ཕོ་བྲང་པོ་ཏ་ལ།

            སྤྱི་ལོའི་དུས་རབས་བདུན་པར་བཞེངས་འགོ་བཙུགས་པ འི་ཕོ་བྲང་པོ་ཏ་ལ་ནི་ཀྲུང་གོའི་བོད་ལྗོངས་དང་བོད་མི་རིགས་ཀྱི་ལོ་སྟོང་ཕྲག་རིང་གི་འོད་སྟོང་འཕྲོ་ཞིང་དཔལ་ཡོན་དར་བ འི་ལོ་རྒྱུས་ཀྱི་བསྡུས་རིས་ཤིག་དང་བོད་རྒྱ་མི་རིགས་མཐུན་སྒྲིལ་ཆེན་པོ་དང་མེས་རྒྱལ་གཅིག་འགྱུར་གྱི་མཚན་རྟགས་རེད་ཅེ ས་བསྟོད་བསྔགས་བྱེད་བཞིན྄ཡོད་པ་དང་།དུས་མཚུངས་སུ་ཕོ་བྲང་དེ་ཉིད་ནི་མིའི་རིགས་ཀྱི་རིག་གནས་ཤུལ་བཞག་ཁྲོད་ཀྱི་ མིག་དབང་འཕྲོག་པའི“འོད་མདངས་འབར་བའི་ནོར་བུ”ཞིག་ཀྱང་ཡིན་པ་རེད།

布 1.jpg           དེ་ནི་རང་རྒྱལ་སྲིད་གཞུང་གིས་ཕོ་བྲང་པོ་ཏ་ལ་གཞི་ཁྱོན་ཆེན་པོས་ཉམས་གསོ་ཞུ་གནང་མཛད་པར་ལེགས་འགྲུབ་བྱུང་བས་ཕོ་བྲང་དེ་ཉིད་སྔར་ལས་བརྗིད་ཆགས་མཛེས་སྡུག་ལྡན་བཞིན་འཇིག་རྟེན་སྐྱེ་བའི་མདུན་དུ་ལྷམ་མེར་གསལ་བ་རེད།
         འཛམ་གླིང་ཐོག་ཏུ་འགྲན་ཟླ་མ་མཆིས་པའི་གནའ་བོའི་བཟོ་སྐྲུན་ཡིན་པའི་ཕོ་བྲང་པོ་ཏ་ལ་ནི་ལྷ་སར་སླེབས་པའི་མི་ཚང་མས་ཐོག་མར་མཇལ་ཁ་ཞུ་ཡུལ་གྱི་གནས་མཆོག་ཡིན་པ་རེད།ལྷ་སའི་གྲོང་ཁྱེར་ནང་ལོགས་ཀྱི་དམར་པོའི་རི་ཐོག་ཏུ་ཕོ་བྲང་རི་བབ་ལ་གཞིགས་ནས་རྩིག་ཡོད་པ་དང་ཐོག་ཁང་མང་ལ་རིམ་པ་བསྟར་ཆགས་སུ་ཡོད་ཅིང་མཐོ་སྒང་གི་ཉམས་དགའ་བའི་ཉིན་འོད་འོག་ཏུ་གསེར་གྱི་རྒྱ་ཕིབས་འོད་འབར་བ་དང་གྱང་རྩིག་དཀར་དམར་མཐོ་ལ་གཟབ་ནན་ཆེ་ཞིང་ལྷུན་ཆགས་སུ་གནས་ཡོད་པ་རེད།

布 2.jpg         པོ་ཏ་ལ་ནི་ལེགས་སྦྱར་སྐད་ཡིན་ཞིང་དོན་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་མཆོག་རི་བོ་གྲུ་འཛིན་གཉིས་པ་ཞེས་གོ་དགོས།འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་བོད་རྒྱལ་སྲོང་བཙན་སྒམ་པོའི་བཞུགས་བྲང་ཡིན་པ་དེ་སྤྱི་ལོའི་དུས་རབས་བདུན་པ་བོད་རྒྱལ་རབས་ཀྱི་དུས་སྐབས་བཞེངས་འགོ་བཙུགས་པ་དང་བོད་རྗེ་སྲོང་བཙན་སྒམ་པོ་དང་ལྷ་གཅིག་འུན་ཤིང་ཀོང་ཇོ་དང་བལ་བཟའ་ཁྲི་བཙུན་བཅས་ཀྱི་འཇིམ་སྐུ་དེང་སང་བར་དུ་ཆོས་རྒྱལ་སྒྲུབ་ཕུག་ཏུ་བཞུགས་སུ་གསོལ་ཡོད་པ་རེད།ཕྱིས་སུ་ཐོག་རྒྱབ་པ་དང་མེ་སྐྱོན་ཤོར་བ་དམག་འཁྲུག་བཅས་ཀྱི་དབང་གིས་ཆོས་རྒྱལ་སྒྲུབ་ཕུག་དང་འཕགས་པ་ལྷ་གཉིས་ཙམ་ལས་མེད་པར་གྱུར།སྤྱི་ལོ1645རྒྱལ་དབང་ལྔ་པས་བཀའ་གནང་བ་ལྟར་ཕོ་བྲང་པོ་ཏ་ལའི་ཕོ་བྲང་དཀར་པོ་བཞེངས་པ་དང་།དེ་རྗེས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་གཙོ་འགན་གནང་སྟེ་ཕོ་བྲང་དམར་པོ་དང་རྒྱལ་བ་ལྔ་པའི་མཆོད་སྡོང་བཞེངས་པར་སྔོན་རྗེས་སུ་ལོ་ལྔ་འགོར་ཞིང་དེང་སང་གི་སྤྱིའི་གཞི་ཁྱོན་མཐོ་ཚད་རྩེག་བཅུ་གསུམ་ཏེ་སྨི117དང་ཤར་ནུབ་བར་སྨི360ལྷག་གིས་རིང་བ་དང་།ལྷོ་བྱང་བར་སྨི270ཡིས་ཞིང་ཆེ་བ།ལྷ་ཁང་དང་ཚོམས་ཆེན་སྟོང་ཕྲག་ལ་ཟིན་བ་ཡོད་པ་རེད།
             ཕོ་བྲང་གི་གཙོ་བོའི་གྲུབ་ཆའི་ཚོན་མདངས་ལ་གཞིགས་ཏེ་ཕོ་བྲང་དམར་པོ་དང་ཕོ་བྲང་དཀར་པོ་གཉིས་སུ་ཕྱེས་ཡོད།ཕོ་བྲང་དམར་པོ་ནི་ཏ་ལའི་བླ་མ་མཆོག་གིས་འཚོ་བ་སྐྱེལ་གནང་ས་དང་སྲིད་དོན་གཉེར་སྐྱོང་གནང་ཡུལ་རེད།ཕོ་བྲང་ཧྲིལ་པོ་ནི་མཐོ་སྒང་གིས་རྡོ་ཤིང་གསུམ་ལས་གྲུབ་པའི་དཔེར་འོས་སུ་གྱུར་ཡོད་པ་རེད།
        ཕོ་བྲང་པོ་ཏ་ལའི་རྩིག་པ་ནི་མི་རྣམས་ཧ་ལས་དགོས་པ་ཞིག་ཡིན་པ་རེད།ཤར་གྱི་རྩིག་པ་ནི་ལྷ་སའི་ཕྱོགས་ཀྱི་རྡོ་མཁན་གྱིས་བརྩིགས་པ་ཡིན་ཞིང་རྩིག་གདོང་ནི་གྲི་སོ་ལྟར་རྣོ་ཞིང་དྲང་པོ་ཡོད་པ་དང་།ནུབ་ཀྱི་རྩིག་པ་ནི་གཙང་ཕྱོགས་ཀྱི་རྡོ་མཁན་གྱིས་བརྩིགས་ཤིང་རྩིག་པ་ཟླམ་ཞིང་ངོས་འཇམ་པོ་ཡོང་བར་དང་དོད་བྱས་ཡོད་པ་རེད།ཕོ་བྲང་ནི་བྲག་རིའི་ཐོག་ཏུ་བཞེངས་སྟབས་རྨང་རྡོ་ཞེང་ཚད་ལ་སྨིལ་ཟིན་གྱི་ཡོད་པ་དང་ཕོ་བྲང་ཡང་ཐོག་གི་རྩིག་ཞེང་ལའང་སྨིཟིན་གྱི་ཡོད་པ།རྩིག་དངོས་འགའ་ཞིག་གི་བར་འཚང་ལ་ཁྲོ་ཆུ་བླུགས་ཡོད་པ་འདི་དག་ལ་བརྟེན་ནས་ཕོ་བྲང་པོ་ཏ་ལ་ལོལྷག་རིང་གཡོ་མེད་འགྱིང་ངེ་གནས་ཐུབ་པར་འགན་ལེན་བྱས་ཡོད་པ་རེད།ཡ་མཚན་ཆེ་བ་ཞིག་ནི་ཕོ་བྲང་ཕྱི་ནང་དུ་ད་དུང་ཤིང་སྤེན་མའི་རྩིག་པ་དང་ལ་མའི་རགས་དང་ལྕི་བའི་གྱང་ཡོད་པ་དེ་རྣམས་ཀྱང་ཟོར་ཡང་བ་དང་མཛེས་ཉམས་དོད་ཆེད་བསམ་གཞིག་བྱས་པ་ཞིག་རེད།
