ཀྲུང་གོ་བོད་ཀྱི་དྲ་བ།

མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་གོམ་སྟབས་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་བསམ་འཆར།ག་བ།

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།     སྤེལ་དུས། : 2016-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

11. ཤུགས་ཆེན་པོས་རྣམ་པ་གསར་བའི་བདག་གཉེར་གཙོ་གཞི་གསོ་སྐྱོང་བྱ་དགོས། 

ཁྱིམ་ཚང་གིས་བདག་གཉེར་བྱེད་པ་བརྟན་སྲུང་བྱས་ཏེ། འདེབས་གསོ་ཁྱིམ་ཚང་ཆེན་པོ་དང། ཁྱིམ་ཚང་གི་ཞིང་ཕྱུགས་ར། རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང། ཐོན་ལས་ཅན་གྱི་སྣེ་ཁྲིད་ཁེ་ལས་སོགས་རྣམ་པ་གསར་བའི་བདག་གཉེར་གཙོ་གཞི་གོང་དུ་སྤེལ་བར་རྒྱབ་སྐྱོར་བྱ་དགོས། ནོར་ཁྲལ་དང་དེང་རབས་འགན་བཅོལ། ས་སྤྱོད་གློག་སྤྱོད། ལས་གཞིའི་རྒྱབ་སྐྱོར་སོགས་ཀྱི་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། ཞིང་ཕྱུགས་ལས་ཀྱི་རྣམ་པ་གསར་བའི་བདག་གཉེར་གཙོ་གཞི་གསོ་སྐྱོང་བྱེད་པའི་སྲིད་ཇུས་མ་ལག་མྱུར་དུ་འགྲུབ་པར་བྱ་དགོས། བདག་གཉེར་གཙོ་གཞི་དང་སྤྱི་ཚོགས་མ་དངུལ་སྣ་ཚོགས་ཞིང་ཕྱུགས་ལས་ཐད་གཏོང་བར་སྣེ་ཁྲིད་པ་དང། ས་ཞིང་དང་རྩྭ་སའི་བདག་གཉེར་དབང་ཆ་མ་རྐང་དུ་འཇོག་པ་དང། མངག་བཅོལ་དོ་དམ་བྱེད་པ། མཉམ་རྨོ་མཉམ་འདེབས་བྱེད་པ་སོགས་ཀྱི་རྣམ་པར་བརྟེན་ནས་ས་ཞིང་དང་རྩྭ་ས་འཁོར་རྒྱུག་གི་བདག་གཉེར་དབང་ཆ་ཚད་ལྡན་དུ་གཏང་དགོས་ལ། གཞི་ཁྱོན་འོས་འཚམ་ཡིན་པའི་བདག་གཉེར་རྣམ་པ་མང་པོ་འཕེལ་རྒྱས་སུ་གཏང་དགོས། རོང་འབྲོག་ཁུལ་གྱི་སྤྱི་ཚོགས་ཅན་གྱི་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་གཏང་དགོས། རྫོང་ཞང་གི་སྤྱི་ཕན་རང་བཞིན་གྱི་ཞབས་ཕྱིི་ལས་ཁུངས་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང། སྤྱི་ཕན་རང་བཞིན་གྱི་ཞབས་ཕྱིི་ལས་ཁུངས་ཀྱི་ཞབས་ཕྱིའི་ཁྱབ་ཁོངས་རྒྱ་བསྐྱེད་པར་སྐུལ་མ་གཏང་དགོས། ཞིང་ཕྱུགས་ལས་ཀྱི་ཆེད་ལས་ཞབས་ཕྱིི་སྤྱི་གཉེར་ཁང་དང། རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང། ཆེད་ལས་ཞབས་ཕྱི་རུ་ཁག་སོགས་བདག་གཉེར་རང་བཞིན་གྱི་ཞབས་ཕྱིའི་རྩ་འཛུགས་ཤུགས་ཆེན་པོས་གསོ་སྐྱོང་བྱ་དགོས་ལ། ཞིང་ཕྱུགས་ལས་ཀྱི་རྣམ་པ་གསར་བའི་བདག་གཉེར་གཙོ་གཞིས་སྤྱི་ཚོགས་ཅན་གྱི་ཞབས་ཕྱི་སྤེལ་བར་སྐུལ་མ་གཏང་བ་དང། སྤྱི་ཚོགས་ཅན་གྱི་ཞབས་ཕྱི་དེ་ཐོན་སྐྱེད་ཀྱི་ཐོག་མཐའ་བར་གསུམ་དུ་རྒྱ་བསྐྱེད་པར་སྐུལ་འདེད་གཏང་དགོས། སྲིད་གཞུང་གིས་ཞིང་ཕྱུགས་ལས་ཀྱི་སྤྱི་ཕན་རང་བཞིན་གྱི་ཞབས་ཕྱི་ཉོ་བའི་ཚོད་ལྟའི་གནས་སྤེལ་དགོས།

12. ཧུར་ཐག་གིས་ལས་རིགས་རོང་འབྲོག་པ་གསར་བ་གསོ་སྐྱོང་བྱ་དགོས། 

ལས་རིགས་རོང་འབྲོག་པའི་གསོ་སྦྱོང་དེ་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་གསོ་སྦྱོང་གི་འཕེལ་རྒྱས་འཆར་འགོད་དུ་འཇོག་པ་དང། ཞིང་ལས་རྒྱང་སྒྲོག་བརྙན་འཕྲིན་སློབ་གྲྭ་གཙོ་གཞི་བྱེད་པ་དང་། ཞིང་ལས་ཚན་ཞིབ་ཁང་དང་ཞིང་ལས་ལས་རིགས་སློབ་གླིང། ཞིང་ལས་ལག་རྩལ་ཁྱབ་གདལ་གྱི་ཞབས་ཕྱིི་ལས་ཁུངས་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་གཞན་དག་ཁ་སྣོན་དུ་བྱས་ཏེ། “གཙོ་གཅིག་རྒྱུ་མང”གི་ལས་རིགས་རོང་འབྲོག་པ་གསར་བའི་སློབ་གསོ་གསོ་སྦྱོང་མ་ལག་འཛུགས་དགོས། སློབ་གསོ་གསོ་སྦྱོང་དང་ངོས་འཛིན་དོ་དམ་དང་སྲིད་ཇུས་ཀྱིས་རོགས་སྐྱོར་བཅས “གནས་གསུམ་གཞི་གཅིག”ཡིན་པ་དང། ཐོན་སྐྱེད་བདག་གཉེར་ཅན་དང་ཆེད་ལས་རྩལ་ནུས་ཅན་དང་སྤྱི་ཚོགས་ཞབས་ཕྱིི་ཅན་བཅས“རིགས་གསུམ་མཉམ་སྡེབ”ཡིན་པ། རིམ་པ་དམའ་འབྲིང་མཐོ་གསུམ་གྱི་ལས་རིགས་རོང་འབྲོག་པ་གསར་བའི་དཔང་ཡིག“རིམ་གསུམ་སྟར་བརྒྱུས”ཡིན་པའི་ལས་རིགས་རོང་འབྲོག་པ་གསར་བའི་གསོ་སྐྱོང་ལམ་ལུགས་ཀྱི་མ་ལག་བཙུགས་ཏེ། གསོ་སྦྱོང་བྱ་ཡུལ་དེ་ཁྱིམ་ཚང་ཁྲི་སྟོང་མང་བོ་ནས་འདེབས་གསོ་སྤེལ་གསུམ་གྱི་ཁྱིམ་ཚང་ཆེན་པོ་དང། རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང། དེང་རབས་ཞིང་ཕྱུགས་ལས་ཀྱི་དཔེ་སྟོན་ཁུལ་བདག་གཉེར་བྱེད་མཁན་དང་དོ་དམ་བྱེད་མཁན་ལ་བསྒྱུར་བ་དང་། གསོ་སྦྱོང་རྣམ་པ་དེ་ཞིང་ལས་ཐོན་སྐྱེད་ཀྱི་ལྷུ་ཚིགས་སོ་སོའི་སྣ་རྐྱང་ལག་རྩལ་གསོ་སྦྱོང་བྱེད་པ་ནས་ཞིང་ལས་ཐོན་སྐྱེད་ཀྱི་ལྷུ་ཚིགས་སོ་སོའི་ཕྱོགས་བསྡུས་ལག་རྩལ་གསོ་སྦྱོང་བྱེད་པར་བསྒྱུར་དགོས། ཞིང་ཕྱུགས་ལས་ཀྱི་ལས་རིགས་སློབ་གསོ་ལེགས་པོར་བསྒྲུབས་ཏེ། ཞིང་ཕྱུགས་ལས་ཀྱི་འབྲིང་རིམ་ལས་རིགས་སློབ་གསོ་དེ་རོགས་དངུལ་སྟེར་བའི་ཁྱབ་ཁོངས་སུ་འཇོག་དགོས། གྲོང་ཁྱེར་དུ་ཡོང་བའི་གླ་རྒྱག་ཞིང་པ་དང་སློབ་ཆེན་ཆེད་སྦྱོང་དང་འབྲིང་རིམ་ཆེད་སྦྱོང་གི་མཐར་ཕྱིན་སློབ་མ། དམག་ཁོངས་ནས་བུད་པའི་དམག་མི་བཅས་ཕྱིར་རང་ཡུལ་དུ་ལོག་ནས་ལས་ལམ་སྐྲུན་པར་སྐུལ་མ་གཏང་དགོས། དེང་རབས་ན་གཞོན་ཞིང་ཕྱུགས་རའི་བདག་པོར་གསོ་སྦྱོང་བྱེད་པའི་འཆར་གཞི་ལག་བསྟར་བྱ་དགོས། ནོར་སྲིད་ཀྱི་ཞིང་སྐྱོར་མ་དངུལ་བཀོལ་སྤྱོད་བྱེད་ཚུལ་ལེགས་བསྒྱུར་བྱས་ཏེ། ལས་རིགས་རོང་འབྲོག་པ་གསར་བར་རོགས་སྐྱོར་བྱེད་པའི་སྲིད་ཇུས་ཆ་ཚང་བར་འཛུགས་པ་དང། ཧུར་ཐག་གིས་ལས་རིགས་རོང་འབྲོག་པ་གསར་བའི་རྒན་གསོ་འགན་བཅོལ་བྱེད་ཐབས་འཚོལ་ཞིབ་བྱ་དགོས།

