མཚོ་སྔོན་ཞིང་ཆེན་གྱི2005ལོའི་སློབ་གྲྭ་ཆེན་མོར་སློབ་མ་བསྡུ་བའི་བོད་ཡིག་གི་རྒྱུགས་གཞི།

དང་པོ། (འདྲི་ཚིག་རེ་རེའི་ལན་ཡང་དག་པ་དེ་བདམས་ནས་ཨང་རྟགས་གུག་རྟགས་ནང་དུ་འབྲི་དགོས)

1. གཤམ་གྱི་མིང་འགྲེལ་ཁག་བཞི་ལས་འགྲེལ་བཤད་བྱས་པ་ནོར་བའི་ཁག་གཅིག་ནི(  )ཡིན།

ཀ  སྲེད་པ      ཞེན་པའམ་ཆགས་པ། སྒྲུན་པ།      འགྲན་པའི་དོན།

ཁ  རེག་ཟིག      ཟིན་བྲིས།      སོམ་ཉི      ཐེ་ཚོམ།

ག   ཐུགས་ལ་བཏགས      སེམས་ལ་བཞག་པ་སྟེ་ལྟ་རྟོག་བྱས་པའི་དོན།

ང   རྟབ་རྟབ་པོར      མྱུར་མོར་ཞེས་པའི་དོན།

2. གཤམ་གྱི་མངོན་བརྗོད་ཁག་བཞི་ལས་ངོས་འཛིན་བྱས་པ་ནོར་ཡོད་པའི་ཁག་གཅིག་ནི(   )ཡིན།

ཀ  གཉིས་འཐུང      གླང་ཆེན།     གཉིས་སྐྱེས      དང་བྲམ་ཟེ།

ཁ  སྤྲིན་འཛིན      རི་བོ།       བྱ་ལམ      ནམ་མཁའ།

ག  འཛིན་མ      ས་གཞི།        སྲེག་ཟ      མེ།

ང  ཉལ་འགྲོ་མ      རླུང༌།        ཆུ་བོའི་གཏེར      ཆུ་བོ།

3. གཤམ་གྱི་བརྡ་རྙིང་བརྡ་གསར་དུ་ཕབ་པ་ནོར་བའི་ཁག་གཅིག་ནི( )ཡིན།

ཀ  གཙིགས་བརྣན་པ      ནན་ཏན་དུ་དམ་བཅས་པའི་ཚིག་བཀོད་པ།

ཁ  ད་ཕྱིན་ཆད་ནམ་ནམ་ཞ་ཞར      སླད་ཕྱིན་དུས་གཏན་དུ།

ག  ཀུན་གྱིས་དབུ་སྙུང་དང་བྲོ་བོར      ཐམས་ཅད་ཀྱིས་ཞབས་བྲོ་འཁྲབ།

ང  པང་དུ་གསོལ      དཔང་དུ་བཙུགས་པ།

4. ཚིག་གི་སྟོང་ཆར་རིམ་པ་ལྟར་མིང་ཁ་སྐོང་བ་འགྲིག་པའི་ཁག་གཅིག་ནི(  )ཡིན།

སྒྲ་ཤེས་ན་དོན་ལ་མི་རྨོངས།         ཤེས་ན་མིང་ལ་མི་རྨོངས།           ཤེས་ན་ཚིགས་བཅད་ལ་མི་རྨོངས།             ཤེས་ན་ཚིག་རྒྱན་ལ་མི་རྨོངས།           ཤེས་ན་སྐད་རིགས་ལ་མི་རྨོངས།      

ཀ  མངོན་བརྗོད།   སྡེབ་སྦྱོར།   སྙན་ངག   ཟློས་གར།

ཁ  སྡེབ་སྦྱོར།   སྙན་ངག   ཟློས་གར།    མངོན་བརྗོད།

ག   ཟློས་གར།    སྙན་ངག    མངོན་བརྗོད།    སྡེབ་སྦྱོར།

ང    སྙན་ངག     ཟློས་གར།     མངོན་བརྗོད།     སྡེབ་སྦྱོར།

5.“ཁོང་ལ་རིགས་གནས་ཀྱི་ཡོན་ཏན་ཆེན་པོ་ལྡན་ནམ་མི་ལྡན། ལྡན་ན་སློབ་གྲྭ་ཆེན་མོའི་དགེ་རྒན་དུ་འོས”པའི“ན”སྒྲ་ནི(   )ལ་འཇུག

ཀ  གལ་འཛུགས་ཀྱི་དམིགས་ཀྱིས་འབྱེད་པ།   ཁ  གཞུང་འཛུགས་ཀྱི་དམིགས་ཀྱིས་འབྱེད་པ།

ག  རྒྱུ་མཚན་སྟོན་པ།            ང   ཚིག་སྔ་ཕྱི་མི་མཐུན་པར་སྟོན་པ།

6.གཤམ་གྱི་རྗེས་འཇུག་གི་མིང་མཐའ་འདྲེན་ཚུལ་གྱི་དཔེ་བརྗོད་ལ་གསལ་བཤད་དང་དབྱེ་བ་ཕྱེས་པ་ནོར་བའི་ཁག་གཅིག་ནི(    )ཡིན།

