ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་སུ་ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས་ཀྱིས་རིགས་རྒྱུད་གསར་བ་བསུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁྲུང་ཁྲུང་སྐེ་ནག་གིས་བརླན་ས་ནས་ཁ་ཟས་འཚོལ་བཞིན་པ།

དུས་ཀྱི་ལམ་པའི་འཕྲིན། ཁྲུང་ཁྲུང་སྐེ་ནག་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རི་སྐྱེས་སྲུང་སྐྱོང་སྲོག་ཆགས་ཡིན་པས་མཐོ་སྒང་དུ་ཁྱད་དུ་ཡོད་པའི་ཁྲུང་ཁྲུང་རིགས་ལ་གཏོགས། དེ་ནི་ས་བབ་སྨི2500-5000བར་གྱི་མཐོ་སྒང་དུ་འཚོ་སྡོད་བྱེད་པ་དང་། རྒྱུན་པར་ན་འདམ་དང་མཚོ་འགྲམ། གྲམ་ཁ་བཅས་བརླན་སའི་ཁོར་ཡུག་ནང་འཚོ་བཞིན་ཡོད།

ལོ་རེའི་དུས་ཚིགས་འདིར་ཁྲུང་ཁྲུང་སྐེ་ནག་ཆ་གཅིག་ལྟར་བོད་ལྗོངས་ནག་ཆུའི་ཤན་རྩ་རྫོང་དུ་གནས་སྤོར་ནས། ཕྱོགས་བཞི་ཆུ་ཡིས་བསྐོར་བའི་བརླན་སའི་སྤང་ཁུལ་དུ་ཚང་བཅོས་ནས་བསྡད། ཁྲུང་ཁྲུང་སྐེ་ནག་གི་ཚང་རེ་རེར་སྒོ་ང1ནས2གཏོང་ཞིང་སྒོ་ང་རུམ་པའི་དུས་ཚོད་ནི་ཉིན30ཡས་མས་ཡིན། སྒོ་ང་ཐོག་གི་རི་མོ་དང་མདོག་གིས་ཉམས་མྱོང་ལྡན་པའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་མི་སྣས་བྱ་ཕྲུག་ཕྱིར་འབུད་པའི་དུས་ཚོད་རྟོགས་ཐུབ།

ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱི་མུ་མཐུད་དུ་ཁྲུང་ཁྲུང་སྐེ་ནག་འཚོ་སྡོད་གནས་ཀྱི་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བས། ཁྲུང་ཁྲུང་སྐེ་ནག་གི་འཚོ་སྡོད་ཁོར་ཡུག་ལ་ནུས་ལྡན་གྱི་ལེགས་བཅོས་ཐོབ། ཤན་རྩ་རྫོང་གི་སྐར་ཚོགས་ལྟར་མང་བའི་བརླན་ས་ཡིས་ཁྲུང་ཁྲུང་སྐེ་ནག་གིས་སྒོ་ང་རུམ་པར་ནམ་ཡང་བཀུག་བཞིན་ཡོད། །


ཁྲུང་ཁྲུང་སྐེ་ནག་གིས་བརླན་ས་ནས་ཁ་ཟས་འཚོལ་བཞིན་པ།


བརླན་ས་ནས་པར་བླངས་པའི་ཁྲུང་ཁྲུང་སྐེ་ནག


ཁྲུང་ཁྲུང་སྐེ་ནག་གིས་བརླན་ས་ནས་ཁ་ཟས་འཚོལ་བཞིན་ངལ་གསོ་པ།


ཁྲུང་ཁྲུང་སྐེ་ནག་གིས་བརླན་ས་ནས་ཁ་ཟས་འཚོལ་བཞིན་ངལ་གསོ་པ།


ཁྲུང་ཁྲུང་སྐེ་ནག་དང་གཙོད་ཁྱུས་མཉམ་དུ་ཁ་ཟས་འཚོལ་པ།


ཁྲུང་ཁྲུང་སྐེ་ནག་གིས་བཏང་པའི་སྒ་ང་།


ཁྲུང་ཁྲུང་སྐེ་ནག་གིས་བརླན་ས་ནས་ཁ་ཟས་འཚོལ་བཞིན་པ།


ཁྲུང་ཁྲུང་སྐེ་ནག་དང་གཙོད་ཁྱུས་མཉམ་དུ་ཁ་ཟས་འཚོལ་པ།


ཁྲུང་ཁྲུང་སྐེ་ནག་གིས་རང་གི་སྒོ་ང་སྲུང་པ།


ཁྲུང་ཁྲུང་སྐེ་ནག་གིས་རང་གི་སྒོ་ང་སྲུང་པ།


ཁྲུང་ཁྲུང་སྐེ་ནག་གིས་བརླན་ས་ནས་སྒོ་ང་རུམ་པ།


ཁྲུང་ཁྲུང་སྐེ་ནག་གིས་བརླན་ས་ནས་སྒོ་ང་རུམ་པ།

ཁྲུང་ཁྲུང་སྐེ་ནག་གིས་བརླན་ས་ནས་སྒོ་ང་སྲུང་པ།


ཁྲུང་ཁྲུང་སྐེ་ནག་གིས་བརླན་ས་ནས་སྒོ་ང་རུམ་པ།

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།