཕན་ཆགས་སྟངས་ལ་ལེགས་སྒྲིག་གཏིང་ཟབ་བྱུང་ཡོད་པ་དང་། སྤྱི་ཚོགས་ཀྱི་འགལ་བ་གསར་རྙིང་བར་གྱི་འགལ་བ་ཕན་ཚུན་འདྲེས་ཡོད་པ། ཚོང་རའི་དཔལ་འབྱོར་གྱི་ཆ་རྐྱེན་འོག་བསམ་བློ་དང་འདུ་ཤེས་སྔར་བས་སྣ་མང་ཅན་དུ་གྱུར་པ། ལྷག་པར་དུ་འཛམ་གླིང་ཁྱབ་ཁོངས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་ལམ་ཕྱོགས་འགྲན་རྩོད་བྱེད་པའི་འགྲན་སློང་གསར་པ་འཕྲད་ཡོད་པས། སྔར་ལས་ལྷག་པར་ཏང་གིས་སྲིད་ཏང་གྲོས་མོལ་ལ་འགོ་ཁྲིད་པ་རྒྱུན་འཁྱོངས་དང་འཐུས་སྒོ་ཇེ་ཚང་གཏོང་དགོས། ཕྱོགས་གཅིག་ནས་སྲིད་ཏང་གྲོས་མོལ་གྱི་ཁ་ཕྱོགས་གཙོ་བོ་དམ་འཛིན་བྱེད་དགོས་པ་སྟེ་ཏང་གིས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་བྱེད་པ་དང་ཕྱོགས་སོ་སོ་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ལྟེ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྲིད་ཏང་གྲོས་མོལ་ཏང་ཨུ་ཡི་ལས་ཀ་སྤྱིའི་བཀོད་སྒྲིག་དང་གལ་ཆེ་བའི་ཉིན་རེའི་གྲོས་རིམ་ནང་ཚུད་པར་བྱེད་པ་དང་། གཅིག་གྱུར་འགོ་ཁྲིད་དང་གཅིག་གྱུར་འཆར་འགོད། གཅིག་གྱུར་བཀོད་སྒྲིག་བཅས་བྱས་ནས་སྲིད་ཏང་གྲོས་མོལ་ནམ་ཡང་ཡང་དག་པའི་ཁ་ཕྱོགས་སུ་གོ་རིམ་ལྡན་ཞིང་ལས་ཕྱོད་ཆེ་བའི་སྒོ་ནས་སྤེལ་བ་འགན་ལེན་བྱེད་དགོས། ཕྱོགས་གཞན་ཞིག་ནས་འབད་བརྩོན་ཆེན་པོས་གུ་ཡངས་ཤིང་ཞི་མཐུན་ཡིན་པའི་དམངས་གཙོའི་གྲོས་མོལ་ཁོར་ཡུག་བཟང་པོ་བསྐྲུན་དགོས་པ་དང་། ཡངས་ཤིང་བློ་རྒྱ་ཆེན་པོ་དང་འདྲ་མཉམ་གྱི་སེམས་དང་ལྡན་པ་དང་། དམངས་གཙོའི་སྤྱོད་ཚུལ་བཅས་བཟུང་ནས་བསམ་འཆར་མི་འདྲ་བ་དང་སྤེལ་རེས་དང་གྲོས་བསྡུར་བྱེད་པར་བསྔགས་བརྗོད་དང་། བསམ་འཆར་མི་འདྲ་བ་བསྡུ་ལེན་ཐུབ་པ་དང་རྣ་བར་གཟན་པའི་གཏམ་ལ་ཉན་པར་བྱས་ཏེ་གང་བསམ་ལྷུག་གླེང་བྱེད་པའི་རྣམ་པ་ཞིག་ཆགས་པར་བྱེད་དགོས་པ་དང་། དངོས་འབྲེལ་གྲོས་མོལ་ཐོག་ཐབས་ཤེས་འདོན་པ་དང་ངོས་འཛིན་གཅིག་མཐུན་ཆགས་པ། བརྩེ་དུང་ཆགས་པ་དང་མཐུན་སྒྲིལ་ཆགས་པར་བྱེད་དགོས་ཤིང་། སྲིད་ཏང་གྲོས་མོལ་བརྒྱུད་དེ་ཏང་གི་འགོ་ཁྲིད་ལེགས་སུ་གཏོང་བ་དང་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ཏང་གི་སྲིད་འཛིན་གོ་གནས་སྲ་བརྟན་དུ་གཏོང་དགོས།