ཀ  རྒོད་པོ   དགྱེས་པ      ཕོ་ཡིས་ཕོ་དྲངས་པ      རྟགས་མཚུངས་འདྲེན་པ།

ཁ  དགུང་ལོ   རོལ་མོ      མོ་ཡིས་མོ་དྲངས་པ      རྟགས་མཚུངས་འདྲེན་པ།

ག  ཐང་ཀ    བྱིན་པ      མོ་ཡིས་མོ་དྲངས་པ      རྟགས་མཚུངས་འདྲེན་པ།

ང  རོལ་ཆ    སྟོན་ཁ     མ་ནང་གིས་མ་ནིང་དྲངས་པ   རྟགས་མཚུངས་འདྲེན་པ།

7.གཤམ་གྱི་སྙན་ངག་ཤོ་ལོ་ཀའི་རྒྱན་ངོས་བཟུང་བ་འགྲིག་པའི་ཁག་གཅིག་ནི(   )ཡིན།

  དབྱར་གྱི་དགའ་སྟོན་ཉེ་བར་གྱུར་མཐོང་ནས། །  ①མྱུ་གུའི་ཚོགས་ཀྱི་སྤུ་ལོང་རབ་རྒྱས་པའི། །

  ②ནོར་འཛིན་དགའ་མ་གདུང་བའི་དྲོད་འབར་ཞིང༌། །  ③ལུས་ཀྱི་རྔུལ་བཞིན་ཆབ་རོམ་བཞུ་བ་འབབ། །

    ཀ  ①གཟུགས་རྒྱན།    ②གཟུགས་རྒྱན།  ③དཔེ་རྒྱན།

ཁ  ①དཔེ་རྒྱན།   ②གཟུགས་རྒྱན།   ③གཟུགས་རྒྱན།

ག  ①གཟུགས་རྒྱན།   ②དཔེ་རྒྱན།     ③གཟུགས་རྒྱན།

ང   ①དཔེ་རྒྱན།     ②གཟུགས་རྒྱན།    ③དཔེ་རྒྱན།

8.རྟགས་ཡང་དག་ཡིན་མིན་གྱི་ཚད་འཇལ་བྱེད་ཡིན་པའི་ཁག་གཅིག་ནི(    )དེ་ཡིན།

ཀ  བསྒྲུབ་བྱ་དང་སྒྲུབ་བྱེད།  སྒྲུབ་རིམ་བཅས་ཚང་མིན་ལ་ལྟ་དགོས་པ།

ཁ  རྟགས་དེ་ནང་གི་ཡུལ་ཅན་དང་མཐུན་མིན་ལ་ལྟ་དགོས་པ།

ག  ཚུལ་གསུམ་ཚང་མིན་ལ་ལྟ་དགོས་པ་སྟེ། ཕྱོགས་ཆོས་དང་རྗེས་ཁྱབ། ལྡོག་ཁྱབ་བཅས་ཚང་མིན་ལ་ལྟ་དགོས་པ།

ང  འབྲས་རྟགས་དང་རང་བཞིན་གྱི་རྟགས། མ་དམིགས་པའི་རྟགས་ཚང་མིན་ལ་ལྟ་དགོས་པ།

9.བསམ་ཡས་གཙུག་ལག་ཁང་ནི་དུས་རབས(   )ནང་དུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང༌། མཁན་ཆེན་ཞི་བ་འཚོ། སློབ་དཔོན་པད་མ་འབྱུང་གནས་གསུམ་གྱིས་བཞེངས་སུ་བཅུག་པ་ཡིན།

ཀ   དྲུག་པའི།    ཁ  བདུན་པའི།    ག  བརྒྱད་པའི།    ང  དགུ་བའི།

10.“རྐང་ལམ་དེ་ནི་ངའི་ཕ་ཡུལ་གྱི་རྒྱུ་ལམ་ཉག་ཅིག་ཡིན་ལ། དུས་རབས་ཅི་འདྲ་མང་བོའི་རིང་ལ་མི་རབས་ནས་མི་རབས་བར་དུ་ལོ་རྒྱུས་ཀྱི་ཞབས་རྗེས་བགྲང་ལས་འདས་པ་ཞིག་ལམ་ཕྲན་འདིའི་སྟེང་དུ་བཞག་པ་དང༌། དཀའ་ཚེགས་ཆེ་ཞིང་རྩོལ་བ་བསྐྱེད་པའི་རྔུལ་ཆུ་ཅི་འདྲ་མང་བོ་ཞིག་རྐང་ལམ་འདིའི་སྟེང་སིམ་ཡོད་པ་རེད་ཨང༌།”ཞེས་པའི་མཚོན་དོན་ཡིན་པའི་ཁག་གཅིག་ནི(   )ཡིན།

   ཀ  དེ་ནི་ཕ་ཡུལ་དུ་འགྲོ་སའི་ལམ་ཕྲན་ཁོ་ན་ཡིན་པ་དང༌། མི་བགྲང་གིས་མི་ལངས་པ་ཞིག་གིས་ལམ་དེ་སྐྲུན་པར་དཀའ་སྡུག་གང་མང་མྱངས་པ།

   ཁ  ཕ་མེས་རྣམས་ཀྱིས་རྒྱུན་འཛིན་བྱས་པའི་བསམ་བློ་དང་མཛད་རྗེས།  བློ་གྲོས་དང་སྙིང་

སྟོབས།

   ག མི་རྣམས་ཀྱིས་དེའི་སྟེང་དུ་ཞབས་རྗེས་གང་མང་བཀོད་ཡོད་པ།

   ང  མི་རབས་མང་བོའི་མི་རྣམས་ལམ་ཕྲན་དེ་ནས་ཕ་ཡུལ་དུ་ཕྱིན་པ།

 

གཉིས་པ། གཤམ་གྱི་ཚིག་གི་སྟོང་ཆའི་ནང་དུ་འོག་གི་ཕྲད་དང་མིང་ལས་རིམ་པ་ལྟར་དོན་ལ་འབྱོར་བའི་ཁག་དེ་བདམས་ནས་འགོས་དགོས།

1.འཇིག་རྟེན་འདི་ན་སྣང་བ་དང་མུན་པ་གཉིས་པོ་འདི་བྱ་བ་ཤིན་ཏུ་ཆེ་སྟེ། ཇི་ལྟར་ཞེ་ན། སའི་སྟེང་ན་གཟུགས་ཀྱི་རྣམ་པ་ཆེ་ཆུང་ཕྲ་རགས་སྲིད་ཚད་ཐམས་ཅད་སྣང་བས།       བྱེད། མཐོང་བར་བྱེད། བསྟན་དུ་ཡོད་པའི་གནས་ཚུལ་ལ་གཞན་གྱི་མིག       བྱེད་དེ། དགའ་སྡུག་འདོད་སྡང་བླང་དོར་གྱི་རྣམ་རྟོག་སྣ་ཚོགས་པ       བྱེད་དོ། །(    )

  ཀ  གནས་པར།  ཞུགས་པར།  འདོན་པར།  ཁ རིག་པར།  ཞུགས་པར།  ཕྱུངས་པར།

  ག  མཐོང་བར།  འཇུག་པར།  འདོན་པར།  ང  གསལ་བར།  འཇུག་པར།   འབྱིན་པར།

2.རྟག་ཏུ་ཆར་བ་དང་ཁ་བ་སོགས་མོད་པས་ཐན་པས་ཤིན་ཏུ       མེད་པར་ལོ་ཏོག་རྩི་ཤིང་རྒྱས་པ་དང༌།  མི་ཕྱུགས་རི་དྭགས་བྱ་བྱིའུ་སྲིན་བུ་ཕྲ་མོ་ཡན་ཆད་ལ་སྐོམ་པའི      མི་དམིགས་པ་དང༌།  དུས་ཀུན་ཏུ་ཉི་མའི་ཚ་ཟེར་དང་ཟླ་བའི་བསིལ་ཟེར་སྤེལ་མར་སྙོམས་ཤིང༌། རྣམ་པ་ཀུན་ཏུ་མཐའ་དག་གི་ལུས་སེམས       ཁོ་ན་མྱོང་བར་བགྱིད་དོ། །(    )

  ཀ  འཚེ་བ།   གདུང་བ།  བདེ་སྐྱིད།     ཁ  གནོད་པ།  མནར་གཅོད།   སྐྱིད་པ།

  ག  གདུང་བ།   སྡུག་བསྔལ།   དགའ་བདེ   ང  འཚེ་བ།  སྡུག་བསྔལ།   ཚིམ་པ།

3.རོ་བོ་རྩེ་གསུམ་དེའི་མདུན་ནས་རླངས་འཁོར་གྱི་ཁ་ནུབ      བསྐྱོགས་མ་ཐག་ཏུ། རི་ཁུགས་སུ་ལྗོན་ཤིང་ཚང་ཚིང་       རྒྱས་པའི་ལུང་བ་རིང་མོ་ཞིག་ཡོད་པ་མཐོང་ལ། དེནི་གསེར་མདོག་གི་བྱེ་མའི་རི་བོ་ལ་གཡུ་མདོག་གི་སྨད་གཡོགས      བརྒྱན་པ་དང་ཨ་ན་མ་ན་རེད།(    )

  ཀ     ཏུ        དུ        གིས          ཁ      ལ       ཏུ       ཡིས

  ག     ལ        དུ        ཡིས          ང      ཏུ       དུ        ཀྱིས

4.བསྟན་བཅོས་རྩོམ་པའི་རྒྱུའི་ཀུན་སློང་དྲུག་ནི།        འགྱུར་རོ་སྙམ་པ་དང༌། སེམས་ཅན་རྣམས་ཁམས་དང་མོས་པ་སྣ་ཚོགས་པའི་ཕྱིར་ཁ་ཅིག་གི་དོན་དུ་འགྱུར་རོ་སྙམ་པ་དང༌།        བྱ་བའི་ཕྱིར་རོ་སྙམ་པ་དང༌།        བྱ་བའི་ཕྱིར་རོ་སྙམ་པ་དང༌། དོན་ཟབ་མོ་རྣམས་གསལ་བར་བྱ་བའི་ཕྱིར་རོ་སྙམ་པ་དང༌། ཚིག་འབྲུ་མཛེས་པས་མཛེས་པ་བསྐྱེད་པར་བྱའོ་སྙམ་པ་བཅས་སོ། །(    )

  ཀ  གང་ལ་རྨོངས་པ་བསལ་བར། དོན་བདེ་བླག་ཏུ་ཤེས་པར། རངགཞན་གྱི་དགེ་རྩ་བསྐྱེད་པར།

  ཁ  ཆོས་ཀྱི་དོན་ཀུན་ཏུ་རྒྱས་པར། དོན་རྣམ་པར་དབྱེ་བར།  དོན་འཐོར་བ་རྣམས་བསྡུ་བར།

  ག  གང་ལ་རྨོངས་པ་བསལ་བར། དོན་བདེ་བླག་ཏུ་ཤེས་པར། དོན་འཐོར་བ་རྣམས་བསྡུ་བར།

  ང  ཆོས་ཀྱི་དོན་ཀུན་ཏུ་རྒྱས་པར། དོན་བདེ་བླག་ཏུ་ཤེས་པར། རངགཞན་གྱི་དགེ་རྩ་བསྐྱེད་པར།

5.སྔོན་འཇུག་གི་ཕོ་ཡིག་བ་དེ་མིང་གཞིའི་ཡི་གེ་ཕོ      དང༌། མིང་གཞི་ཡི་གེ་མོ་ག་ང་ཇ་ཉ་ད་ན་ཛ་ཞ་ཟ་ར་ཤ་ས་བཅས་ལ་འཇུག་པ་དང༌། མ་ནིང་ག་ནི་མིང་གཞིའི་ཕོ་ཡིག་ཅ་ཏ་ཙ་དང༌། མོ་ཡིག    

བཅས་ལ་རྐྱང་བ་ཁོ་ནར་འཇུག མོ་འ་ཡིག་ནི་མིང་གཞིའི་མོ་ཡིག       དང༌། མ་ནིང་ཁ་ཆ་ཐ་ཕ་ཚ་བཅས་ལ་འཇུག་པ་ཡིན།(     )

ཀ  ཀ་ཇ་ད་ཚ།     ཉ་ད་ན་ཞ་ཟ་ཡ་ཤ་ས།       ཀ་ཁ་ཐ་ཕ་ཚ།

ཁ  ཀ་ཅ་ར་ཙ།     ཉ་ཏ་ན་བ་ཟ་ཡ་ཤ་ས།       ག་ཇ་ཐ་ཕ་ཚ།

ག  ཀ་ཅ་ཏ་ཙ།     ཉ་ད་ན་ཞ་ཟ་ཡ་ཤ་ས།       ག་ཇ་ད་བ་ཛ།

ང  ཀ་ཅ་ཏ་ཙ།     ཉ་ད་ཞ་ཟ་ཡ་ཝ་ར་ས།       ཁ་ཙ་ཐ་ཕ་ཚ།

གསུམ་པ། འདྲི་ཚིག་གི་ནང་དོན་འགྲིག་མིན་ལ་བརྡར་ཤ་བཅད་ནས། འགྲིག་པའི་གུག་རྟགས་ནང་དུ“✓”དང༌། འཆུགས་པའི་གུག་རྟགས་ནང་དུ“✕”རྒྱག་དགོས།

1.སྒྲུང་གཏམ་ནི་མི་སྣ་དང་བྱ་འགུལ། ཁོར་ཡུག་བཅས་ཀྱི་གནས་ཚུལ་ཞིབ་ཏུ་བཀོད་པ་བརྒྱུད་ནས་སྤྱི་ཚོགས་འཚོ་བ་མཚོན་པར་བྱེད་པའི་རྩོམ་ལུས་ཤིག་ཡིན།(    )

2.“ལུང་མཐིལ་རྣམས་ན་ཆུ་བོ་ཆེན་པོ་དག་ངུར་སྒྲ་སྒྲོག་ཅིང་གྱ་མ་གྱུར་འགྲོ། འཇུག་ངོས་རྣམས་སུ་འབྲས་དང༌། གྲོ་སྲན་ལ་སོགས་པའི་ལོ་ཏོག་སྣ་ཚོགས་ཀྱི་ཞིང་ཁ་དང་ས་ཁོད་ཡངས་པའི་ཕྱོགས་རྣམས་ན་ནི་ཚོང་རྡལ་དང་བཅས་པའི་གྲོང་ཆེ་ཆུང་དུ་མས་བརྒྱན།”ཞེས་པ་ནི་འགུལ་ལྡན་ལྗོངས་རྣམ་འབྲི་སྟངས་ཡིན། (    )

3.“སྔོ་ལྗང་ལོ་མའི་གོས་གྱོན་ལྗོན་ཤིང་རྩེར། ། དམར་སེར་བཞིན་རས་འཛུམ་པའི་ཤིང་འབྲས་རྣམས། ། འཇམ་མཉེན་ཡལ་འདབ་ལག་པ་རྐྱོང་བཞིན་དུ། ། ཕྱོགས་བཞིའི་མགྲོན་ལ་བསུ་བ་ཞུས་པ་འདྲ། །”ཞེས་པ་རབ་རྟོག་གི་རྒྱན་གྱི་ནང་གསེས་སེམས་ལྡན་རབ་རྟོག་གི་རྒྱན་ཡིན།(   )

4.དངོས་པོར་དབྱེ་ན་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ཡོད། ཡུལ། ཡོད་པ། ཤེས་བྱ། གཞལ་བྱ། གཞི་གྲུབ་རྣམས་དོན་གཅིག་ཡིན། (   )

5.མིང་དང་ཚིག་གཉིས་ཀྱི་ཁྱབ་མིན་གྱི་འབྲེལ་བ་ནི་མིང་ཡིན་ན་ཚིག་ཡིན་པས་མ་ཁྱབ་ལ་མ་ཡིན་པས་ཀྱང་མ་ཁྱབ། ཚིག་ཡིན་ན་མིང་ཡིན་པས་མ་ཁྱབ་ལ་མ་ཡིན་པས་ཀྱང་མ་ཁྱབ་པ་ཡིན།(   )

6.ཟློས་གར་ལ་སྒྱུ་རྩལ་གྱི་རྣམ་པ་དང་མཚོན་སྟངས་མི་འདྲ་བའི་ཆ་ནས་ནང་གསེས་སུ་གཏམ་བརྗོད་ཟློས་གར་དང་གླུ་གར། བྲོ་གར་སོགས་སུ་དབྱེ་ཡོད་ལ། 《 སུ་རུའི་མེ་ཏོག》ཅེས་པ་དང《 ཧོར་གླིང་གཡུལ་འགྱེད》ཅེས་པ་གཉིས་ནི་གཏམ་བརྗོད་ཟློས་གར་ཡིན།(   )