           ཕོ་བྲང་པ་ཏ་ལར་ཁང་མིག་སྟོང་ཕྲག་ཡོད་ཅིང་ཧ་ལམ་ཁང་མིག་ཡོད་ཚད་ཀྱི་གྱང་ངོས་སུ་ལྡེབས་རིས་དང་དབྱིབས་རིས།ཐང་ག་དང་ཤིང་བརྐོས་པར་རིས་བཅས་ཀྱིས་ལེགས་པར་བརྒྱན་ཡོད་པ་དང་ཤིང་ཆ་སྟེ་ཀ་གདོང་རྣམས་ཀྱང་རྐོས་མ་ཕུལ་བྱུང་ལས་གྲུབ་ཡོད་སྟབས་པོ་ཏ་ལ་ནི་བོད་རིགས་ཀྱི་རི་མོ་དང་འཇིམ་རྐོས་སྒྱུ་རྩལ་གྱི་དངོས་མང་བཤམསས་སྟོན་ཁང་ཞིག་རེད་ཅེས་ཟེར་ཆོག་གི་རེད།ཁྱད་དུ་འཕགས་པའི་ལྡེབས་རིས་རྣམས་ནི་གཙོ་བོ་ཚོན་ཆེན་བཏང་སྟེ་ཆོས་ལུགས་ཀྱི་གཏམ་རྒྱུད་དང་བོད་རིགས་མི་མང་གི་ཕུན་སུམ་ཚོགས་པའི་འཚོ་བ་དང་ཐོན་སྐྱེད་ཀྱི་གནས་ཚུལ་དང་དེ་བཞིན་རྩེ་པོ་ཏ་ལ་བཞེངས་ཚུལ་དང་རྒྱལ་བ་ལྔ་པ་ཆེན་པོ་པེ་ཅིན་དུ་ཕེབས་ནས་གོང་མ་ཧྲུན་ཀྲི་མཇལ་འཕྲད་ཞུ་བའི་ལོ་རྒྱུས་དང་རྒྱ་བཟའ་འུན་ཤིང་ཀོང་ཇོ་བོད་དུ་ཕེབས་རབས་བཅས་གལ་ཆེ་བའི་ལོ་རྒྱུས་ཀྱི་དོན་ཆེན་བྲིས་ཡོད་པ་བཅས་ནི་“གྱང་ངོས་སུ་བྲིས་པའི་ལོ་རྒྱུས”ཡིན་ལ་རིན་བྲལ་ནོར་བུ་ཞིག་ཀྱང་ཡིན་པ་རེད།
       མཆོད་སྡོང་ནི་རྩེ་པོ་ཏ་ལའི་ནང་གཟི་འོད་ཀྱིས་མིག་དབང་འཕྲོག་ཤོས་དང་མཇལ་ཁ་ནུ་མཁན་ཆེས་མང་ཤོས་ཡིན་པ་རེད།ཕོ་བྲང་པོ་ཏ་ལའི་ནང་དུ་ཁྱོན་སྡོམ་ཏྰ་ལའི་མཆོད་སྡོང་བརྒྱད་བཞུགས་སུ་གསོལ་ཡོད་ཅིང་།མཆོད་སྡོང་ནང་རྩ་ཆེ་བའི་བོད་སྨན་སྣ་ཚོགས་ཀྱིས་སྐུ་སྡོང་སྲུང་ཉར་བྱས་ཡོད་པ་རེད།དེ་དག་གི་ནང་ནས་རྒྱལ་བ་ལྔ་པ་ཆེན་པོའི་མཆོད་སྡོང་ནི་ཆེ་ཤོས་དང་རྒྱས་སྤྲོས་ཆེ་ཤོས་ཡིན་ལ“འཛམ་གླིང་རྒྱན་ཅིག”ཅེས་ཞུ་བཞིན་ཡོད།མཆོད་སྡོང་དེའི་མཐོ་ཚད་སྨིལ་ཉེ་བ་དང་མཆོད་སྡོང་གསེར་ལྗང་རྡུང་ལས་གཡོགས་པ་ཁྱོན་གསེར་སྲང་ཁྲིལྷག་སྤྱད་ཡོད་ཐོག་ཕ་ལམ་དང་ནོར་བུ་དང་གཡང་ཊི་ལྗང་ཁུ་དང་མུ་ཏིག་སོགས་རྡོག་མ་ཁྲི་ཕྲག་གི་ཕྲ་བརྒྱབ་ཡོད་པ་རེད།
