ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ། ག་བ།

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།     སྤེལ་དུས། : 2016-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བཞི། ལྟ་སྐུལ་ཇེ་དྲག་ཏུ་བཏང་སྟེ་ཁྲིམས་འཛིན་གཞུང་དྲང་རྦད་ཆོད་ཀྱིས་སྲུང་སྐྱོང་བྱས། ཁྲིམས་འཛིན་བྱེད་པའི་འབུར་ཐོན་གནད་དོན་སྔར་ལས་ལྷག་པར་ཐག་བཅད་པ་དང་། གཏུག་བཤེར་བྱ་འགུལ་གྱི་བཅའ་ཁྲིམས་ལྟ་སྐུལ་རྐྱེན་སྲོལ་འཐུས་ཚང་གཏོང་བ་གཙོ་གནད་དུ་བརྩིས་ཏེ། སྤྱི་ཚོགས་དྲང་སྙོམས་དང་དྲང་བདེན་དངོས་གནས་སྲུང་སྐྱོང་བྱས། ལྟ་སྐུལ་བྱ་བའི་རྐྱེན་སྲོལ་འཐུས་ཚང་བཏང་། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་མྱུལ་ཞིབ་ལྟ་སྐུལ་བྱ་བའི་གྲོས་ཚོགས་ཐེངས་གསུམ་པ་ཚོགས་པ་དང་། གནས་བབ་གསར་བའི་འོག་འཛིན་བཟུང་ལ་ཞིབ་བཤེར་དང་། གྱོད་ཐོ་འགོད་པར་ལྟ་སྐུལ། མྱུལ་ཞིབ་བྱ་འགུལ་ལ་ལྟ་སྐུལ་བཅས་བྱེད་པའི་བྱ་བ་ལེགས་སུ་སྒྲུབ་པར་བཀོད་སྒྲིག་བྱས། མཁར་ནུབ་ཆུའུ་ཞིབ་དཔྱོད་ཁང་དང་རྨིན་ཧོ་རྫོང་ཞིབ་དཔྱོད་ཁང་དུ་སྤྱི་བདེ་མངག་གཏོང་ཁང་གི་ཉེས་དོན་མྱུལ་ཞིབ་བྱ་འགུལ་ལ་ལྟ་སྐུལ་བྱེད་པའི་བཅོས་སྒྱུར་ཚོད་ལྟའི་བྱ་བ་བཀོད་སྒྲིག་དང་ཁྱབ་སྤེལ་བྱས། གྱོད་གཞི་ཡོད་ཀྱང་གྱོད་གཞི་སྤོ་སྐྱེལ་མི་བྱེད་པ་དང་གྱོད་གཞི་ཡོད་ཀྱང་གྱོད་ཐོ་མི་འགོད་པ། ཁྲིམས་དང་འགལ་ནས་དཔང་རྟགས་ལེན་པ། ཉེས་འཇལ་བྱས་པ་ཡང་དྲགས་པ་དང་ལྗིད་དྲགས་པ་བཅས་ལ་ལྟ་སྐུལ་བྱེད་པར་ཤུགས་བསྣན་པ་དང་། སྲིད་འཛིན་ཁྲིམས་འཛིན་དང་ཉེས་དོན་ཁྲིམས་འཛིན་འབྲེལ་མཐུད་བྱེད་པའི་རྐྱེན་སྲོལ་འཐུས་ཚང་བཏང་སྟེ། ཉེས་དོན་གཏུག་བཤེར་གྱི་ལྟ་སྐུལ་ཇེ་དྲག་ཏུ་བཏང་། བསྡོམས་པས་མྱུལ་ཞིབ་ལས་ཁུངས་ཀྱིས་གྱོད་ཐོ་བཀོད་པའི་གྱོད་གཞི69ལ་ལྟ་སྐུལ་བྱས་པ་དང་། མྱུལ་ཞིབ་བྱ་འགུལ་དང་ཉེས་དོན་འདྲི་གཅོད་བྱ་འགུལ་ལ་དམིགས་ནས་ཁྲིམས་དང་འགལ་བར་ཡོ་བསྲང་བྱེད་པའི་བསམ་འཆར་བཏོན་པའི་གྱོད་གཞི193ཡོད་པ། ཉེས་དོན་རྒོལ་གཏུག་བཏོན་པའི་གྱོད་གཞི40ཡོད།