13. རེས་གསར་བའི་ཚོད་སླེ་ལས་གྲྭའི་འཛུགས་སྐྲུན་ལ་ཤུགས་བསྣན་དགོས། 

“ཚོད་སླེ”ལས་གྲྭར་གྲོང་ཁྱེར(ཁུལ)གྱི་མགོ་གཙོས་འགན་ཁུར་བའི་ལམ་ལུགས་དང་དམིགས་འབེན་དཔྱད་ཞིབ་གདེང་འཇོག་དང་བསྟོད་སྐུལ་རྐྱེན་སྲོལ་ནན་ཏན་གྱིས་ལག་བསྟར་བྱ་དགོས། ཚོད་སླེའི་རྟེན་གཞི་རྨ་ཆུའི་རོང་ཁུལ་ཏུ་སྤོ་སྒྱུར་བྱེད་པ་དང་། ཚྭ་འདམ་ས་ཁུལ་དུ་རྒྱ་བསྐྱེད་པར་མུ་མཐུད་དུ་སྐུལ་འདེད་བྱ་དགོས། སྔོ་ཚལ་དང་ཕག ནོར་ལུག འོ་མ། སྒོ་ང། ཆུའི་ཐོན་རྫས་སོགས་ཀྱི་ཐོན་སྐྱེད་ལ་ཤུགས་བསྒྲིམས་ནས་དམ་འཛིན་བྱ་དགོས། རྨང་གཞིའི་ཚལ་ཞིང་གི་དམར་ཐིག་སྲུང་སྐྱོང་ལམ་ལུགས་དང་ཕྱི་རོལ་ཞིང་སར་སྔོ་ཚལ་འདེབས་པའི་ཁ་གསབ་ལམ་ལུགས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། སྔོ་ཚལ་འདེབས་པའི་རྒྱ་ཁྱོན་བརྟན་སྲུང་བྱ་དགོས་པ་དང། གཅིག་བསྡུས་ཡུག་འབྲེལ་གྱི་དྲོད་ཁང་སྒྱུར་བཀོད་དང་མཐོར་འདེགས་བྱེད་པའི་ལས་གཞི་ལག་བསྟར་བྱས་ཏེ། སྔོ་ཚལ་གྱི་ཚད་ལྡན་འདེབས་རའི་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་བྱེད་པ་དང་། ཐོན་སྐྱེད་ས་ཁུལ་གྱི་དུས་ཚིགས་དང་བསྟུན་པའི་རང་ཁ་རང་གསོའི་ནུས་པ་ཇེ་མཐོར་གཏང་དགོས། སྐམས་ཤ་ལུག་ཤའི་ཐོན་ལས་འཕེལ་རྒྱས་འཆར་གཞི་སྐུལ་སྤེལ་བྱེད་པ་དང་། ཚད་ལྡན་ཅན་གྱི་གཞི་ཁྱོན་བདག་གཉེར་བྱེད་པའི་གསོ་སྤེལ་ར་བ(གཞིས་ཁུལ)འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་ལས་ཇེ་ཆེར་གཏང་དགོས། ཁ་ཐོར་དུ་གསོ་སྤེལ་བྱེད་ཀྱིན་པའི་བཞོན་མ“ཁྱིམ་ནས་ཕུད་དེ་ར་བར་འཇུག་པའི”འཆར་གཞི་མུ་མཐུད་དུ་སྐུལ་སྤེལ་བྱེད་པ་དང་། ཁ་ཐོར་དུ་གསོ་སྤེལ་བྱེད་མཁན་གྱི་ཁྱིམ་ཚང་རྣམས་གསོ་སྤེལ་ར་བར་གཅིག་བསྡུ་བྱེད་པར་སྐུལ་འདེད་བྱ་དགོས། རྨ་ཆུའི་འགྲམ་རྒྱུད་ཀྱི་ཆུ་གྲང་མོའི་གསོ་སྤེལ་འོས་འཚམ་གསར་སྤེལ་ས་རྒྱུད་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ། ཆུ་གྲང་མོའི་ཉ་རིགས་གསོ་སྤེལ་སྔར་ལས་དར་ཞིང་རྒྱས་པར་གཏང་དགོས།