གྲོས་མོལ་དེ་ཇུས་ཐག་མ་བཅད་གོང་དང་ཐབས་ཇུས་ལག་བསྟར་བྱེད་རིམ་ཁྲོད་རྒྱུན་འཁྱོངས་བྱེད་དགོས། 

གྲོས་མོལ་དམངས་གཙོ་ནི་མཉམ་ལས་དམངས་གཙོ་དང་ངོས་འཛིན་གཅིག་མཐུན་གྱི་དམངས་གཙོ་ཡིན་ལ། གོ་རིམ་དམངས་གཙོ་ཡང་ཡིན། དེ་གསལ་པོར་བཤད་ན་གྲོས་མོལ་ངེས་པར་དུ་ཇུས་ཐག་མ་བཅད་གོང་དང་ཐབས་ཇུས་ལག་བསྟར་བྱེད་རིམ་ཁྲོད་རྒྱུན་འཁྱོངས་བྱེད་དགོས། དེ་ལྟར་མིན་ཚེ་གྲོས་མོལ་ལ་དགོས་ངེས་ཀྱི་དོན་སྙིང་བྲལ་ངེས། སྲིད་ཏང་གྲོས་མོལ་དེ་གྲོས་མོལ་དམངས་གཙོའི་རྣམ་པ་གལ་ཆེན་ཡིན་པའི་ཆ་ནས་དེ་བཞིན་དུ་གྲོས་མོལ་ཇུས་ཐག་མ་བཅད་གོང་དང་ཐབས་ཇུས་ལག་བསྟར་བྱེད་རིམ་ཁྲོད་རྒྱུན་འཁྱོངས་བྱེད་དགོས། འདི་ནི་གཞི་རྩའི་རྩ་དོན་ཞིག་ཡིན། མིག་སྔར་ས་ཆ་འགའ་རེའི་སྲིད་ཏང་གྲོས་མོལ་ལ་གང་འདོད་རང་བཞིན་དང་མཐོང་ཆོས་སུ་གྱུར་པའི་རྣམ་པ། ཕྱི་ཚུལ་རིང་ལུགས་ཀྱི་རྣམ་པ་བཅས་ཀྱི་གནད་དོན་གནས་ཡོད། འགའ་རེ་ཡི་ཁྲལ་མངོན་སླ་བཅོས་བྱེད་པ་སྟེ། “ཡིད་ལ་ཤར་དུས”དང་“ཁོམ་ལོང་བྱུང་དུས”ད་གཟོད་གྲོས་མོལ་བྱེད་པ་དང་། འགའ་རེ་རྣམ་པ་ཙམ་དུ་གྱུར་ནས་གནས་ཚུལ་བརྡ་ཁྱབ་དང་ལས་ཀ་བཀོད་སྒྲིག་བྱེད་པའི་གྲོས་མོལ་གྱི་ཚབ་བྱེད་བཞིན་ཡོད། འདི་ཚང་མ་མི་འཚམ་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་མོལ་བྱེད་ན་ངེས་པ་དོན་གྱི་གྲོས་མོལ་བྱེད་དགོས་པ་དང་། ངེས་པ་དོན་གྱི་གྲོས་མོལ་བྱེད་ན་གྲོས་མོལ་ཇུས་ཐག་མ་བཅད་གོང་དང་ཐབས་ཇུས་ལག་བསྟར་བྱེད་རིམ་ཁྲོད་རྒྱུན་འཁྱོངས་བྱེད་དགོས་ཞེས་ནན་གྱིས་བསྟན། གྲོས་མོལ་ཇུས་ཐག་མ་བཅད་གོང་དང་ཐབས་ཇུས་ལག་བསྟར་བྱེད་རིམ་ཁྲོད་རྒྱུན་འཁྱོངས་བྱས་ན་གྲོས་མོལ་དེ་ད་གཟོད་ཕྱི་ཚུལ་རིང་ལུགས་ཀྱི་རྣམ་པ་ལས་གཡོལ་ནས་དགོས་ངེས་ཀྱི་ནུས་པ་འདོན་ཐུབ། ཇུས་ཐག་འགོད་པའི་བརྒྱུད་རིམ་ཁྲོད་གྲོས་མོལ་ལ་ཤུགས་སྣོན་རྒྱག་ན་ལག་ལེན་གྱི་འཕེལ་རྒྱས་གཞིར་བྱས་ཏེ་ཆད་མེད་དུ་ཇུས་གཞི་འཐུས་ཚང་གཏོང་བ་ལའང་ཕན། གྲོས་མོལ་བརྒྱུད་དེ་དམངས་གཙོ་ཏང་ཤོག་ཁག་གི་བསམ་འཆར་ལ་ཉན་པ་དང་བློ་བསྡུས་དགེ་འཚོལ་བྱེད་པ་ནི་ང་ཚོའི་ཏང་གིས་ཚན་རིག་དང་མཐུན་པར་ཇུས་ཐག་གཅོད་པ་དང་དམངས་གཙོས་ཇུས་ཐག་གཅོད་པའི་གནད་གལ་ཆེན་ཞིག་ཡིན། གྲོས་མོལ་ཇུས་ཐག་མ་བཅད་གོང་དང་ཐབས་ཇུས་ལག་བསྟར་བྱེད་རིམ་ཁྲོད་རྒྱུན་འཁྱོངས་བྱེད་པའི་རྩ་དོན་དོན་ཐོག་ཏུ་འཁྱོལ་བར་བྱེད་ན་《ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་》ནང་གཏན་འབེབས་བྱས་པའི་གྲོས་ཚོགས་གྲོས་མོལ། གྲོས་མོལ་དང་ཁ་ཆད་གླེང་མོལ། ཡིག་ཐོག་གི་གྲོས་མོལ་སོགས་སྲིད་ཏང་གྲོས་མོལ་བྱེད་ཐབས་སྤྱད་དེ་སྔར་ལས་ལྷག་པར་རྣམ་པ་སྣ་ཚོགས་པའི་སྲིད་ཏང་གྲོས་མོལ་སྤེལ་བའི་གོ་རིམ་དང་ལས་ཀའི་སྒྲུབ་རིམ་ཞིབ་ཚགས་བཟོས་ནས་སྲིད་ཏང་གྲོས་མོལ་ལ་ལམ་ལུགས་ཀྱི་གཞི་འཛིན་ས་ཡོད་པ་དང་བརྩི་སྲུང་བྱེད་རྒྱུའི་སྲོལ་ཡོད་པ། བསྲུང་བྱའི་སྒྲིག་ལམ་ཡོད་པ་དང་བརྩི་སྲུང་བྱ་རྒྱུའི་གོ་རིམ་ཡོད་པ་བྱེད་དགོས། དཔེར་ན་གྲོས་མོལ་དང་ཁ་ཆད་གླེང་མོལ་ཐད་ནས་ལོ་རེའི་ལོ་འགོར་ལོ་ཧྲིལ་པོའི་གྲོས་མོལ་འཆར་གཞི་ཞིབ་འཇུག་བྱས་ཏེ་འདོན་དགོས་པ་དང་། དམངས་གཙོ་ཏང་ཤོག་དང་གྲོས་མོལ་བྱས་ཏེ་གྲོས་གཞི་དང་དུས་ཚོད། རྣམ་པ། ཞུགས་པའི་ཚད་བཅས་གཏན་འབེབས་བྱེད་པ། གྲོས་མོལ་དང་ཁ་ཆད་གླེང་མོལ་བྱེད་ཐེངས་རེའི་ཡར་སྔོན་ལ་དམངས་གཙོ་ཏང་ཤོག་ལ་དུས་ཚོད་འདང་ངེས་པ་བྱིན་ནས་ཡིག་ཆ་ཀློག་པ་དང་ཐུན་མོང་གིས་གནད་དོན་ལ་ཞིབ་འཇུག་བགྱི་རུ་འཇུག་དགོས་པ་དང་། ལམ་ལུགས་ཅན་དང་ཚད་ལྡན་ཅན་གྱི་གོ་རིམ་གྱིས་གྲོས་མོལ་གྱི་ཕན་ནུས་འདོན་པ་འགན་སྲུང་བྱེད་དགོས།

གྲོས་མོལ་འགན་སྲུང་གི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་གཏོང་དགོས། 