7.ལས་གང་ཞིག་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་དབང་དུ་བྱས་ནས། བྱེད་པ་པོའི་དངོས་པོ་དེ་ཉིད་དང༌། དེའི་བྱེད་པ་དང་བཅས་པ་ལ་ནི་དངོས་པོ་གཞན་ཞེས་བྱ་ཞིང༌། དེས་བསྒྲུབ་པར་བྱ་བའི་ཡུལ་གྱི་དངོས་པོ་བྱ་བ་དང་བཅས་པ་ལ་ནི་དངོས་པོ་བདག་ཅེས་བྱའོ། ། (   )

8.རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་སུ། བོད་ལ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་བྱུང་མེད་ཟེར་བའི་རྒྱུ་མཚན་ནི། སྐབས་དེར་དགོན་པ་དང་གྲྭ་པ་མེད་ལ། དེ་དག་ལ་དམིགས་བསལ་གྱི་དབང་ཆ་དང་ཐོབ་ཐང་སོགས་གཞི་ནས་མེད་པས། རྒྱལ་པོ་ནི་སྲིད་འཛིན་མཁན་གྱི་རྒྱལ་པོ་ཡིན་པ་ཙམ་ལས་ཆོས་བདག་མིན་པས་སོ། །(   )

9.རང་མོས་སྙན་ངག་གིས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི་ཤོ་ལོ་ཀའི་གྲངས་ལ་ངེས་པ་མེད་ལ། ཚིག་རྐང་ཕན་ཚུལ་བར་ཚེག་ཁྱིམ་གྱི་གྲངས་སྙོམས་དགོས་པའི་ངེས་པའང་མེད་པར་རྩོམ་པ་པོའི་བསམ་པའི་བརྩེ་དུང་གི་འགྱུར་བ་བཞིན་ཚིག་སྦྱོར་གང་བདེར་སྦྱར་ཆོག་པ་དེ་ཡིན། (   )

10.“སེར་བས་ལོ་ཏོག་བཅོམ”ཞེས་པའི་སེར་བ་ནི་བྱེད་པ་པོ་སྟེ་དངོས་པོ་བདག་ཡིན་པ་དང༌། ལོ་ཏོག་ནི་ལས་དང་བཅོམ་ནི་བྱ་བ་འདས་པ་ཡིན་པས་དངོས་པོ་གཞན་ཡིན། (   )

བཞི་བ། 1. སྟོང་ཆའི་ནང་དུ་འོས་འཚམ་གྱི་ཚིག་དང་ཡི་གེ་རེ་བྲིས་ནས་བརྗོད་བྱ་ཆ་ཚང་བར་བྱེད་དགོས།

①ཡངས་པའི་རྒྱལ་ཁམས་མ་མཐོང་བ། ______________________________རུས་སྦལ་རྒྱ་མཚོ་གཏམ་གྱིས་ཤི། །

②རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་དང༌། །__________________________________________

ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། །   

③སྔོན་འཇུག་ཡི་གེ་ལྔ་བོ་དེ། ། ཇི་ལྟར་འཇུག་པར་བྱེད་ཅེ་ན། །______________________________________

ཤིན་ཏུ་མོ་ནི་མཉམ་པས་སོ། །

④ཐ་དད་གང་ཞིག་གཞི་མཐུན་མི་སྲིད་པའི་ཆོས་དེ  ______________མཚན་ཉིད། རང་གི་གསལ་བ་དུ་མ་ལ་འགྲོ་བའི་ཆོས་དེ______________མཚན་ཉིད།

2. གཤམ་གྱི་ཡིག་རྙིང་ཚན་པ་གཉིས་བརྡ་གསར་དུ་ཕབ་སྟེ་གོ་སླ་བར་འབྲི་དགོས།

① བཙན་པོ་ཡབ་སྲས། རྗེ་བློན། ཀུན་གྱིས་དབུ་སྙུང་དང་བྲོ་བོར་སྟེ་གཙིགས་ཀྱི་ཡི་གེ་དང༌། རྡོ་རིང་ལ་བྲིས་པ་བཞིན་དུ་ཡང་མཛད་དོ། །

② འཕྲུལ་གྱི་ལྷ་བཙན་པོ་མྱེས་ཁྲི་སྲོང་བརྩན་གྱི་རིང་ལ་སངས་རྒྱས་ཀྱི་ཆོས་མཛད་དེ། ར་སའི་

གཙུག་ལག་ཁང་ལས་སྩོགས་པ་བརྩིགས་ཤིང༌། དཀོན་མཆོག་གསུམ་གྱི་རྟེན་བཙུགས།

3.  གཤམ་གྱི་ཚིག་བཀླགས་ཏེ། དོན་ཞིབ་བརྗོད་བྱས་པའི་གོ་རིམ་གཞིར་བཟུང་ནས་གོ་རིམ་བསྐྱར་དུ་བསྒྲིགས་ཏེ་ཚིག་སྔ་ཕྱི་མཐུད་དགོས།(ཐིག་ཤར་དུ་ཚིག་གི་གོ་རིམ་ཨང་གྲངས་བྲིས་པ་ཆོག)