བཀག་ཉར་བྱེད་པའི་དགོས་ངེས་རང་བཞིན་ལ་ཞིབ་བཤེར་བྱེད་པར་ཤུགས་བསྣན་ཏེ། མུ་མཐུད་དུ་བཀག་ཉར་བྱེད་མི་དགོས་པའི་དོགས་ཡོད་ཉེས་ཅན227ལ་ཁྲིམས་ལྟར་བཙན་ཤེད་ཀྱི་བྱེད་ཐབས་སྒྱུར་བའི་གྲོས་གཞི་བཏོན་པ་དང་། འཛིན་བཟུང་བྱེད་རྒྱུར་ལུས་པའི་མི50དང་གཏུག་བཤེར་བྱེད་རྒྱུར་ལུས་པའི་མི55ལ་དམིགས་ནས་ཡོ་བསྲང་བྱས། དཔང་རྟགས་འཚོལ་བསྡུ་བྱེད་པ་དེ་ཁྲིམས་བཀོད་གོ་རིམ་དང་མི་མཐུན་པས་ཁྲིམས་འཛིན་གཞུང་དྲང་བྱེད་པར་ཤུགས་རྐྱེན་ཚབས་ཆེན་བཟོ་ཐུབ་པར། མྱུལ་ཞིབ་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་པའམ་ཡིག་ཐོག་འགྲེལ་བཤད་བྱེད་པའི་བླང་བྱ་བཏོན་པའི་གྱོད་གཞི21དང་མི43ཡོད་པ་དང་། ཁྲིམས་འགལ་དཔང་རྟགས་བརྟག་དཔྱད་བྱས་པའི་གྱོད་གཞི6དང་མི6ཡོད། ཉེས་དོན་ལག་བསྟར་གྱི་ལྟ་སྐུལ་ཇེ་དྲག་ཏུ་བཏང་། ཁྲིམས་ཆད་ཇེ་ཡང་དུ་གཏོང་བ་དང་དངོས་མིན་བཙོན་འགྲོལ། བཙོན་ཁང་ཕྱི་རོལ་ཏུ་ཉེས་ཆད་གནས་སྐབས་སུ་ལག་བསྟར་བྱེད་པ་བཅས་ལ་དུས་མཉམ་དུ་ལྟ་སྐུལ་བྱེད་པའི་བྱ་བར་ཤུགས་བསྣན་པ་དང་། ཁྲིམས་དང་འགལ་བའི་གནས་ཚུལ་ལ་དམིགས་ནས་ཁྲིམས་འགལ་གྱི་བརྡ་ཐོ167ཡིག་ཐོག་ཡོ་བསྲང་བྱས། སྡེ་ཁུལ་གྱི་ཁྲིམས་ཆད་ཁུར་བའི་མི་སྣ་དོ་དམ་འོག་ནས་ཤོར་བའི་ཆེད་དོན་ཞིབ་དཔྱོད་བྱ་འགུལ་བཀོད་སྒྲིག་དང་ཁྱབ་སྤེལ་བྱས་ཏེ། ཞིབ་དཔྱོད་བྱས་ཏེ་བཏོན་པ་མ་ཟད་ཡོ་བསྲང་བྱས་པའི་དོ་དམ་བྱེད་རྒྱུར་ལུས་པའི་མི25དང་དོ་དམ་འོག་ནས་ཤོར་བའི་མི8ཡོད་པ་དང་། བཙོན་ཁང་ནང་དུ་བཅུག་ནས་ཉེས་ཆད་ལག་བསྟར་བྱེད་པའི་མི9ལ་གྲོས་གཞི་བཏོན་ཏེ། ཉེས་དོན་ལག་བསྟར་གཞུང་དྲང་དང་ལག་བསྟར་བྱ་ཡུལ་གྱི་ཁྲིམས་མཐུན་ཁེ་དབང་ལ་དངོས་གནས་སྲུང་སྐྱོང་བྱས། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་གཅིག་གྱུར་བཀོད་སྒྲིག་ལྟར