ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ལྷུན་རྩེ་རྫོང་གིས་བོད་ལྗོངས་ལྷུན་རྩེ་རྫོང་གིས་ཡུལ་སྐོར་ཞིང་ལས་རིག་གནས་འོས་སྦྱོར་ཚོགས་འདུ་བསྡུས་པ།་ཞིང་ལས་རིག་གནས་འོས་སྦྱོར་ཚོགས་འདུ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དུས་ཀྱི་ལམ་པའི་འཕྲིན། ཟླ5བའི་ཚེས30ཉིན། “གསར་བརྗེ་ལྷུན་རྩེ·བདེ་སྐྱིད་མཐའ་མཚམས”ཞེས་པའི་བོད་ལྗོངས་ལྷོ་ཁ་ལྷུན་རྩེ་རྫོང་གི་ཡུལ་སྐོར་ཞིང་ལས་རིག་གནས་འོས་སྦྱོར་ཚོགས་འདུ་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ནས་བསྡུས།

ཐེངས་འདིའི་བྱ་འགུལ་ནི་ལྷུན་རྩེ་རྫོང་གི་ཡུལ་སྐོར་ཞིང་ལས་ཁྱབ་གདལ་མིང་རྟགས་དྲིལ་སྒྲོག་འོས་སྦྱོར་བྱ་འགུལ་ནང་གི་གཅིག་ཡིན་ལ། ལྷུན་རྩེ་དང་སྨན་གླིང་ཕྱོགས་གཉིས་ལ་འབྲེལ་འདྲིས་རྒྱུས་ལོན་དང་གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་འཕེལ་རྒྱས་སྟེགས་བུ་བསྐྲུན་པ་མ་ཟད། སྔར་ལས་ལྷག་པའི་ངང་ས་ཆ་གཉིས་མཉམ་འབྲེལ་བྱེད་པ་དང་ལྷུན་རྩེ་ཡུལ་སྐོར་ཞིང་ལས་རིག་གནས་ཀྱི་རྣམ་པ་གསར་བ་འཛུགས་སྐྲུན་བྱེད་པར་རམ་འདེགས་བྱས།


ཡུལ་སྐོར་འོས་སྦྱོར་གྱི་ཡུལ་དངོས་རྣམ་པ།


ཡུལ་སྐོར་འོས་སྦྱོར་གྱི་ཡུལ་དངོས་རྣམ་པ།

ཡུལ་དངོས་སུ། ལྷུན་རྩེ་རྫོང་གིས་གཙོ་བོ་ཡུལ་སྐོར་ཐོན་ཁུངས་དང་ཡུལ་སྐོར་ལམ་ཐིག ཁྱད་ལྡན་མངར་ཟས་དང་ཡུལ་སྐོར་ཐབས་ལམ་དྲིལ་སྒྲོག་འོས་སྦྱོར་བྱས་པ་མ་ཟད། ཡུལ་སྐོར་མིང་རྟགས་དྲིལ་སྒྲོག་གློག་བརྙན་བརྒྱུད་དེ་གསོན་ཉམས་ལྡན་པའི་ངང་ལྷུན་རྩེའི་གཏིང་ཟབ་པའི་རིག་གནས་ཁྱད་ཆོས་དང་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས། ཕུན་སུམ་ཚོགས་པའི་དམངས་སྲོལ་གོམས་གཤིས་དང་རང་བྱུང་མཛེས་ལྗོངས་དྲིལ་སྒྲོག་བྱས། གཞན་ད་དུང་ལྷུན་རྩེ་རྫོང་གི་འགྲུལ་བ་ལྷུན་རྩེར་ཡོང་ན་དགའ་རྟགས་སྟེར་བའི་སྲིད་ཇུས་དང་ཁྱིམ་ཚང་མགྲོན་ཁང་རྩེ་གྲ། རིག་གནས་ཡུལ་སྐོར་སྤྲོ་གསེང་ཕྱོགས་བསྡུས་གསར་སྤེལ་སོགས་ཀྱི་ཡུལ་སྐོར་རྣམ་གྲངས་དང་ཡུལ་སྐོར་ལམ་ཐིག་རྩེ་གྲ་འོས་སྦྱོར་བྱས།

ལྷུན་རྩེ་རྫོང་གི་ལོ་རྒྱུས་ཡུན་རིང་ཞིང་རིག་གནས་རྨང་གཞི་ཟབ་པས། གཏིང་ཟབ་པའི་གསར་བརྗེ་སྲོལ་རྒྱུན་དང་གསར་བརྗེ་ཐོན་ཁུངས་ཡོད། དཔེར་ན། ཡུལ་སྨད་ཤང་གི“ཡུལ་ནི་ཡུལ་སྨད། རྒྱལ་ཁབ་ནི་ཀྲུང་གོ”ཞེས་པའི་རྒྱལ་གཅེས་མཐའ་སྲུང་འདུ་ཤེས་དང་གནམ་སར་འཐབ་པའི་ལི་མེ་འདུ་ཤེས། འབད་བརྩོན་ཧུར་ཐག་གི་སྟར་བུའི་འདུ་ཤེས་སོགས་ནི་ལྷུན་རྩེ་རྫོང་གི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཡིན།

རྗེས་མར། ལྷུན་རྩེ་རྫོང་གིས་ཐེངས་འདིའི་ཡུལ་སྐོར་ཞིང་ལས་རིག་གནས་འོས་སྦྱོར་ཚོགས་འདུ་གོ་སྐབས་སུ་བྱས་ནས། ཧུར་གྱིས་ལྷུན་རྩེ་ཡུལ་སྐོར་མིང་རྟགས་བཏོད་དེ་སྔར་ལས་ལྷག་པའི་ངང་ཡུལ་སྐོར་ཐོན་ཁུངས་དང་མིང་གྲགས་ཆོད་ཚད། ཡིད་དབང་འཕྲོག་ཤུགས་མཐོ་རུ་གཏོང་རྒྱུ་དང་། ཡུལ་སྐོར་ལས་གཞི་གསར་སྤེལ་དང་འཛུགས་སྐྲུན་ལ་ཤུགས་ཆེན་པོ་བརྒྱབ་ནས་ཡུལ་སྐོར་རྨང་གཞི་སྒྲིག་བཀོད་འཐུས་ཚང་དང་ཞབས་ཞུ་སྤུས་ཚད་མཐོ་རུ་བཏང་ནས་ཡུལ་སྐོར་པ་ཚོར་སྔར་ལས་ལེགས་པའི་ཡུལ་སྐོར་རོལ་མྱོང་མཁོ་འདོན་བྱ་རྒྱུ་ཡིན། །

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།