① རིམ་གྱིས་མི་ཇེ་མང་ནས་ཇེ་མང་དུ་སོང་སྟེ་མགར་པ་རྡོ་རྗེ་ཚང་གི་སྒོ་ཁ་ནས་སྡེ་འདབས་བར

་གྱི་ལམ་ཁ་དང་ཞིང་ཁར་མི་ཚོགས་ཀྱིས་ཁེངས་སོང༌།

② བཀྲ་ཤིས་པའི་ཉིན་དེ་རིང་ལ།

③ བསང་གི་དུ་བ་དགུང་ལ་འཕྱུར་བ་དང། སྤོས་ཀྱི་དྲི་བསུང་གང་སར་འཐུལ་འདུག

④ མགར་པ་རྡོ་རྗེ་ཚང་གི་སྒོ་རའི་མཐའ་འཁོར་དུ་འདུས་པ་དང༌།

⑤ རིན་པོ་ཆེའི་ཞལ་གྱི་དཀྱིལ་འཁོར་མཇལ་བའི་ཆེད་དུ་མི་མང་པོ་ཕྱོགས་བཞི་མཚམས་བརྒྱད་

ནས་གཅིག་རྗེས་གཉིས་མཐུད་ཀྱིས་འོངས་ཏེ།

⑥ ནམ་མཁའ་ནི་སྔོ་ཞིང་དྭངས་ལ་ཉི་འོད་ནི་དྲོ་ཞིང་འཇམ།

ལན།

3. སློབ་མཐར་ཕྱིན་ལ་ཉེ་དུས། འཛིན་གྲྭ་རུ“མཛའ་བརྩེ”བརྗོད་གཞི་ཡིན་པའི་ཚོགས་འདུ་ཞིག་ཚོགས་རྒྱུ་རེད། ཁྱོད་ཀྱིས་སྒོ་སམ་དུ་བརྗོད་གཞི་དེ་དང་འབྲེལ་བའི་སྤྲོ་ཉམས་ཀྱིས་ཁེངས་པའི་ཚིག་རྐང་གཉིས་འབྲི་དགོས། རེ་བ་ནི་ཚིག་རྐང་གཉིས་ཀྱི་ཡིག་འབྲུ་དོ་མཉམ་པ་དང་ཚིག་གི་སྒྲིག་གཞི་གཅིག་མཚུངས་ཡིན་དགོས་ལ། ཚིག་རྐང་རེར་ཡིག་འབྲུ7ལས་ཉུང་མི་རུང༌།

ལྔ་བ། 1.གཤམ་གྱི་འཁྲབ་ཚིག་ཚན་པ་འདི་བཀླགས་ནས་མཇུག་གི་དྲི་བར་ལན་འདེབས་དགོས།

དབང་ཕྱུག   རྫོང་དཔོན་ལགས། དམག་གི་ས་ཆ་གལ་ཆེ་ས་འདིར། ཁྱོད་ཀྱིས:དར་རྒྱས།    (མི་དགའ་བའི་ཉམས་ཀྱིས)སྟོང་དཔོན་ལགས། ཁྱོད་ཀྱི་གོ་གནས་ཅི་འདྲ་ཡིན་པ་མ་བརྗེད་པར་གྱིས། རྫོང་དཔོན་ལ་སྐད་ཆ་དེ་བཤད་མི་རུང༌།

དབང་ཕྱུག     ད་ལྟ་ཅི་ཞིག་གི་ཚད་དུ་ལྷུང་ཡོད་པ་མི་ཤེས་སམ། ཐོབ་ཐང་དང་གོ་གནས་གླེང་རྒྱུ་ཅི་ཡོད། ངས་ཅི་བྱས་ཐམས་ཅད་རྒྱལ་རྩེ་སྲུང་བའི་ཆེད་དུ་ཡིན།

དར་རྒྱས།     ང་ནི་བོད་ཀྱི་མྱུལ་མ་དང་ངོ་ལོག་པ་ཡིན་ནམ། ངའི་སྲིང་མོས་ཁྱིམ་ནས་མདའ་དང་མདའ་སྨན་འབྲུ་དང་རྩྭ་ཤིང་སོགས་ངེད་ལ་བསྐྱལ་ཏེ་འོང་ཡོད།

དབང་ཕྱུག   ཕྲན་གྱིས་གནམ་ལྷས་རོགས་རམ་བྱེད་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་མོད། འོན་ཀྱང་གཡུལ་ས་ལ་གཡུ་ལ་སའི་གསང་བ་ཡོད་པས། བཀོད་འདོམས་པ་ཞིག་ཡིན་ན་ཐོག་མར་གཡུལ་སའི་སྒྲིག་ཁྲིམས་སྲུང་དགོས།

དར་རྒྱས།     ཁྱོད། ཁྱོད། ཁྱོད་ཀྱིས་ང་ངོ་ཚ་གཏོད་རྒྱུ་ཡིན་ནམ།

(1)གོང་གི་འཁྲབ་ཚིག་ཚན་པ་འདིའི་ནང་དུ(     )བརྗོད་ཡོད།

    ཀ  དརརྒྱས་དང་དབང་ཕྱུག་གཉིས་ཀྱིས་དམག་འཐབ་ཀྱི་བསམ་བློ་བརྗེ་རེས་བྱས་པ།

    ཁ  དར་རྒྱས་དང་དབང་ཕྱུག་གཉིས་ཀྱི་བར་ལ་སྒྲིག་ཁྲིམས་སྲུང་བའི་ཐད་ནས་འགལ་བ་བྱུང་བ།

   ག  དར་རྒྱས་དང་དབང་ཕྱུག་གཉིས་ཀྱིས་གཡུལ་སའི་བདེ་འཇགས་ཀྱི་གནད་དོན་ལ་གྲོས་བྱས་པ།

(2)འཁྲབ་ཚིག་ལྟར་མི་སྣའི་རང་གཤིས་ལ་དབྱེ་ཞིབ་བྱས་པ་འགྲིག་མིན་ལ་བརྡར་ཤ་གཅོད་དགོས།

① དབང་ཕྱུག་ནི་རང་གི་གོ་གནས་ལ་བརྟེན་ནས་རྫིག་རྔམ་སྟོན་པ་དང༌། གཡུལ་སའི་གསང་དོན་ལ་དོ་སྣང་མི་བྱེད་པའི་མི་རང་འགར་བ་ཞིག་ཡིན།(    )

  ② དར་རྒྱས་ནི་བློ་རྩ་བརྟན་ཞིང་ཁ་ཁོག་མེད་པ། རྒྱལ་རྩེ་སྲུང་བའི་ལས་འགན་ནན་སྒྲུབ་བྱེད་མཁན་གྱི་མི་ཞིག་ཡིན།(    )

2.གཤམ་གྱི་རྩོམ་བཀླགས་ནས་མཇུག་གི་དྲི་བར་ལན་འདེབས་དགོས།

     སྤྱི་ལེ་བརྒྱད་ཙམ་ཡོད་པའི་ཇུའི་ཐང་འགག་འཕྲང་བརྒལ་རྗེས་སྤྲིན་སྨིག་གློ་བུར་དུ་ཡུལ། འགག་འཕྲང་དེའི་སྟེང་གེ་ནམ་མཁའ་གཡུ་ལྟར་སྔོ་ལ་དབུས་སུ་མཚམས་སྤྲིན་ཚོམ་བུ་འགའ་འཕྱོ། ཉི་མའི་འོད་ཟེར་གློག་འོད་འཁྱུག་པ་ལྟར་གཡོན་ངོས་ཀྱི་བྲག་རི་གཡང་གཟར་ཅན་གྱི་ཐོག་ཏུ་འཕྲོས་ཤིང་གཡས་ངོས་ཀྱི་རི་སྟེང་དུ་ཞོ་གསར་ལྟ་བུའི་སྤྲིན་ཚོགས་འཁྲིགས་པ་ལས་དངུལ་དཀར་མེ་ལོང་གི་མདངས་འཕྲོས་ཀྱང་ཉི་མའི་འོད་ཟེར་ད་དུང་གྲུ་ཐོག་ཏུ་མ་ཕོག དེ་དུས་སུ་རྒྱང་རིང་དུ་བང་རིམ་བརྩེགས་པའི་རི་བོའི་རྩེ་མོར་འཁྲིགས་པའི་སྤྲིན་སྨུག་གི་ཁྲོད་ནས་གློ་བུར་དུ་སྨུག་པ་དམར་པོ་ཞིག་ཐོན་བྱུང་བ་ན།  རི་བོ་མཆིན་ཁའི་མདོག་ལ་སྨུག་ཚོན་དམར་པོས་ཕྲ་བཏབ་པ་ལྟར་མཛེས། དེ་ནི་འགག་འཕྲང་དོག་མོའི་ཁྲོད་ནས་རིན་ཆེན་དམར་པོའི་མདངས་འཕྲོས་པ་ལྟ་བུ་བྱུང་བས་མི་རྣམས་གཏམ་རྒྱུད་ལས་འཕྲོས་པའི་ལྷ་ཡུལ་ལ་སླེབས་པ་ལྟར་དུ་སྣང༌། སྐབས་དེར་གཙང་ཆུའི་ཐོག་ཏུའང་འཇའ་ཚོན་ཤར་བ་ལྟར་གཙང་པོའི་གཡས་གཡོན་གྱི་བྲག་རི་གཡང་གཟར་ཅན་རྣམས་ཆུ་ནང་ནས་རི་མོའི་གཟུགས་བརྙན་ཇི་བཞིན་གསལ་ཞིང༌། མཚམས་དང་མཚམས་སུ་ཆུ་རིས་ཀྱག་ཀྱོག་གིས་བཅད་པ་དེ་ནི་འོད་ཟེར་འཕྲོ་བའི་རི་ལམ་དང་ཤིན་ཏུ་འདྲ་ལ། ཉེ་རྒྱུད་ཀྱི་རི་བོ་རྣམས་ཀྱང་གཡུ་ལྟར་སྔོ། དུས་ཚོད་ནི་སྐར་མ་རེ་རེ་བཞིན་འདས་ཤིང༌། མདུན་ཕྱོགས་ཀྱི་སྨུག་པ་དམར་པོ་དེ་ཡང་ཇེ་དམར་ཇེ་དམར་དང་ཇེ་གསལ་ཇེ་གསལ་དུ་འགྲོ་བཞིན་འདུག གྲུ་གཟིངས་ཇི་ཙམ་བསྐྱོད་ན་དེ་ཙམ་གྱིས་རྒྱང་ཕྱོགས་ཀྱི་དངོས་པོ་རྣམས་ཇེ་ཉེ་དང་ཇེ་ཉེར་སོང་སྟེ་སྨུག་ཞག་དམར་པོ་དེའི་ཁྲོད་ནས་རི་བོ་གནམ་གྱི་ཀ་བ་ལྟ་བུ་ཞིག་ཀེ་རེར་འགྱིང་བ་མཐོང་ལ། སྨུག་ཞགས་དམར་པོ་དེ་ཡང་ཉི་མ་མེ་ཟླུམ་དམར་པོའི་འོད་ཟེར་འབུམ་ཕྲག་འཕྲོས་པ་ལས་བྱུང་བའང་ད་གཟོད་ཤེས།