། འབྲེལ་ཡོད་སྡེ་ཁག་དང་འབྲེལ་གཏུག་དང་གཞོགས་འདེགས་བྱེད་པར་ཤུགས་བསྣན་ཏེ། ཁྲིམས་ཆད་ཁུར་བའི་ཉེས་ཅན་སྐོར་ཞིག་དམིགས་བསལ་བཙོན་འགྲོལ་གཏོང་བའི་སྐོར་གྱི་ཞིབ་དཔྱོད་ལྷུ་ཚིགས་ཀྱི་བྱ་བ་སྣ་ཚོགས་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་བྱས། གཙོ་བོ་དམངས་དོན་དང་སྲིད་འཛིན་ཞིབ་དཔྱོད་བྱ་བར་ཤུགས་སྣོན་བཏང་། སྣ་མང་ཅན་གྱི་ལྟ་སྐུལ་བྱེད་སྟངས་ནུས་ཤུགས་ཡོད་རྒུས་ཆགས་པར་བྱས་པ་དང་། ལྟ་སྐུལ་བྱེད་ཐབས་སྣ་མང་ཕྱོགས་བསྡུས་བེད་སྤྱད་ནས་གོ་ཆོད་པའི་ཁྲིམས་གཅོད་ལ་ལྟ་སྐུལ་དང་འདྲི་གཅོད་གོ་རིམ་ལ་ལྟ་སྐུལ། ལག་བསྟར་བྱ་འགུལ་ལ་ལྟ་སྐུལ་བྱེད་པར་སྐུལ་སྤེལ་བཏང་སྟེ། བསྡོམས་པས་དམངས་དོན་དང་སྲིད་འཛིན་ཐད་ཞིབ་དཔྱོད་ལྟ་སྐུལ་བྱེད་པར་ཞུས་པའི་གྱོད་གཞི463ལ་ཞིབ་བཤེར་དང་ཐག་གཅོད་བྱས་པ་དང་། རྒོལ་གཏུག་བྱེད་དགོས་པའི་གྱོད་གཞི12ཞུས་པ་དང་བཏོན་པ། ཞིབ་དཔྱོད་གྲོས་གཞི175བཏོན་ཡོད།

"འགན་འཁྲི་ལག་བསྟར་དང་ཞུ་གཏུག་བྱེད་པར་སྐུལ་འདེད་གཏོང་བའི"ཆེད་དོན་བྱ་འགུལ་རྩ་འཛུགས་དང་ཁྱབ་སྤེལ་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་གིས་རྒྱལ་དབང་རྒྱུ་ནོར་དང་ཁོར་ཡུག་ཐོན་ཁུངས་སྲུང་སྐྱོང་བྱེད་པ་སོགས་སྲིད་འཛིན་འགན་འཁྲི་ཁྲིམས་ལྟར་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། བསྡོམས་པས་ཞུ་གཏུག་བྱེད་པར་རྒྱབ་སྐྱོར་བྱས་པའི་གྱོད་གཞི49ཡོད་པ་དང་། འགན་འཁྲི་ལག་བསྟར་བྱེད་པར་སྐུལ་འདེད་བཏང་བའི་གྱོད་གཞི180ཡོད་པ། རྒྱལ་དབང་རྒྱུ་ནོར་སྒོར་དུང་ཕྱུར2.67སློག་ཏུ་འཇུག་པ་དང་ཚུར་ལེན་བྱེད་པར་སྐུལ་འདེད་བཏང་།

ལྔ། འཚོལ་ཞིབ་དང་གསར་སྐྲུན་བྱས་ཏེ་ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་དང་ཞིབ་དཔྱོད་བཅོས་སྒྱུར་བྱེད་པར་བརྟན་བརླིང་ངང་སྐུལ་སྤེལ་བཏང་། ཞིང་ཆེན་ཏང་ཨུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་ནན་ཏན་གྱིས་དོན་འཁྱོལ་མཐར་ཕྱིན་བྱས་ཐོག ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་ཚོད་ལྟའི་བྱ་བའི་འགན་འཁྲི་གཙོ་བོ་དངོས་གནས་ཁུར་ཡོད།  