གསུམ། རོང་འབྲོག་ས་ཁུལ་གྱི་ཐོན་ལས་དང་པོ་གཉིས་པ་གསུམ་པ་བཅས་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། རོང་འབྲོག་པའི་ཡོང་སྒོ་རྒྱུན་མཐུད་བརྟན་བརླིང་ངང་འཕར་སྣོན་འབྱུང་བར་བྱ་དགོས།

རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་བྱེད་པར་དམིགས་ཏེ། རོང་འབྲོག་ཁུལ་གྱི་ཐུན་མོང་མ་ཡིན་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་དང། ཞིང་ཕྱུགས་ལས་ཀྱི་རྩོལ་ནུས་སྣ་མང་རྒྱ་བསྐྱེད་ཅིང་། རོང་འབྲོག་ཁུལ་གྱི་ཐོན་ལས་གསར་བ་དང་ལས་རྣམ་གསར་བ་གསོ་སྐྱོང་དང། ཐོན་ལས་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ། རོང་འབྲོག་པའི་ཡོང་སྒོ་འཕར་ས་གསར་བ་གསར་འབྱེད་བྱ་དགོས།

14. ཞིང་ཕྱུགས་ལས་ཐོན་རྫས་ཀྱི་ལས་སྣོན་ཐོན་ལས་མགྱོགས་མྱུར་སྒོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་དགོས། 

ཞིང་ཕྱུགས་ལས་ཐོན་རྫས་ཀྱི་ལས་སྣོན་ལག་རྩལ་གསར་གཏོད་བྱེད་པར་ཤུགས་བསྣན་དགོས་པ་དང། ཞིང་ཕྱུགས་ལས་ཐོན་རྫས་ཀྱི་ཐོག་མའི་ལས་སྣོན་དང། ཞིབ་ཚགས་ལས་སྣོན། ཕྱོགས་བསྡུས་བེད་སྤྱོད་ལས་སྣོན་བཅས་དོ་མཉམ་གྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་དགོས། ཞིང་ཕྱུགས་ལས་ཐོན་རྫས་ཀྱི་ལས་སྣོན་གཞན་བསྒྱུར་བྱེད་ཕྱོད་དང་ཟུར་སྣོན་རིན་ཐང་མཐོར་འདེགས་གཏང་དགོས་པ་དང། རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་འབྱུང་བར་སྐུལ་ཁྲིད་བྱེད་ནུས་ཇེ་དྲག་ཏུ་གཏང་དགོས། རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དང་ཁྱིམ་ཚང་གི་ཞིང་ཕྱུགས་རས་ཐོན་ཡུལ་གྱི་ཐོག་མའི་ལས་སྣོན་གོང་དུ་སྤེལ་བར་རྒྱབ་སྐྱོར་དང་སྣེ་ཁྲིད་བྱེད་པ་དང། ཐོན་སྐྱེད་བྱ་ཡུལ་དུ་གསོག་འཇོག་དང། གསོས་ཉར། རིགས་དང་རིམ་པ་དབྱེ་བ། ཐུམ་རྒྱག འདྲེན་འཚོང་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས། སྣེ་འདྲེན་ཁེ་ལས་ཀྱིས་ཞིང་ཕྱུགས་ཐོན་རྫས་ཞིབ་ཚགས་ལས་སྣོན་གོང་དུ་སྤེལ་བར་ཧུར་ཐག་གིས་རྒྱབ་སྐྱོར་དང་བསྟོད་སྐུལ་བྱ་དགོས།

15. ཞིང་ཕྱུགས་ལས་ཐོན་རྫས་ཀྱི་འཁོར་རྒྱུག་སྒྲིག་བཀོད་དང་ཁྲོམ་རའི་འཛུགས་སྐྲུན་ལ་ཤུགས་བསྣན་དགོས། 

ཞིང་ཕྱུགས་ལས་ཐོན་རྫས་འཁོར་རྒྱུག་གི་གཙོ་རྐང་དྲ་བ་འཐུས་ཚང་དུ་གཏང་དགོས་ལ། ཞིང་ཕྱུགས་ལས་ཐོན་རྫས་གསོག་འཇོག་དང། སྐྱེལ་འདྲེན་སོགས་ཟོང་སྐྱེལ་སྒྲིག་བཀོད་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱ་དགོས། ཞིང་ཕྱུགས་ལས་ཐོན་རྫས་ཀྱི་དེང་རབས་ཟོང་སྐྱེལ་ཞབས་ཕྱིའི་མ་ལག་གོང་དུ་སྤེལ་བ་དང། ཞིང་ཕྱུགས་ལས་ཐོན་རྫས་མངའ་ཁོངས་བརྒལ་ནས་འཁོར་རྒྱུག་དང་དུས་ཚིགས་བསྣོལ་ནས་མཁོ་སྤྲོད་ལ་སྐུལ་འདེད་བཏང་སྟེ། ཁྲོམ་རའི་འདོན་སྤྲོད་ཁག་ཐེག་བྱ་དགོས། ཞིང་ཕྱུགས་ལས་ཐོན་རྫས་ཀྱི་ཁྲོམ་རའི་ཆ་འཕྲིན་དྲ་བ་འཛུགས་པར་ཤུགས་བསྣན་པ་དང། ཞིང་ཆེན་ཡོངས་ཀྱི་ཞིིང་ཕྱུགས་ལས་ཐོན་རྫས་མཁོ་འདོན་དང། ཉོ་ཚོང། རིན་གོང་སོགས་ཀྱི་ཆ་འཕྲིན་གཅིག་གྱུར་གྱིས་བསྡུ་གསོག་དང། ལེགས་སྒྲིག ཁྱབ་བསྒྲགས་བཅས་བྱེད་པའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏང་དགོས། རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དེ་སྒོ་རྩིས་ཚོང་ཁང་དང། སློབ་གྲྭ། ཁེ་ལས། སྡེ་ཁུལ་བཅས་ལ་སྦྲེལ་མཐུད་བྱེད་པར་སྐུལ་འདེད་བྱ་དགོས། ཞིང་ཕྱུགས་ལས་ཀྱི་རྣམ་པ་གསར་བའི་བདག་གཉེར་གཙོ་གཞི་དང་གློག་རྡུལ་ཚོང་དོན། ཟོང་སྐྱེལ། ཉོ་ཚོང། དངུལ་རྩ་སོགས་ཀྱི་ཁེ་ལས་དག་རོང་འབྲོག་ཁུལ་གྱི་གློག་རྡུལ་ཚོང་དོན་ལས་སྟེགས་ཀྱི་འཛུགས་སྐྲུན་ཁྲོད་ཞུགས་པར་རྒྱབ་སྐྱོར་བྱ་དགོས། ཞིང་ཕྱུགས་ལས་ཐོན་རྫས་ཀྱི་ཁྲོམ་རའི་མ་ལག་རིགས་བསྒྱུར་རིམ་སྤར་བྱེད་ཚད་ཇེ་མགྱོགས་སུ་གཏང་དགོས་པ་དང། ལེ་ལག་ཞབས་ཕྱི་ལ་ཤུགས་བསྣན་པ་དང་ཉོ་ཚོང་ལམ་ལུགས་ཚད་ལྡན་དུ་གཏང་དགོས། ཞིང་ཕྱུགས་ལས་ཐོན་རྫས་ཀྱི་ཐོན་ཡུལ་དང་ཞིང་ཚིགས་ཁྲོམ་ར་དང་དེའི་ལེ་ལག་ཟོང་སྐྱེལ་ལྟེ་གནས་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང། ས་ཁོངས་བརྒལ་བའི་འཁྱགས་ཟས་ཟོང་རྒྱུག་མ་ལག་འཛུགས་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།