(1)རྩོམ་ཐུང་འདིར་ཞིབ་འབྲི་བྱས་པའི་ཟུར་ཕྱོགས་ཀྱི་གོ་རིམ་ཡང་དག་པ་ནི(    )ཡིན།

      ཀ    གྱེན་ལྟ།      ཟུར་ལྟ།     རྒྱང་ལྟ།       ཐུར་ལྟ།       ཉེ་ལྟ།

    ཁ    གྱེན་ལྟ།      ཉེ་ལྟ།       རྒྱང་ལྟ།       གྱེན་ལྟ།       རྒྱང་ལྟ།

      ག    རྒྱང་ལྟ།      ཉེ་ལྟ།       ཟུར་ལྟ།       ཐུར་ལྟ།       རྒྱང་ལྟ།  

(2)རྩོམ་འདིའི་ནང་དོན་ཕྱོགས་བསྡུས་བྱས་པ་ཡང་དག་པ་ནི(    )ཡིན།

      ཀ    སྒྲ་དང་ཚོན་མདངས་བྲིས་པ་བརྒྱུད་ནས་འབྲི་ཆུའི་སྟེང་ཉི་མ་འཆར་བའི་མཛེས་སྡུག་གི་རྣམ་པ་དེ་བྲིས་ཡོད།

      ཁ    ཚོན་མདངས་ཞིབ་ཏུ་བྲིས་པ་བརྒྱུད་ནས་འབྲི་ཆུའི་སྟེང་ཉི་མ་འཆར་བའི་མཛེས་སྡུག་གི་རྣམ་པ་དེ་མཚོན་ཡོད།

      ག    སྒྲ་དང་ཚོན་མདངས་ཞིབ་འབྲི་བྱས་པ་བརྒྱུད་ནས་འབྲི་ཆུའི་མཛེས་སྡུག་གི་ཡུལ་ལྗོངས་མཚོན་ཡོད།

 (3)རྟགས་བཀོད་པའི་བྱ་ཚིག་གི་དུས་མ་འོངས་པ་སྟོན་པའི་བྱ་ཚིག་འབྲི་དགོས།

      བརྒལ              བརྩེགས                བཏབ               འཕྲོས  

དྲུག་པ།  གཤམ་གྱི་ཡི་གེ་བཀླགས་ནས་རེ་འདུན་ལྟར་རྩོམ་ཡིག་འབྲི་དགོས།

སློབ་གྲོགས་ཚེ་རིང་གིས་དོན་གྲུབ་ལ་ཁྱོད་རང་མུ་མཐུད་དུ་སློབ་གྲྭ་འགྲིམས་ནས་རིག་གནས་སྦྱངས་ན། སློབ་ཡོན་ཤིན་ཏུ་མཐོ་བས་རི་གྲོང་དུ་འཚོ་བའི་རང་གི་ཁྱིམ་ཚང་གི་དཔལ་འབྱོར་ཐད་ལ་དཀའ་ཁག་བཟོ་ངེས་ཡིན། དེ་བས་ཁྱོད་ཀྱིས་ཀྱང་ང་བཞིན་མཁར་གྲོང་དུ་གླ་བརྒྱབ་ནས་སྒོར་མོ་འགའ་བཙལ་ན། ཁྱིམ་ཚང་གི་འཚོ་བ་ཇེ་ལེགས་སུ་གཏོང་ཐུབ་ཟེར་བ་ན། དོན་གྲུབ་ཀྱིས་སློབ་ཡིན་མཐོ་བས་ཁྱིམ་ཚང་ལ་དཀའ་ཁག་བཟོ་བ་བདེན་མོད། མུ་མཐུད་དུ་སློབ་གྲྭ་འགྲིམས་ནས་རང་ཉིད་ལ་རིག་གནས་ཤེས་བྱ་ལེགས་པོ་ཞིག་འབྱོར་ཚེ། མི་འགྱངས་པར་རིག་གནས་དང་ཤེས་བྱ་དེས་རང་ལ་དཔལ་འབྱོར་གྱི་ཡོང་འབབ་ལེགས་པོ་བསྐྲུན་ནས་ཁྱིམ་ཚང་གི་གནས་བབ་ཇེ་ལེགས་སུ་གཏོང་བ་མ་ཟད། དོན་སྙིང་ལྡན་པའི་བྱ་བ་མང་པོའང་བསྒྲུབ་ཐུབ་ཟེར། རིག་གནས་ཤེས་བྱ་ཡོད་ཚེ་དོན་སྙིང་ལྡན་པའི་བྱ་བ་སྒྲུབ་ཐུབ་པར་མ་ཟད། དཔལ་འབྱོར་གྱི་ཡོང་འབབ་ཕུན་སུམ་ཚོགས་ཤིང༌། མི་ཚེའི་ལས་དབང་ལའང་ཁ་ལོ་བསྒྱུར་ངེས་ཡིན།  ཁྱོད་ཀྱི“རིག་གནས་ཤེས་བྱ་དང་དཔལ་འབྱོར”ཞེས་པ་བརྗོད་གཞི་བྱས་ཏེ། ཡིག་འབྲུ800ལས་མི་ཉུང་བའི་རྩོམ་ཡིག་ཅིག་ཕྲིས། ཁ་བྱང་རང་གིས་འགོད་པ་དང་འབྲི་ཐབས་དང་རྩོམ་ལུས(ཚིགས་བཅད་ཡིན་མི་ཆོག)གང་ལ་བསྟེན་པའང་རང་གིས་གནས་ཚུལ་ལ་བསྟུན་ཆོག བྲིས་པའི་ནང་དོན་དེ་བརྗོད་གཞི་དང་གཏན་ནས་ཁ་བྲལ་མི་རུང༌། །

     2005ལོའི་བོད་ཀྱི་སློབ་གསོ་དེབ་ལྔ་བ་ལས།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།