ཁག་དང་པོ།
ཁག་གཉིས་པ།
ཁག་གསུམ་པ།
ཁག་བཞི་བ།
ཁག་ལྔ་བ།
རེབ་གོང་པ་མཁར་རྩེ་རྒྱལ་ལགས་ཀྱི་གནས་ཚུལ་ངོ་སྤྲོད།
རེབ་གོང་པ་མཁར་རྩེ་རྒྱལ་ལགས་ནི༡༩༦༧ལོར་མདོ་སྨད་རེབ་གོང་དུ་སྐྱེས། ད་ལྟ་མཚོ་སྔོན་ཞིང་ཆེན་སྲིད་གྲོས་སློབ་སྦྱོང་དང་རིག་གནས་ལོ་རྒྱུས་ཨུ་ཡོན་ལྷན་ཁང་དུ་ལས་ཀ་གཉེར་བཞིན་ཡོད། དེ་སྔོན་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཆོགས་འདུ་སྐབས་བཅུ་གཅིག་པའི་ཨུ་ཡོན་ཁུར་མྱོང་ཞིང་། མཚུངས་སུ་ཀྲུང་གོ་དམངས་ཁྲོད་སྒྱུ་རྩལ་པ་ལྷན་ཚོགས་ཀྱི་ཚོགས་མི་དང་། མཚོ་སྔོན་ཞིང་ཆེན་དམངས་ཁྲོད་སྒྱུ་རྩལ་པ་ལྷན་ཚོགས་ཀྱི་ལས་འཛིན། མཚོ་སྔོན་ཞིང་ཆེན་ཡིག་བྲིས་པ་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭའི་ཆེད་ཞུས་དགེ་རྒན་ཆེན་མོ། མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་གདན་ཞུས་དགེ་རྒན་ཆེན་མོ། མཚོ་སྔོན་ཞིང་ཆེན་རྩ་འཛུགས་པུའི༼ མཐོ་སྒང་གི་གདོང་མཆོང་དགེ་རྒན ༽ བཅས་དཀྱུས་གཅིག་ཏུ་ཁུར་མུས་ཡོད། ༢༠༠༠ལོ་ནས་བཟུང་། སོ་སོར་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་བོད་རྒྱ་ཡིག་རིགས་གཉིས་ཀྱི་རིག་གཞུང་དུས་དེབ་སྣ་ཚོགས་སྟེང་བོད་ཀྱི་ལོ་རྒྱུས་དང་། དམངས་སྲོལ། ཆོས་ལུགས། མཚན་ཉིད་རིག་པ། ས་གནས་ལོ་རྒྱུས་རིག་གནས། ཆེད་དོན་རྩད་ཞིབ་ལ་སོགས་པའི་སྐོར་ནས་དཔྱད་རྩོམ་བརྒྱ་ཕྲག་ལྷག་སྤེལ་མྱོང་། བོད་ཀྱི་དམངས་སྲོལ་རིག་གནས་སྐོར་གྱི་མི་སྒེར་བརྩམས་ཆོས༼ འཇིག་རྟེན་མཆོད་བསྟོད ༽ བྱ་བ་དེ་༢༠༠༩ལོར་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་དཔེ་སྐྲུན་ཁང་གིས་དཔར་སྐྲུན་བྱས་པ་དང་། ལོ་དེར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་བཙུགས་ནས་ལོ་འཁོར་༦༠ལོན་པའི་རྩོམ་རིག་སྒྱུ་རྩལ་གསར་རྩོམ་གྱི་ཆེས་མཐོ་བའི་གཟི་བརྗིད་མཚན་སྙན་གནངས། བརྩམས་ཆོས་འདི་༢༠༡༡ལོ་ནས་བཟུང་ནུབ་བྱང་མི་རིགས་སློབ་ཆེན་སོགས་ཀྱིས་འབུམ་རམས་སློབ་མར་རྒྱུགས་ལེན་པའི་དཔྱད་ཡིག་གནད་ཆེན་གྲས་སུ་བདམས། ལོ་མང་པོའི་སྲིད་ལས་ཀྱི་ཞོར་དུ་རིག་གཞུང་ཞིབ་འཇུག་དང་རྒྱང་སྒྲོག་བརྙན་འཕྲིན། ཡིག་གཟུགས་སྒྱུ་རྩལ་ལ་སོགས་པའི་ཕྱོགས་ནས་གཟེངས་བསྟོད་བྱ་དགའ་སྣ་ཚོགས་ཉི་ཤུ་ལྷག་བླངས་མྱོང་ཞིང་། ༢༠༠༨ལོར་༼ རེབ་གོང་ལྷ་རིས་སྒྱུ་རྩལ་ ༽ དེ་འཛམ་གླིང་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་རྣམ་གྲངས་ཁྲོད་འཇུག་པར་བརྩོན་ལེན་བྱས་ཐོག མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་ལྷན་ཚོགས་ལ་ཡར་ཞུའི་ཡི་གེ་བྲིས་ཏེ་ད་ལྟ་དངོས་སུ་ཆོག་མཆན་བཀོད་ཡོད་པ་འདི་ལགས་སོ། །