གཅིག་ནི་བལྟོས་བཅས་ཀྱིས་ཆ་ཚང་བའི་བྱ་བའི་ལམ་ལུགས་ནུས་ཤུགས་ཡོད་རྒུས་གསར་འཛུགས་བྱས། ཞིང་ཆེན་གྱི་གནས་ཚུལ་དངོས་ལ་དམིགས་ནས་རྒྱ་ཁྱབ་གཏིང་ཟབ་སྒོས་བརྟག་དཔྱད་ཞིབ་འཇུག་བྱས་པ་དང་། བློ་རྩེ་གཅིག་སྒྲིམ་གྱིས་གཙུག་རིམ་གྱིས་ཇུས་འགོད་པ་དང་གཞི་རིམ་གྱིས་འཚོལ་ཞིབ་བྱེད་པ་ཟུང་དུ་འབྲེལ་བ་རྒྱུན་འཁྱོངས་བྱེད་ཐད་སྡུག་རུས་བྱས་པ་དང་། 《མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱི་ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་ཚོད་ལྟའི་བྱ་བའི་སྐོར་གྱི་ལག་བསྟར་འཆར་གཞི》དང《ད་ཡོད་ཀྱི་ཞིབ་དཔྱོད་མི་སྣའི་ནང་ནས་ཞིབ་དཔྱོད་དཔོན་པོ་གདམ་གསེས་བྱེད་པའི་སྐོར་གྱི་ལག་བསྟར་འཆར་གཞི》སོགས་ཞིབ་དཔྱོད་མི་སྣ་རིགས་འབྱེད་དོ་དམ་བྱེད་པ་དང་ཁྲིམས་འཛིན་འགན་ཁུར་ལམ་ལུགས་འཐུས་ཚང་གཏོང་བ་སོགས་ཀྱི་ནང་དོན་ལ་འབྲེལ་བའི་ཆ་ཚང་སྡེབ་སྒྲིག་གི་འཆར་གཞི21གཏན་ལ་ཕབ་པ་དང་དངོས་སུ་བཏོན་ཞིང་། ལས་འགན་ཡི་གེ་དང་ལམ་ཐིག་འཆར་འགོད་རི་མོ། དུས་ཚོད་གཏན་འཁེལ་རེའུ་མིག་བཅས་གསལ་བོ་བྱས་ཏེ། རིམ་པ་སོ་སོའི་ཞིབ་དཔྱོད་ཁང་གིས་ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་བྱེད་པའི་ཚོད་ལྟའི་བྱ་བ་སྐུལ་སྤེལ་གཏོང་བར་གཞི་འཛིན་ས་འདོན་སྤྲོད་བྱས། 

གཉིས་ནི་བྱ་བའི་ཐབས་ཤེས་སྣ་ཚོགས་ཏན་ཏིག་གིས་དངོས་འབེབས་བྱས། ལོ་འགོར་གྲོང་ཁྱེར་དང་ཁུལ་གྱི་ཞིབ་དཔྱོད་ཁང་གཉིས་དང་ཆུའུ་རྫོང་གི་ཞིབ་དཔྱོད་ཁང་བཞིར་ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་བྱེད་པའི་སྔོན་སྐྱོད་ཚོད་ལྟའི་བྱ་བ་སྤེལ་ཏེ། སྐོར་དང་པོའི་ཞིབ་དཔྱོད་དཔོན་པོ96ཞིབ་དཔྱོད་དཔོན་པོའི་གྲས་སུ་ཚུད་པ་མ་ཟད། ད་དུང་ཞིབ་དཔྱོད་དཔོན་པོ39%ནང་གི་བཅད་གྲངས་ཚོད་འཛིན་དམིགས་འབེན་མངོན་འགྱུར་བྱས། སྔོན་སྐྱོད་ཚོད་ལྟའི་ཉམས་མྱོང་ནན་ཏན་གྱིས་སྤྱི་བསྡོམས་བྱས་པའི་རྨང་གཞིའི་ཐོག ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་བྱེད་པའི་ཚོད་ལྟའི་བྱ་བ་ཕྱོགས་ཡོངས་ནས་ཁྱབ་སྤེལ་བྱས་པ་དང་། ཟླ10བར་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་དཔོན་པོ་སྐོར་གཉིས་པའི་མི་སྣ་གཏན་འཁེལ་བྱེད་པའི་གདམ་གསེས་བྱ་བ་སྒྲུབ་འགོ་བརྩམས་པ། ཞིབ་དཔྱོད་ལས་རོགས་པ་དང་ཞིབ་དཔྱོད་པ། ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཨུ་ཡོན910ཆེད་ལས་རྒྱུགས་སྤྲོད་དང་ཆེད་ལས་དཔྱད་ཞིབ། བྱ་བ་སྒྲུབ་ཚུལ་གདེང་འཇོག རྟོག་ཞིབ་ངོ་ཐུག་རྒྱུགས་སྤྲོད་བཅས་ཀྱི་བྱ་བར་ཞུགས་པ། ཞིང་ཆེན་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་པོ་གདམ་གསེས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་ཏེ་ཞིབ་དཔྱོད་དཔོན་པོའི་གྲས་སུ་ཚུད་པའི་མི་སྣ700གཏན་ཁེལ་བྱས། སྲིད་འཛིན་མངའ་ཁོངས་ལས་བརྒལ་ནས་ཞིབ་དཔྱོད་ཁང་འཛུགས་པའི་བཅོས་སྒྱུར་ནན་ཏན་གྱིས་ཇུས་འགོད་བྱས་པ་དང་། ཞིང་ཆེན་ཏང་ཨུས་མཚོ་ནུབ་ཁུལ་ནུབ་རྒྱུད་གཏེར་ཁུལ་མི་དམངས་ཞིབ་དཔྱོད་ཁང་འཛུགས་པའི་བསམ་འཆར་མཆན་འགོད་བཀའ་ལན་མཛད་དེ་ཡིད་འཐད་བྱུང་། དུས་མཚུངས་སུ་ང་ཚོས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་ཞིང་འདྲ་བཟོ་བྱེད་པ་དང་ཁྱབ་གདལ་དུ་གཏོང་ཐུབ་པའི་ཚོད་ལྟའི་བྱ་བའི་ཉམས་མྱོང་ནན་ཏན་གྱིས་འཚོལ་ཞིབ་བྱས་པ་དང་། བྱེད་ཐབས་སྐོར་ཞིག་ལ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཁས་ལེན་གང་ལེགས་ཐོབ་ཡོད།

