ཀྲུང་གོ་བོད་ཀྱི་དྲ་བ།

ཁྲིམས་ཁང་གིས་སྡེ་བ་རུ་ཁྲིམས་ར་འཚོགས་ཏེ་སྡེ་དམངས་ལ་གསོན་ཉམས་ལྡན་པའི་བཅའ་ཁྲིམས་ཀྱི་སློབ་ཁྲིད་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2016-08-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཉེ་ཆར།མཚོ་ཤར་གྲོང་ཁྱེར་ཕེན་ཨན་ཆུས་མི་དམངས་ཁྲིམས་ཁང་གིས་སྡེ་བ་རུ་ཁྲིམས་ར་འཚོགས་ཏེ་གཉེན་འབྲེལ་རྒྱུ་ནོར་རྩོད་གཞི་ཞིག་བདེ་བླག་ངང་ཐག་གཅོད་བྱས་ཤིང་།ཁྱིམ་ཚང་དེ་གཉིས་བར་གྱི་འགལ་བ་ཡང་དག་གིས་མིད་པར་བཟོས་པས།དོ་བདག་པ་ཕྱོགས་གཉིས་ཀྱི་བསྟོད་བསྔགས་ཐོབ།

2014ལོའི་ཟླ7པར།མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཀའོ་ཀྲའེ་གྲོང་རྡལ་ཞི་གྲོང་སྡེ་བའི་ཀྲང་ཆེ་གེ་མོ་དང་མཚོ་ཤར་གྲོང་ཁྱེར་ཕེན་ཨན་ཆུས་ཀུའུ་ཁྲིན་ཞང་ཧྲ་ཁ་སྡེ་བའི་ལི་ཆེ་གེ་མོ་གཉིས་མི་གཞན་གྱིས་མཚམས་སྦྱོར་བྱས་ནས་ངོ་ཤེས་ཤིང་།ཕྱོགས་གཉིས་ཀའི་ཁྱིམ་ཚང་གིས་ས་གནས་ཀྱི་ལུགས་སྲོལ་ལྟར་ངོ་ཐུག་པ་དང་གཉེན་རྟགས་བརྒྱབ་རྗེས།ཀྲང་ཆེ་གེ་མོ་ཚང་གིས་ལི་ཆེ་གེ་མོ་ཚང་ལ་སྒོར་ཁྲི8དང་ད་རུང་གསེར་གྱི་མཛུབ་དཀྲིས་དང་ལག་གདུབ་སོགས་ཀྱི་སློང་རྟེན་བྱིན།ལོ་དེའི་ཟླ11པའི་ཚེས16ཉིན། ཕྱོགས་གཉིས་ཀས་གཉེན་སྟོན་བྱས་པ་ལས་གཉེན་སྒྲིག་ཐོ་འགོད་མ་བྱས་པར་མཉམ་དུ་བསྡད་དེ་ཅང་མ་འགོར་བར།ཕྱོགས་གཉིས་ཀས་རྒྱུན་དུ་བྱ་བ་རྩག་རྩིག་གི་ཆེད་དུ་ཁ་རྩོད་བྱས་པས།ལི་ཆེ་གེ་མོ་ཕྱིར་རང་ཡུལ་དུ་ལོག་པ་རེད།2016ལོའི་ཟླ4པར།ཁྱིམ་ཚང་གཉིས་ཀ་སློང་རྟེན་ཕྱིར་སློག་པའི་ཐད་ནས་གྲོས་མོལ་མ་ཡོང་བར།ཀྲང་ཆེ་གེ་མོས་ལི་ཆེ་གེ་མོ་དང་མོའི་ཁྱིམ་མི་རྣམས་ཁྲིམས་ཁང་ལ་གཏུགས་ནས།སློང་རྟེན་གྱི་སྒོར་ཁྲི8དང་གསེར་གྱི་མཛུབ་དཀྲིས་དང་ལག་གདུབ་སོགས་ཡོད་ཚད་ཕྱིར་བསློག་དགོས་པའི་རེ་བ་བཏོན།

ཕེན་ཨན་ཆུས་མི་དམངས་ཁྲིམས་ཁང་གིས་གྱོད་དོན་བདག་སྤྲོད་བྱས་རྗེས།གྱོད་སྒྲུབ་ཁྲིམས་དཔོན་གྱི་སེམས་ལ་གྱོད་དོན་འདིའི་ཕྱོགས་གཉིས་ཀྱིས་གཉེན་སྒྲིག་ཡི་གེ་བླངས་མིད་པས།གཉེན་འབྲེལ་འབྲེལ་བར་ངོས་བཟུང་མི་འོས་པ་དང་།དཔེ་མཚོན་དུ་རུང་བའི་ཞིང་སྡེའི་གཉེན་འབྲེལ་རྒྱུ་ནོར་རྩོད་གཞི་ཞིག་ཡིན་པར་འདོད།ཀྲང་ཆེ་གེ་མོར་ཆུང་མ་ལེན་ཆེད་ཁྱིམ་ཚང་དོམ་འོག་ཏུ་ཚུད་པ་དང་དཔལ་འབྱོར་ཐད་དཀའ་ཁག་ཆེན་པོ་བཟོས་ཡོད་ལ།སློང་རྟེན་ཕྱིར་ལེན་རྒྱུའི་ཆེད་དུ།ཕྱོགས་གཉིས་ཀས་ཕན་ཚུན་ལ་ཁ་ངོ་མི་སྟེར་བར་རྩོད་གཞི་དྲག་པོ་བྱུང་འདུག་པ་རེད།གྱོད་དོན་དེ་བདག་སྤྲོད་བྱས་པ་བརྒྱུད་དེ།

སྤྱི་ཚོགས་ཡོངས་ལ་སློབ་གསོ་གཏོང་རྒྱུའི་ཆེད་དུ།གྱོད་སྒྲུབ་ཁྲིམས་དཔོན་གྱིས་ལི་ཆེ་གེ་མོ་ཡོད་སའི་ཧྲ་ཁ་སྡེ་བ་རུ་ཁྲིམས་ར་འཚོགས་ཏེ་གྱོད་དོན་དེ་བདག་སྤྲོད་བྱས་པར་མ་ཟད།གོ་རིམ་སྟབས་བདེ་སྤྱད་དེ་ཁྲིམས་ར་འཚོགས་པའི་དུས་ཚོད་གཏན་འཁེལ་བྱེད་རྒྱུའི་ཐག་བཅད།ཁྲིམས་ར་འཚོགས་པའི་གོ་རིམ་ཁྲོད།ལི་ཆེ་གེ་མོ་དང་མོའི་ཁྱིམ་མིས་ཕྱོགས་གཉིས་ཀས་ཞིང་སྡེའི་ལུགས་སྲོལ་ལྟར་གཉེན་སྒྲིག་གི་ཆོ་ག་བསྒྲུབས་ཟིན་པས།སློང་རྟེན་ཕྱིར་སློག་བྱེད་མི་དགོས་པར་འདོད་པ་དེར།ཁྲིམས་དཔོན་གྱིས་སེམས་ཞིབ་མོས་འགྲེལ་བཤད་བརྒྱབ་པ་སྟེ།“རང་རྒྱལ་གཉེན་འབྲེལ་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན།གཉེན་འབྲེལ་འབྲེལ་བ་ཡོད་མིད་དེ་གཉེན་སྒྲིག་ཐོ་འགོད་བྱེད་ཡོད་མིད་ལ་བལྟ་དགོས་པ་དང་།ཁྱོད་ཚོ་ཕྱོགས་གཉིས་ཀྱིས་གཉེན་སྒྲིག་ཡི་གེ་བླངས་མིད་པས།བཟའ་ཟླའི་འབྲེལ་བར་ངོས་འཛིན་མི་རུང་།ད་ལྟ་རྩོད་གཞི་བྱུང་བར་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་སློང་རྟེན་ཁ་ཤས་ངེས་པར་ཕྱིར་སློག་དགོས”ཞེས་བཤད། དུས་ཚོད་གཉིས་ལྷག་གི་རིང་ལ་ཁ་བརྡ་དང་སློབ་གསོ་བཏང་བ་བརྒྱུད།ལི་ཆེ་གེ་མོ་དང་མོའི་ཁྱིམ་མིས་གནས་དེ་རུ་འདུམ་སྒྲིག་དང་ལེན་བྱེད་པར་འཐད་པའི་རྣམ་འགྱུར་བསྟན།ཁྲིམས་དཔོན་གྱིས་འདུམ་སྒྲིག་བྱས་འོག ཞུ་སྦྱོར་སྔ་མ་བ་དང་ཞུ་སྦྱོར་ཕྱི་མ་བའི་ཕྱོགས་གཉིས་ཀས་རང་འཐད་སྒོས་གྲོས་མཐུན་ཡི་གེ་བཞག་ནས།ལི་ཆེ་གེ་མོས་ཀྲང་ཆེ་གེ་མོར་སྒོར་ཁྲི37000དང་གསེར་གྱི་མཛུབ་དཀྲིས་དང་ལག་གདུབ་སོགས་ཕྱིར་སློག་རྒྱུའི་ཁ་ཆད་བཞག་པར་མ་ཟད་ཡུལ་དངོས་སུ་ལག་བསྟར་བྱས་སོ།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།