ལམ་སྲོལ་འཛུགས་པ་ནི་སྲིད་ཏང་གྲོས་མོལ་རྒྱུན་གཏན་ཡུན་གནས་འགན་སྲུང་བྱེད་པའི་རྨང་གཞི་ཡིན། དུས་ཡུན་རིང་པོའི་ནང་སྲིད་ཏང་གྲོས་མོལ་དེ་ཀྲུང་དབྱང་རིམ་པའི་ངོས་ནས་ལས་དོན་གནས་ཚུལ་བརྡ་ཁྱབ་གཏོང་བ་དང་། རྟོག་ཞིབ་དང་ཞིབ་བཤེར་རྩ་འཛུགས་བྱེད་པ་དང་གཅིག་བསྡུས་ཀྱི་ཡིག་ཆ་ཀློག་པ་སོགས་འགན་སྲུང་བྱེད་ཐབས་རབ་དང་རིམ་པ་སྤེལ་བ་དང་། ས་གནས་སོ་སོས་ཀྱང་དོན་དངོས་དང་འབྲེལ་ནས་ཏང་ཨུ་ཡི་འགོ་ཁྲིད་པ་དང་འབྲེལ་ཡོད་སྡེ་ཁག་དང་དམངས་གཙོ་ཏང་ཤོག་གི་ཁ་གཏད་འབྲེལ་བ་དང་། གྲོས་མོལ་གྱི་གནས་ཚུལ་རང་སྲིད་འགོ་ཁྲིད་ལས་བྱེད་པའི་དམིགས་ཚད་དཔྱད་ཞིབ་ནང་འདུས་པར་བྱེད་པ་སོགས་ཐབས་ཤེས་སྤྱད། ཡིན་ཡང་སྤྱིའི་ཆ་ནས་བལྟས་ན་སྲིད་ཏང་གྲོས་མོལ་གྱི་འགན་སྲུང་ལམ་སྲོལ་འཛུགས་སྐྲུན་བལྟོས་བཅས་ཀྱིས་ཞན་པ་སྟེ། དཔེར་ན་སྡེ་ཁག་འགའ་རེས་འདོན་སྤྲོད་བྱས་པའི་ཡིག་ཆའི་ནང་དོན་དུས་ཐོག་དང་འཐུས་ཚང་མིན་པ་དང་། རེ་འགས་དུས་ཐོག་ཏུ་དམངས་གཙོ་ཏང་ཤོག་གི་བཏོན་པའི་བསམ་འཆར་དང་གྲོས་འགོར་དབྱེ་ཞིབ་དང་བསྡུ་ལེན་མ་བྱས་པས་སྲིད་ཏང་གྲོས་མོལ་གྱི་གྲུབ་འབྲས་ལ་གནོད་རྐྱེན་བཟོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་བྱས་དོན། སྲིད་ཏང་གྲོས་མོལ་གྱི་ནང་དོན་དང་རྣམ་པ་འཐུས་ཚང་གཏོད་དགོས་པ་དང་གནས་ཚུལ་ཤེས་རྟོགས་དང་ཕྱིར་འདྲེན་ལམ་སྲོལ་བཅས་འཛུགས་པ་འཐུས་ཚང་དུ་གཏོང་བ་དང་། གྲོས་བསྡུར་སྤེལ་རེས་ཀྱི་ལས་སྟེགས་དང་གོ་སྐབས་མང་དུ་གཏོང་དགོས་ཞེས་བསྟན། ང་ཚོས་སྲིད་ཏང་གྲོས་མོལ་གྱི་འགན་སྲུང་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་སྟེ་སྲིད་དོན་གསལ་པོ་ཤེས་རྟོགས་ཀྱི་ལམ་སྲོལ་དང་། རྟོག་ཞིབ་དང་བརྟག་ཞིབ་ཀྱི་ལམ་སྲོལ། ལས་དོན་འབྲེལ་གཏུགས་ལམ་སྲོལ་དང་ལྷག་པར་དུ་གྲོས་མོལ་དང་ཕྱིར་འདྲེན་གྱི་ལམ་སྲོལ་སྔར་བས་འཐུས་ཚང་གཏོང་དགོས། ཕྱིར་འདྲེན་ནི་གྲོས་མོལ་བྱ་རིམ་གྱི་གོ་རིམ་གལ་ཆེན་ཞིག་ཡིན་པ་དང་གྲོས་མོལ་གྱི་མཇུག་འབྲས་དོན་འཁྱོལ་བྱེད་པའི་འགན་ལེན་གཙོ་བོའང་ཡིན་པ་དང་། དེ་ནི་སྲིད་ཏང་གྲོས་མོལ་གྱི་ཕན་འབྲས་མངོན་ཚུལ་གཙོ་བོ་ཡིན། ཚན་རིག་ལྟར་ལུགས་མཐུན་དང་ཚད་ལྡན། གོ་རིམ་ལྡན་པ། སྟབས་བདེ་སྤྱོད་བདེ་ཡིན་པ་དང་དམངས་གཙོ་གཅིག་སྡུད་ཀྱི་བླང་བྱ་གཞིར་བྱས་ནས། ཤུགས་ཆེན་པོས་“ལམ་ལུགས་ཀྱི་སྟོང་ཆ་”སྐོང་བ་དང་“གཏན་འབེབས་གྱི་འགྱུར་མེད་རང་བཞིན་”ཇེ་བརྟན་གཏོང་བའི་ཐད་ཤུགས་སྣོན་རྒྱག་དགོས། གྲོས་མོལ་ཕྱིར་འདྲེན་གྱི་ལས་རིམ་ཚད་ལྡན་གཏོང་བ་དང་འབྲེལ་ཡོད་སྡེ་ཁག་གི་འགན་འཁྲི་གསལ་པོ་བྱེད་པ་དང་། དམངས་གཙོ་ཏང་ཤོག་གིས་གྲོས་མོལ་ཁྲོད་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་ནན་ཏན་གྱིས་སྒྲུབ་པའི་བསམ་འཆར་ཞིབ་འཇུག་བྱེད་དགོས་ཐོག་གང་མགྱོགས་ཀྱིས་འབྲེལ་ཡོད་སྡེ་ཁག་ལ་སྤྲད་དེ་དོན་འཁྱོལ་བྱེད་དགོས་པ་དང་། དེར་མ་ཟད་ཡིག་ཐོག་དང་གྲོས་ཚོགས་སོགས་ཀྱི་ལམ་ནས་དུས་ཐོག་ཏུ་དམངས་གཙོ་ཏང་ཤོག་ནས་བསྡུ་ལེན་བྱས་པའི་གནས་ཚུལ་ཕྱིར་འདྲེན་བྱེད་དགོས་པ་དང་དོན་འཁྱོལ་བྱས་མི་ཐུབ་པའི་རིགས་ལ་གསལ་བཤད་བྱེད་དགོས་ཤིང་། ལག་ལེན་དོན་འཁྱོལ་མཐར་ཕྱིན་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་ནས་གྲོས་མོལ་ཕྱིར་འདྲེན་གྱི་རྣམ་པ་ཚད་ལྡན་ཅན་དང་ནང་དོན་བྱེ་བྲག་ཅན། ལས་ཀ་ལམ་ལུགས་ཅན་བཅས་སུ་འགྱུར་བར་བྱེད་དགོས།

མུ་མཐུད་དུ་གྲོས་མོལ་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། 

གྲོས་མོལ་གྱི་ནུས་པའི་ཐད་ཀར་གྲོས་མོལ་གྱི་ཕན་འབྲས་ཐག་གཅོད་པ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་ཏང་གྲོས་མོལ་ལེགས་པོ་སྒྲུབ་ན་ཀྲུང་གོ་གུང་ཁྲན་ཏང་དང་དམངས་གཙོ་ཏང་ཤོག་ཁག་ནས་ཐུན་མོང་གིས་ཧུར་བརྩོན་བྱེད་དགོས་ཅེས་ནན་གྱིས་བསྟན། ཀྲུང་གུང་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པའི་ཐོག་མར་གྲོས་མོལ་གྱི་ནུས་པ་མཐོ་རུ་གཏོང་དགོས་པ་དང་། འགོ་ཁྲིད་དེ་སྲིད་ཏང་གི་གྲོས་མོལ་གྱི་གཞུང་ལུགས་སློབ་སྦྱོང་དང་དེ་ཉིད་བྱང་ཆུབ་པར་བྱེད་དགོས་པ་དང་། སྲིད་ཏང་གྲོས་མོལ་གྱི་ལས་ཀའི་ཆོས་ཉིད་ཁོང་དུ་ཆུད་པ་དང་སྲིད་ཏང་གྲོས་མོལ་གྱི་ལས་ཀ་བྱེད་སྟངས་ལ་རྒྱུས་མངའ་ཡོད་པར་བྱས་ནས་ཧུར་ཐག་གིས་སྲིད་ཏང་གྲོས་མོལ་གྱི་རྩ་འཛུགས་བྱེད་མཁན་སེམས་ཤུགས་ཅན་དང་སྐུལ་འདེད་བྱེད་པོ་སེམས་ཤུགས་ཅན། རང་རྟོགས་ཀྱིས་ལག་ལེན་བྱེད་མཁན་བཅས་སུ་འགྱུར་བར་བརྩོན་དགོས། དམངས་གཙོ་ཏང་ཤོག་གི་གྲོས་མོལ་ནུས་པ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་དང་། དམངས་གཙོ་ཏང་ཤོག་གི་གནས་ཚུལ་ལ་རྒྱུས་ལོན་བྱེད་པའི་ལམ་བུ་ཇེ་ཆེ་རུ་གཏོང་རོགས་བྱེད་པ། དམངས་གཙོ་ཏང་ཤོག་གི་བྱང་ཚད་མཐོ་བའི་ཤེས་ཡོན་པ་གསོ་སྐྱོང་བྱེད་རྒྱུའི་རྩ་འཛུགས་བྱེད་པར་གཞོགས་འདེགས་བྱེད་པ་དང་བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་ཐབས་ཇུས་དང་གྲོས་གཞི་དེ་བས་གནད་ལ་འཁེལ་བ་གང་ཐུབ་བྱེད་དགོས། 

ལོ་འདི་གའི་རིང་ལ་ཀྲུང་དབྱང་རིམ་པའི་ངོས་ནས་ཆེད་དོན་བརྟག་དཔྱད་ཞིབ་འཇུག་བཞུགས་མོལ་ཚོགས་འདུའི་རྣམ་པའི་སྒོ་ནས་པུའུ་ཨུའི་འགན་ཁུར་བློ་མཐུན་གདན་འདྲེན་ཞུས་ཏེ་འབྲེལ་ཡོད་སྲིད་ཇུས་གསལ་འབྲེལ་དང་། གནད་དོན་ལ་ཨ་ལན་སྤྲད་ནས་དམངས་གཙོ་ཏང་ཤོག་ལ་སྲིད་དོན་གསལ་པོ་ཤེས་རྟོགས་བྱེད་པའི་སྟེགས་བུ་མཁོ་འདོན་ཡག་པོ་བྱས། མུ་མཐུད་དུ་དམངས་གཙོ་ཏང་ཤོག་ལ་གྲོས་མོལ་གྱི་ཆ་རྐྱེན་དེ་ལས་མང་པོ་བསྐྲུན་དགོས་པ་སྟེ། དཔེར་ན་འབྲེལ་ཡོད་སྡེ་ཁག་གིས་རྒྱུན་པར་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སོགས་གནས་ཚུལ་རྣམས་དམངས་གཙོ་ཏང་ཤོག་ལ་ཆ་འཕྲིན་གཞི་གྲངས་དང་ཞིབ་འཇུག་བྱས་འབྲས་སྙན་ཞུ་ལ་སོགས་འདོན་སྤྲོད་བྱེད་པ་དང་། ཆེད་དོན་སྙན་ཞུའི་ཚོགས་འདུ་སོགས་སྐོང་ཚོགས་བྱས་ཏེ་དམངས་གཙོ་ཏང་ཤོག་གིས་སྲིད་དོན་གསལ་པོ་ཤེས་རྟོགས་སྔར་ལས་ལེགས་པར་བྱེད་པར་རོགས་རམ་བྱེད་དགོས། རྣམ་པ་འདྲ་མིན་སྣ་ཚོགས་བེད་སྤྱོད་གང་ལེགས་དང་། དམངས་གཙོའི་ཏང་ཤོག་གིས་གོམ་གང་མདུན་སྤོས་ཀྱིས་ནང་དོན་ཇེ་བཟང་སུ་གཏོང་བར་གཞོགས་འདེགས་བྱེད་པ་དང་བརྟག་དཔྱད་ཞིབ་འཇུག་གཙོ་བོའི་ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་མཐོ་རུ་གཏོང་དགོས། དམངས་གཙོ་ཏང་ཤོག་ལ་རྒྱབ་སྐྱོར་དང་འགོ་ཁྲིད་ཚན་པ་དང་ཤེས་ལྡན་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། སྲིད་མོལ་ཐབས་འདོན་གྱི་ལས་ཀའི་ལམ་སྲོལ་འཐུས་ཚང་གཏོང་བ་དང་དམངས་གཙོ་ཏང་ཤོག་གི་ཁྱད་ཆོས་ལྡན་པའི་རིག་མཛོད་འཛུགས་དགོས། 

ཐབ་ཕྱོགས་གཅིག་གྱུར་པུའུ་ནི་ཏང་ཨུ་ཡིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་གཙོ་སྐྱོང་བྱེད་པའི་འགན་ནུས་སྡེ་ཁག་ཡིན་པའི་ཆ་ནས། ཏང་ཨུ་ལ་གཞོགས་འདེགས་བྱས་ཏེ་སྲིད་ཏང་གྲོས་མོལ་རྩ་འཛུགས་དང་དོན་འཁྱོལ་བྱེད་པའི་འགན་ཁུར་ཡོད། ཏང་ཨུ་རིམ་པ་ཁག་གི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཏང་ཨུ་ཡི་བཀོད་སྒྲིག་ལ་གཞིགས་ནས་ནན་ཏན་གྱིས་ཏང་ཀྲུང་དབྱང་གི་སྲིད་ཏང་གྲོས་མོལ་སྐོར་གྱི་དགོངས་དོན་གལ་ཆེན་དོན་འཁྱོལ་མཐར་ཕྱིན་བྱེད་དགོས་པ་དང་། ས་གནས་རང་གི་སྲིད་ཏང་གྲོས་མོལ་གྱི་བྱེ་བྲག་གི་བྱེད་ཐབས་འདོན་པ་དང་སྲིད་ཏང་གྲོས་མོལ་རྩ་འཛུགས་མཐུན་སྦྱོར་དང་ཞབས་ཞུའི་ལས་ཀ་ལེགས་པོ་བསྒྲུབས་ནས་མུ་མཐུད་དུ་སྲིད་ཏང་གྲོས་མོལ་གྱི་ལག་ལེན་གཏིང་ཟབ་དུ་སྤེལ་བ་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་སྒྲིག་བཀོད་སྐུལ་འདེད་མཐུན་སྦྱོར་བྱེད་པ་དང་“ལོ་ངོ་བརྒྱ་ཁྲག་གཉིས་”ཀྱི་འབད་བརྩོན་གྱི་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་ལ་ཐུན་མོང་གི་ངོས་འཛིན་དང་མི་སེམས། བློ་གྲོས་དང་སྟོབས་ཤུགས་བཅས་གོང་བུར་གཅིག་འགྲིལ་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།