གསུམ་ནི་བསམ་བློའི་ཆབ་སྲིད་བྱ་བར་དངོས་གནས་ཤུགས་སྣོན་བཏང་། 《ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་ཚོད་ལྟའི་རྒྱུད་རིམ་ཁྲོད་བསམ་སློའི་ཆབ་སྲིད་བྱ་བ་ནན་ཏན་གྱིས་ལེགས་སྒྲུབ་བྱེད་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར》གཏན་འབེབས་བྱས་པ་དང་། ཚོད་ལྟ་བྱས་པའི་ཞིབ་དཔྱོད་ཁང་གི་ཅཱན་ཁྲ་ཀྲང་གིས་ཆེད་དོན་བྱ་བ་སྒྲུབ་ཚུལ་གསལ་ཞུ་བྱེད་པར་རྩ་འཛུགས་བྱས་ཏེ། ལས་བྱེད་ཉེན་རྟོག་པའི་བསམ་བློ་མི་འཁྲུག་པ་དང་མི་སེམས་མི་གཡེང་བ། བྱ་བ་རྒྱུན་མི་ཆད་པར་སྒྲུབ་པར་ཁག་ཐེག་བྱས།

བཞི་ནི་ཞིབ་དཔྱོད་བཅོས་སྒྱུར་བྱེད་པར་གཅིག་གྱུར་གྱིས་སྐུལ་སྤེལ་བཏང་། ཁྲིམས་འཛིན་གྱོད་གཞི་ཐག་གཅོད་པའི་ཆ་འཕྲིན་མངོན་གསལ་བྱེད་པ་གཙོ་གནད་དུ་བརྩིས་པའི་ཞིབ་དཔྱོད་ལས་དོན་མངོན་གསལ་བྱེད་པའི་བཅོས་སྒྱུར་བྱ་བ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། ཞིབ་དཔྱོད་སྒོ་འབྱེད་པའི་ཉིན་དང་ཐེར་འདོན་གོང་ཞུའི་དྲིལ་སྒྲོག་གཟའ་འཁོར་སོགས་སྤྱོད་གོ་ཆོད་པའི་མངོན་གསལ་བྱེད་སྟངས་རྒྱུན་འཁྱོངས་བྱས་པ། ཚགས་པར་དང་བརྙན་འཕྲིན་སོགས་སྨྱན་བྱེད་གཙོ་བོ་དང"པོད་ཕྲན་དང་འཕྲིན་ཕྲན། མཁོ་མཁན་ཕྱོགས"སོགས་སྨྱན་བྱེད་གསར་བ་བརྒྱུད་དེ། "ཀུན་གསལ་ཞིབ་དཔྱོད་ལས་དོན་སྒྲུབ་པར"སྐུལ་སྤེལ་བཏང་། བསྡོམས་པས་གྱོད་གཞིའི་གོ་རིམ་རང་བཞིན་གྱི་ཆ་འཕྲིན10607དང་ཞིབ་དཔྱོད་བཅའ་ཁྲིམས་ཡིག་རིགས2580མངོན་གསལ་བྱས་པ་དང་། གྱོད་གཞི་ཚབས་ཆེན་གྱི་ཆ་འཕྲིན233ཁྱབ་སྒྲོག་བྱས། མཚོ་སྔོན་ཞིབ་དཔྱོད་ཀྱི་གཞུང་ཕྱོགས་པོད་ཕྲན་ལ"རྒྱལ་ཡོངས་ཀྱི་ཞིབ་དཔྱོད་པོད་ཕྲན་བཟང་པོ་བཅུའི"མཚན་སྙན་ཐོབ་ཡོད། མི་དམངས་ལྟ་སྐུལ་པ་བདམས་ནས་བསྐོ་གཞག་བྱེད་པའི་དོ་དམ་བྱེད་སྟངས་བཅོས་སྒྱུར་བྱེད་པར་སྐུལ་འདེད་བཏང་སྟེ། ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་དང་རང་འགུལ་གྱིས་གཞོགས་འདེགས་དང་རོགས་རམ་བྱས་ནས་མི་དམངས་ལྟ་སྐུལ་པ་བདམས་ནས་བསྐོ་གཞག་བྱེད་པའི་བྱ་བ་ལེགས་སྒྲུབ་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།