         ཕོ་བྲང་པོ་ཏ་ལ་ནི་སངས་རྒྱས་ཀྱི་དག་ཞིང་རེད་ཅེས་ཟེར་ཀྱང་ཆོག་ལ་སྐུ་འདྲ་སྣ་ཚོགས་བགྲང་གིས་མི་ལངས་པ་བཞུགས་ཡོད།བཤད་སྲོལ་ལྟ་ན་སུའེ་རྒྱལ་རབས་དང་ཐང་རྒྱལ་རབས་སྐབས་ཀྱི་ཤིང་བརྐོས་ཀྱི་ཤྭཀྱ་མུ་ནེའི་སྐུ་འདྲ་མིང་རྒྱལ་རབས་དུས་ཀྱི་གསེར་ལས་གྲུབ་པའི་སྐུ་དང་དེ་བཞིན་གསེར།དངུལ།ཟངས།གཡང་ཊི།ས།བསེ་རུའི་རྭ་བཅས་སོགས་ལས་གྲུབ་པའི་སངས་རྒྱས་བྱང་སེམས་དང་བླ་སྤྲུལ་སྐྱེས་ཆེན་གྱི་སྐུ་འདྲ་འབོར་ཆེན་བཞུགས་ཡོད་པ་རེད།
          ཕོ་བྲང་པོ་ཏ་ལར་ད་དུང་རིན་ཐང་དེ་ལས་ཆེ་བའི་རིག་གནས་བསྟན་བཅོས་ཉར་ཡོད་པ་དང་རྒྱ་གར་དུ་རྒྱུན་ཆད་ཟིན་པའི་ཏ་ལའི་ལོ་མའི་ཡི་གེ་དང་དེ་མིན་གྱི་གསེར་བྲིས་ཀྱི《བཀའ་འགྱུར》དང་རིན་པོ་ཆེ་སྣེ་བརྒྱད་ལས་བྲིས་པའི་《བསྟན་འགྱུར》བཅས་བཞུགས་སུ་གསོལ་ཡོད་པ།རྩེ་ཕོ་བྲང་དུ་ད་དུང་བོད་ལྗོངས་དང་ནང་ལོགས།བོད་མི་རིགས་དང་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོའི་བར་གྱི་འབྲེལ་བ་མཚོན་བྱེད་ལོ་རྒྱུས་ཀྱི་རིག་དངོས་ཕུན་སུམ་ཚོགས་པོ་ཡོད་པ་སྟེ་ཆིང་རྒྱལ་རབས་དང་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱིས་ཏྰ་ལའི་བླ་མར་གགནང་བའི་ཆོ་ལོ་དང་གོང་མའི་བཀའ་ཤོག།གསེར་གྱི་འཇའ་ས།གསེར་གྱི་ཐམ་ག།གོང་མས་སྩོལ་གནང་བའི་སྒོ་མགོའི་ཐེམ་ཡིག་བཅས་ཀྱང་འདུས་ཡོད་པ་རེད།
           ཕོ་བྲང་པོ་ཏ་ལ་ནི་ཕྱིའི་སྣོད་ནི་བརྗིད་ཉམས་ཆེ་ལ་མཛེས་སྡུག་ལྡན་པ་དང་ནང་བཅུད་དུལ་ལ་འཛམ་གླིང་དུ་དཀོན་པའི་རིནན་ཆེན་ནོར་བུ་གྲངས་མེད་ཀྱིས་བསྐོང་ཡོད་སྟབས་བོད་མི་རིགས་ཀྱི་རིག་གནས་ཀྱི་ཉིང་བཅུད་རེད་ལ་ཀྲུང་ཧྭ་མི་རིགས་དང་ཐ་ན་མིའི་རིགས་ཡོངས་ཀྱི་རྩ་ཆེ་བའི་རིག་གནས་ཤུལ་བཞག་ཞིག་ཀྱང་ཡིན་པ་རེད།


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།